དབུ་ཤོག>སྲིད་དོན།
  • ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་འགན་འཁྲི་གཙང་སྒྲུབ་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2021-12-28

    4d7b8dcd-cfc0-4b2f-9d2e-96665e3b6847.jpg.jpg

    ཟླ་12ཚེས་24ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་སུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་བྱེད་ལས་བཟོ་དང་སྤེལ་རེས་ཟབ་མོ་གནང་བ་མ་ཟད། ཚང་མའི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཟབ་མོ་གནང་བ།

    ཚེས་24ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཕྲག་ཏུ་འཁུར་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། དར་ཆ་གསལ་སྟོན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ཟམ་མི་ཆད་པར་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་དང་། སྒྲིག་ཁྲིམས་ཀྱི་འགན་ལེན། སྤྱོད་ཚུལ་གྱི་འགན་ལེན་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་དང་། སྒྲིག་བཤེར་ལྟ་ཞིབ་ཁང་དང་པོ། གཞུང་ལས་ཐོག་བརྩེགས་ཁང་གི་ཚོམས་ཆེན་བཅས་སུ། ཝང་ཅུན་ཀྲེང་གིས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་བྱེད་ལས་བཟོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་འབྲེལ་ཚང་མའི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཆབ་སྲིད་ཀྱི་ལྟ་སྐུལ་དང་སྤྱོད་ཚུལ་ལེགས་བཅོས་ལྟ་སྐུལ་དོན་འཁྱོལ་ལ་དམ་འཛིན། ལྟ་སྐུལ་དང་ཞིབ་བཤེར་བརྟག་དཔྱད། སྤྱོད་གཙང་སྒྲིག་ནན་ངང་རུལ་སུངས་ལ་ངོ་རྒོལ། སྒྲིག་སྲོལ་སྒྱུར་བཅོས། རང་ངོས་འཛུགས་སྐྱོང་སོགས་ཀྱི་ལས་ཀའི་གནས་ཚུལ་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་སྒྲིག་ཁྲིམས་ལག་བསྟར་དང་གྱོད་གཞི་སྒྲུབ་གཉེར་གྱི་གྲུབ་འབྲས་སྤྱོད་པར་ཤུགས་སྣོན་རྒྱག་པ་དང་། ཉེན་བརྡ་གཏོང་བའི་སློབ་གསོའི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ། ལྡོག་ཕྱོགས་ཀྱི་དཔེ་མཚོན་དང་ཉེ་འགྲམ་གྱི་དཔེ་མཚོན་དྲངས་ནས་ཉེ་འགྲམ་གྱི་མི་ལ་སློབ་གསོ་དང་ཉེན་བརྡ་གཏོང་བ། ཏང་ཡོན་ལས་བྱེད་པའི་སྒྲིག་བཀུར་ཁྲིམས་སྲུང་གི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རུལ་འགོག་འགྱུར་ཟོན་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ཀྱི་འཐབ་ཕྱོགས་སུ་འབད་འཐབ་བྱེད་མཁན་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཤིང་། ཁོང་གིས་རིམ་ཁག་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལ་གཞིགས་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་པ། རང་འགན་གཙང་སྒྲུབ་དང་། རང་འགན་ནན་སྒྲུབ། ལས་འགན་ཆུད་ཟོས་སུ་མི་གཏོང་བ། ཚར་དུས་མེད་པའི་སྙིང་རུས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ཟམ་མི་ཆད་པར་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བ། ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པ་བཅས་བྱས་ནས། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་མཐའ་འཁྱོངས་སྤྲོས་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གང་དུ་བཀོད་སྒྲིག་བྱས་ན་དེ་གར་ལྟ་སྐུལ་ཞིབ་བཤེར་ཐུབ་པར་བྱས་ནས། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་མཐའ་གཅིག་ཏུ་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས།

    ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྤྱོད་གཙང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཟང་པོ་མུ་མཐུད་གཏོད་དགོས། མི་དམངས་ཀྱི་རེ་འབོད་ཧུར་ཐག་བསྒྲུབས་ཏེ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་གྱོད་གཞི་གལ་ཆེན་ལ་དར་ཆ་གསལ་སྟོན་གྱིས་ཞིབ་བཤེར་ཐག་གཅོད་དང་། མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི“རུལ་སུངས་ཆུང་ཙག”ལ་ཞིབ་བཤེར་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱི་བསམ་འཆར་མང་བའི་གནད་དོན་ཡིན་ཕྱིན་ཚང་མར་ལྟ་སྟངས་ནན་པོ་འཛིན་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱེད་སྤྱོད་ཡིན་ཕྱིན། ཚང་མར་མཐའ་གཅིག་ཏུ་ཡོ་བསྲང་། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱས་ཏེ། ཕན་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་འཐོབ་པར་བྱེད་དགོས།

    ཉེན་བརྡ་ཡུན་རིང་བཏང་སྟེ་བློ་བརྟན་འགྱུར་མེད་ངང“འགན་འཁྲི་གཉིས”ནན་དུ་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་མི་བྱེད་པ་ནི་འགན་འཛོལ་ཞིག་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་འགན་འཁྲི་འཁུར་སེམས་ཆེན་པོས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་། འགན་འཁྲི་བདའ་འདེད་དང་འགན་འཁྲི་འདྲི་རྩད་ལ་ཤུགས་སྣོན། ལྟ་ཞིབ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དོན་ཆུང་ནས་དམ་འཛིན་དང་ལས་དོན་ཞིབ་ཕྲར་བཅོས་སྒྲིག་བྱེད་པ་ནས་འགོ་བཙུགས་ཏེ་བྱ་བ་རེ་རེ་བཞིན་ལ་བཅོས་སྒྲིག་དང་དོན་འཁྱོལ་ཡོང་བར་དམ་འཛིན་ཡག་པོ་བྱེད་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་མངོན་པ་དང་། རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན། འགན་འཁྲི་དང་སྤྱོད་གཙང་གསལ་ཞུ་དང་སྐོང་འདྲི་དྲན་སྐུལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། རིམ་ཁག་ཏང་ཨུད་དང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“འགན་འཁྲི་གཉིས”དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་བཙུགས་ནས་སྒྲིག་ཁྲིམས་ཀྱི་དབང་གྲགས་དང་། བཅའ་ཁྲིམས་ཀྱི་དབང་གྲགས། ལམ་ལུགས་ཀྱི་དབང་གྲགས་བཅས་ལས་འགལ་མི་རུང་བའི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་། ཉེས་གསོག་རྒྱ་ཡན་དུ་མི་གཏོང་བའི་རྩ་དོན་བརྟན་པོར་སྲུང་བ། སྒྲིག་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་ནན་པོ་བཅས་བྱས་ཏེ། བཅའ་ཁྲིམས་ཀྱི་ལ་རྒྱ་དང་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།

