(2021ལོའི་ཟླ་12ཚེས་31ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་གྲོས་འཆམ་བྱུང་བ)
བློ་མཐུན་ཉི་མ་ཚེ་རིང་དང་། མཱ་ཡུས་ཁུའེ། པེ་ཤིས་བཅས་རྒན་ཡོལ་ཞུས་པར་ཆོག་མཆན་སྤྲད་ཟིན་པ་དང་། བློ་མཐུན་ཕུན་ཚོགས་ལས་སྒྱུར་བྱས་པའི་རྐྱེན་གྱིས། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག བློ་མཐུན་ཉི་མ་ཚེ་རིང་གིས་རང་སྐྱོང་ལྗོངས་སྲིད་གྲོས་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་མི་འཁུར་རྒྱུ་དང་། བློ་མཐུན་མཱ་ཡུས་ཁུའེ་ཡིས་རང་སྐྱོང་ལྗོངས་སྲིད་གྲོས་ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་མི་འཁུར་རྒྱུ། བློ་མཐུན་པེ་ཤིས་རང་སྐྱོང་ལྗོངས་སྲིད་གྲོས་དཔལ་འབྱོར་དང་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་མི་འཁུར་རྒྱུ། བློ་མཐུན་ཕུན་ཚོགས་ཀྱིས་རང་སྐྱོང་ལྗོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་འགན་མི་འཁུར་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་རེད།