རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་བཀོད་སྒྲིག་མགྱོགས་མྱུར་དོན་འཁྱོལ་བྱེད་ཆེད། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་གཞིར་བཟུང་། ཚེས་7ཉིན་གྱི་དགོང་མོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས《〈སྲིད་གཞུང་གི་ལས་དོན་སྙན་སྒྲོན〉གྱི་ལས་འགན་ཁག་བགོས་ཇུས་གཞི》བརྡ་ཁྱབ་བཏང་བ་དང《〈སྲིད་གཞུང་གི་ལས་དོན་སྙན་སྒྲོན〉གྱི་ལས་འགན་ཁག་བགོས་འགན་འཁྲིའི་ཡི་གེ》བཞག་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཚོགས་འདུར་ཞུགས་པ་དང་འབྲེལ། གྲོང་ཁྱེར(ས་ཁུལ)ཁག་དང་སྡེ་ཚན་ཁག་གི་འགན་འཁུར་བ་དང་འགན་འཁྲིའི་ཡི་གེ་ཡང་བཞག་པ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། མིག་སྔར་ཁ་ཕྱོགས་གསལ་སྟོན་དང་། དམིགས་ཚད་གཏན་འཁེལ། ལས་འགན་ཁག་བགོས་བཅས་བྱུང་ཡོད། ང་ཚོའི་ལས་འགན་ཨང་དང་པོ་ནི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་བཅས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འགག་སྒྲོལ་དཀའ་སེལ་གྱིས་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། སྒྱུར་བཅོས་གོང་འཕེལ་གྱི་རྒྱལ་ཁ་གསར་པ་བླངས་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་ལྷག་བསམ་རྣམ་དག་བྱེད་དགོས་ཤིང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་རེ་རེ་བཞིན་ཞིབ་ཕྲའི་བྱེད་ཐབས་སུ་འགྱུར་བ་དང་། ལྷུ་ཚིགས་རེ་རེ་བཞིན་ལ་དམ་འཛིན། གནད་དོན་རེ་རེ་བཞིན་ཐག་གཅོད་བཅས་བྱས་ནས། སྤྱོད་ཚུལ་ལེགས་གཏོང་གི་གྲུབ་འབྲས་དེ་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་འགན་ལེན་དང་ལེགས་གཏོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཐད་ནས་མངོན་པར་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ལ་ལྷག་བསམ་རྣམ་དག་འཆང་ལུགས་མཚོན་པ་དང་། རྒྱལ་ཁབ་ཆེད་རང་འགན་གཙང་སྒྲུབ་དང་མི་དམངས་ལ་ཞབས་འདེགས་ཞུ་དགོས། དམིགས་ཚད་ལ་དམ་པོར་དམིགས་ཏེ་གཙོ་གནད་ལ་དམ་འཛིན་དང་ཚད་བརྒལ་དོན་གཉེར་བྱེད་དགོས་ཤིང་། བརྟན་ལྷིང་གཙོར་བཟུང་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་ཀྱིས“བརྟན་པོའི”རྨང་གཞིའི་ཐོག“འཕེལ་རྒྱས་ཇི་ལྟར་གཏོང་བའི”ལས་དོན་ཡག་པོ་བསྒྲུབས་ཏེ། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་བསལ་ནས་དམངས་འཚོའི་འདུ་འགོད་ཆེན་པོ་བཅུ་དོན་འཁྱོལ་ཡག་པོ་བྱེད་དགོས། སྣེ་ཁྲིད་དཔེ་སྟོན་གྱིས་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་ཕན་འབྲས་དངོས་དོན་གཉེར་བྱེད་དགོས་ཤིང་། “གཙོ་འགན་འཁུར་མཁན”གྱིས་བཀོད་འདོམས་པ་བྱེད་དགོས་ལ་འཐབ་འཛིང་པ་དེ་བས་ཀྱང་བྱེད་དགོས། རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་སྤྱི་ཡོངས་རང་བཞིན་གྱི་གཙོ་གནད་རྣམ་གྲངས་དང་། གཙོ་གནད་ཐོན་ལས། གནད་དོན་གལ་ཆེན་བཅས་ལ་འགན་ཁུར་ཏེ། “འགན་ལེན”ལས་དོན་གྱི་ལམ་སྲོལ་དོན་འཁྱོལ་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཡག་ཐོག་ཡག་བརྩེགས་ཀྱིས་འགན་འཁྲི་འཁུར་བ་དང་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། བརྒྱུད་རིམ་ཧྲིལ་པོ་དང་། ལས་ཕྱོད་ཆེ་བ། ཞིབ་དཔྱད་ཆོག་པ་བཅས་ཀྱི་ལྟ་ཞིབ་དང་འགན་འཁྲི་བདའ་འདེད་ལམ་སྲོལ་བཙུགས་ནས། ལྟ་ཞིབ་དང་ལྟ་སྐུལ་བྱེད་སྟངས་གསར་གཏོད་བྱས་ཏེ། ལས་དོན་མཐའ་དག་ཞིབ་ཕྲ་ཅན་དང་། ཞིབ་ཕྲའི་ལས་དོན་རྣམ་གྲངས་ཅན། རྣམ་གྲངས་དོ་དམ་འགན་འཁྲི་ཅན། འགན་འཁྲི་དོན་འཁྱོལ་ཕན་ཆེ་ཅན་བཅས་ཡོང་བ་བྱེད་དགོས། རྒྱུན་བསྲིང་ལྷོད་མེད་ཀྱིས་སྒྲིག་ལམ་ནན་སྲུང་དང་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་དགོས་ཤིང་། སྤྱོད་ཚུལ་འཛུགས་སྐྱོང་གི་འགག་རྩ་ནི་རྒྱུན་གཏན་ནས་དམ་འཛིན་དང་། ཞིབ་ཕྲར་དམ་འཛིན། ཕུགས་ལ་དམ་འཛིན་བཅས་བྱ་རྒྱུར་ཐུག་ཡོད་པས། ཐོག་མཐའ་བར་གསུམ་དུ་བླང་བྱ་ནན་པོ་དང་ཚད་གཞི་ནན་པོ་ཁྱབ་པར་བྱེད་པ་དང་། ནན་ཏན་གྱི་སྙིང་སྟོབས་དང་གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྒྲིག་ལམ་བཟང་པོ་འཛུགས་པ་དང་སྲོལ་ཡིག་ཡག་པོ་བཟོ་བ་བཅས་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།