    སྙིང་རུས་གཏན་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “སྤྱོད་ཚུལ་ལ་ཞིབ་བཤེར་དང་། འགན་འཁྲིར་ཞིབ་བཤེར། སྐྱོན་ཆར་ཞིབ་བཤེར། དོན་འཁྱོལ་ལ་ཞིབ་བཤེར”བཅས་བྱེད་པའི་སློབ་གསོ་གཏིང་ཟབ་སྤེལ་བ། རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ལ་ཡོ་བསྲང་བཅས་བྱས་ཏེ། ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་གཏོད་དགོས། རྒྱུན་སྲིང་ལྷོད་མེད་ངང་ལམ་ལུགས་དང་སྒྲིག་ལམ་གྱི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་སྟེ། ལྟ་སྐུལ་དང་འཆུན་འདོམས་ཀྱི་ཁོར་ཡུག་ཁྲོད་ཏང་ཡོན་དང་ལས་བྱེད་པ་ལས་ཀ་དང་འཚོ་བ་སྐྱེལ་ཐུབ་པར་བྱས་ནས་གུས་སྐྲག་ཤེས་པ་དང་། དོགས་ཟོན་ཐུབ་པ། མཐའ་ཚད་སྲུང་བ། བྱས་རྗེས་འཇོག་མཁས་པ་བཅས་བྱེད་དགོས། ལྕག་འདེབས་ཀྱི་ལམ་སྲོལ་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་ལམ་སྲོལ་དོན་འཁྱོལ་དང་དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ། སྐུལ་ལྕག་དང་འཆུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས། འགན་འཛོལ་ཤོར་མཁན་ལ་ཐག་གཅོད་ནན་པོ། འཚོལ་ཞིབ་བྱེད་ཕོད་མཁན་ལ་རྒྱབ་སྐྱོར་བཅས་བྱས་ཏེ། ལས་བྱེད་པའི་དཔུང་ཁག་གི་སྙིང་སྟོབས་འཕེལ་བ་དང་ལས་བྱེད་པ་ཚོས་དུས་རབས་གསར་པར་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་པར་སྐུལ་ལྕག་བྱེད་དགོས།

    ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་ན། བློ་བརྟན་འགྱུར་མེད་ངང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཉམས་མྱོང་ལ་ཕྱོགས་སྡོམ་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ། སྤྱོད་གོ་ཆོད་པའི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་ཚད་ལྡན་ཅན་དང་། ལམ་ལུགས་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་བྱས་ཏེ། སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་ལ་མཛུབ་ཁྲིད་ཡག་པོ་བྱེད་དགོས། དུས་སྐབས་གསར་པའི་ལས་བྱེད་པའི་ཚད་གཞི་བཟང་པོ་མཐའ་འཁྱོངས་དང་། རང་གིས་རང་ལ་ལྟ་སྐུལ་དང་རང་གིས་རང་ལ་འཆུན་འདོམས་བྱེད་པར་ཤུགས་སྣོན་རྒྱག་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། བཅོས་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་བ། གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་ཡིན་མིན་གླེང་བ་དང་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་བྱེད་པ། སྣེ་ཁྲིད་དེ་མཐུན་སྒྲིལ་དང་། ཛ་དྲག གཟབ་ནན། གསོན་ཤུགས་བཅས་ལྡན་པའི་ཁོར་ཡུག་བཟང་པོ་བཏོད་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་བྱང་ཚད་མཐོ་བའི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། རྩ་དོན་མཐའ་འཁྱོངས་ཀྱིས་ཆབ་སྲིད་ལ་སྣང་ཆེན་དང་། སྒྲིག་ལམ་མཐའ་འཁྱོངས་ཀྱིས་གོ་རིམ་ལ་སྣང་ཆེན། ལམ་ལུགས་མཐའ་འཁྱོངས་ཀྱིས་སྒྲིག་ཁྲིམས་ལ་སྣང་ཆེན། མཐུན་སྒྲིལ་མཐའ་འཁྱོངས་ཀྱིས་སྤྱི་ཡོངས་ལ་སྣང་ཆེན། དངོས་སྒྲུབ་མཐའ་འཁྱོངས་ཀྱིས་འགན་འཁྲི་འཁུར་བ། རང་འགན་གཙང་སྒྲུབ་མཐའ་འཁྱོངས་ཀྱིས་ལས་ཕྱོད་ལ་སྣང་ཆེན་བཅས་བྱས་ནས། ཁྲིམས་སྐྱོང་གི་འདུ་ཤེས་དང་། གོ་རིམ་གྱི་འདུ་ཤེས། དཔང་རྟགས་ཀྱི་འདུ་ཤེས་བཅས་བརྟན་པོར་བཙུགས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་འཐབ་འཛིང་བ་ཞིག་བྱེད་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་གིས་ལས་དོན་སྙན་སེང་ཞུས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཟླ་བ་ཚེ་རིང་ཞུགས་ཡོད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།