དབུ་ཤོག>སྲིད་དོན།
  • བསྟན་ཁོ་སོགས་བློ་མཐུན་གྱིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནས་དགོངས་པ་ཞུ་བའི་རེ་འདུན་དང་ལེན་བྱེད་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-03

    (2021ལོའི་ཟླ་12ཚེས་31ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་གྲོས་འཆམ་བྱུང་བ)

    བློ་མཐུན་བསྟན་ཁོ་དང་། ཕུན་ཚོགས། ཨ་ནུ་ཚེ་རིང་། ཀྲོང་ཅིན་སུང་། ཀུའོ་ཀྲེན་ཧའེ་བཅས་ལས་སྒྱུར་བྱས་པ་དང་། བློ་མཐུན་ཀའོ་དབྱང་དང་། བློ་བཟང་འགྱུར་མེད། ཉི་མ་ཚེ་རིང་། མཱ་ཡུས་ཁུའེ། པེ་ཤིས། ཡོན་ཞུན་ཝང་། བསྟན་འཛིན་བཅས་རྒན་ཡོལ་ཞུས་པར་ཆོག་མཆན་སྤྲད་པ། བློ་མཐུན་ཚེ་དབང་དངོས་གྲུབ་དང་ཀྲོའུ་ཅུན་གཟུགས་གཞིའི་དབང་གིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནས་དགོངས་པ་ཞུ་བའི་རེ་འདུན་ཞུས་པ་རེད། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག》གི་དོན་ཚན་ཉེར་བརྒྱད་པའི་གཏན་འབེབས་གཞིར་བཟུང་། བསྟན་ཁོ་དང་། ཀའོ་དབྱང་། བློ་བཟང་འགྱུར་མེད། ཉི་མ་ཚེ་རིང་། མཱ་ཡུས་ཁུའེ། པེ་ཤིས། ཡོན་ཞུན་ཝང་། ཀྲོང་ཅིན་སུང་། ཀུའོ་ཀྲེན་ཧའེ། ཕུན་ཚོགས། ཨ་ནུ་ཚེ་རིང་། བསྟན་འཛིན། ཚེ་དབང་དངོས་གྲུབ། ཀྲོའུ་ཅུན་བཅས་ཨུ་ཡོན་ནས་དགོངས་པ་ཞུ་བའི་རེ་འདུན་དང་ལེན་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།