དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་དེ་སྔའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ནེང་ཧྲེང་གིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-12

    བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་དེ་སྔའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ནེང་ཧྲེང་ལ་སྒྲིག་འགལ་ཁྲིམས་འགལ་གྱི་ཚབས་ཆེན་དོགས་གཞི་ཡོད་པ་དང་། རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་ཡོད། མིག་སྔར། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་བཤེར་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

    ཝང་ནེང་ཧྲེང་གི་ལོ་རྒྱུས་མདོར་བསྡུས།

    ཝང་ནེང་ཧྲེང་། སྐྱེས་པ། རྒྱ་རིགས། 1962ལོའི་ཟླ་10པར་སྐྱེས། ཨན་ཧུའེ་ལུའུ་ཅང་བ། 1983ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1983ལོའི་ཟླ་8པར་ལས་ཀར་ཞུགས། སློབ་ཆེན་གྱི་སློབ་རྒྱུས་ལྡན།

    1983ལོའི་ཟླ་8པ་ནས་1986ལོའི་ཟླ་10པ་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་ཁྲུའི་ཁོའོ་ཡོན་བྱས།

    1986ལོའི་ཟླ་10པ་ནས་1990ལོའི་ཟླ་4པ་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་ཁྲུའི་ཀྲུའུ་རེན་ཁོའོ་ཡོན་གཞོན་པ་བྱས།

    1990ལོའི་ཟླ་4པ་ནས་1992ལོའི་ཟླ་11པའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་ཁྲུའི་ཀྲུའུ་རེན་ཁོའོ་ཡོན་བྱས།

    1992ལོའི་ཟླ་11པ་ནས་1997ལོའི་ཟླ་11པའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཁྲུའི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར།

    1997ལོའི་ཟླ་11པ་ནས་2001ལོའི་ཟླ་1བར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་གསར་འགྱུར་དཔེ་སྐྲུན་ཁྲུའི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར།

    2001ལོའི་ཟླ་1ནས་2005ལོའི་ཟླ་4པའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཁྲུའི་ཁྲུའུ་ཀྲང་གི་འགན་ཁུར།

    2005ལོའི་ཟླ་4པ་ནས་2007ལོའི་ཟླ་8པའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་གླེང་ཕྱོགས་ཆ་འཕྲིན་ཁྲུའི(སྲིད་ཇུས་ཞིབ་འཇུག་ཁང)ཁྲུའུ་ཀྲང་གི་འགན་ཁུར།

    2007ལོའི་ཟླ་8པ་ནས་2012ལོའི་ཟླ་4པའི་བར། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པའི་འགན་ཁུར།

    2012ལོའི་ཟླ་4པ་ནས་2016ལོའི་ཟླ་4པའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པའི་འགན་ཁུར།

    2016ལོའི་ཟླ་4པ་ནས་2018ལོའི་ཟླ་4པའི་བར། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་ཁུར།

    2018ལོའི་ཟླ་4པ་ནས་2021ལོའི་ཟླ་12པའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པའི་འགན་ཁུར།

    2021ལོའི་ཟླ་12པར་གནས་དབྱུང་བཏང་བ། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།