དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་གཞུང་དོན་ཐིང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-27

    e336624e-a2b2-43e0-89c1-168bac4f697e.jpg.jpg

    ཚེས་24ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ལས་བྱེད་ལས་བཟོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་ཚང་མར་འཚམས་འདྲི་ཞུ་བཞིན་པ།

    ཚེས་24ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། གཞུང་དོན་ཐིང་གི་ལས་དོན་གྱི“མཐའ་འཁྱོངས་ལྔའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན། ཕྱོགས་ཡོངས་ནས་རང་འགན་གཙང་སྒྲུབ། ཕྱོགས་ཁག་གི་ལས་དོན་ཏན་ཏིག་དང་ནུས་ལྡན་སྒྲུབ་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་། གསང་སྲུང་གཞུང་དོན་ཁང་། སྤྱིའི་ལས་རེས་ཁང་སོགས་སྡེ་ཚན་དུ་ཝང་ཅུན་ཀྲེང་གིས་ལས་བྱེད་ལས་བཟོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ཚང་མར་འཚམས་འདྲི་ཞུས་པ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ལས་དོན་གནས་ཚུལ་སྙན་སེང་གསན་པ་རེད།

    ཝང་ཅུན་ཀྲེང་གིས། ཉེ་བའི་ལོ་ཤས་རིང་གི་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས་གོང་མཐུད་འོག་འདྲེན་དང་། གཡས་གཡོན་འབྲེལ་གཏུག ཕྱོགས་ཁག་མཐུན་སྦྱོར་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་ཡོད་པས། ལས་འགན་ལྕི་བ་མ་ཟད་འགན་འཁྲི་གཟི་བརྗིད་ཆེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པོ་བཏོན་ཏེ་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ་དང་། ལས་ཕྱོད་ཟམ་མི་ཆད་པར་ཆེ་རུ་གཏོང་བ། མིག་དཔེ་བཟང་པོ་གཏོད་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུའི་ཐད་བླང་བྱ་ཁག་དྲུག་བཏོན་གནང་བ་རེད།

    གཅིག་ནས་མཐའ་གཅིག་ཏུ་ལྷག་བསམ་ཟོལ་མེད་བྱེད་པའི་ཆབ་སྲིད་ཀྱི་གཤིས་སྤྱོད་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”དང“སྲུང་སྐྱོང་གཉིས”སྲུང་བའི་དཔེ་བཟང་ལས་ཁུངས་ཤིག་བྱེད་དགོས། གཉིས་ནས་ཚད་མཐོའི་རང་རྟོགས་ཀྱི་སྤྱི་ཡོངས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་དཔེ་བཟང་ལས་ཁུངས་ཤིག་བྱེད་དགོས། གསུམ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་དཔེ་བཟང་ལས་ཁུངས་ཤིག་བྱེད་དགོས། བཞི་ནས་འགྱོད་པ་སྤུ་ཙམ་ཡང་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མཐའ་འཁྱོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་དཔེ་བཟང་ལས་ཁུངས་ཤིག་བྱེད་དགོས། ལྔ་ནས་སྤྱོད་གཙང་རང་འདོམས་ཀྱི་ཀུན་སྤྱོད་སྤྱོད་ལམ་མཐའ་འཁྱོངས་ཀྱིས་སྤྱོད་ལམ་བཟང་པོར་བརྟེན་ནས་རང་བཀུར་དང་གཞུང་དྲང་སྤྱོད་གཙང་གི་དཔེ་བཟང་ལས་ཁུངས་ཤིག་བྱེད་དགོས། དྲུག་ནས་ཕྱོགས་ཡོངས་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་མཐའ་འཁྱོངས་ཀྱིས་ལྗོངས་ཏང་ཨུད་ཐུགས་བློ་བདེ་བ་དང་མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་ཤིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།