ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལྗོངས་ཡོངས་ཀྱི་ལས་དོན་བཀོད་གཏོང་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་བརྡ་ཁྱབ་དང་གཙོ་གནད་ལྷུ་ཚིགས་ཁྱབ་ཁོངས་དང་གྲོང་ཁྱེར་དང་ས་ཁུལ་7གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་ནས་2022ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བསྐྱར་དུ་ནན་བཤད་དང་། བཀོད་སྒྲིག སྐུལ་སྤེལ་བཅས་གནང་བ་རེད།
ཁྲེན་ཡུང་ཆིས་དམིགས་བསལ་གྱི་དུས་མཚམས་ལ་དམིགས་དགོས་ཤིང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། རང་ལྗོངས་ཀྱི་ལས་སླ་པོར་བྱུང་བ་ཞིག་མིན་པའི་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཡག་པོ་སྲུང་དགོས། གཙོ་གནད་འགག་སྒོ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་རིམས་ནད་ཕྱི་ནས་མ་འགོ་བ་བྱེད་པའི་ཐད་ཤུགས་སྣོན་རྒྱག་པ་དང་། ཕྱི་ཕྱོགས་ལ་སྐྱོད་སའི་བགྲོད་ལམ་དང་འགག་སྒོའི་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་དོན་འཁྱོལ་བྱེད་པ། “ཁག་གཅིག་རེ་གསུམ”དང་། “འགག་སྒོ་གཅིག་དང་། ལས་དོན་ཆེད་དོན་ཚན་ཁག་གཅིག ལས་ཀའི་ཇུས་གཞི་ཆ་ཚང་གཅིག འགོ་ཁྲིད་གཅིག་གིས་འགན་འཁུར་བ”བཅས་ཀྱི་ལམ་སྲོལ་ལག་བསྟར་ནན་པོ་བྱེད་པ། གཞུང་ལམ་གྱི་འགག་སྒོ་དང་། གནམ་ཐང་། མེ་འཁོར་བབས་ཚུགས་བཅས་ཀྱི“ཞིབ་བཤེར་གསུམ”དང་། “འདྲི་རྩད་གཉིས” “བརྟག་དཔྱད་གཅིག”བཅས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ་བོད་དུ་ཡོང་སའི་འགག་སྒོ་མཐའ་གཅིག་ཏུ་ཡག་པོ་སྲུང་དགོས་པའི་ནན་བཤད་གནང་བ་རེད།