དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་བར་བརྒལ་དུས་མཚམས་ཀྱི་ཆེད་དོན་ལྟ་སྐུལ་ལས་དོན་གྱི་ལོ་འཁོར་འཆར་ཅན་ཚོགས་འདུ་ཐེངས་གཉིས་པར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-23

    ཟླ་12ཚེས་20ཉིན། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ཆེད་དོན་ལྟ་སྐུལ་ལས་དོན་གྱི་ལོ་འཁོར་འཆར་ཅན་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྔ་འཛིན་ཕྱི་གཏོད་ཀྱི་བར་བརྒལ་དུས་མཚམས་དང་འགག་རྩའི་དུས་མཚམས་སུ། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྲོང་གསེབ་དར་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། “མཚམས་མི་འཇོག་པ་བཞི”ལ་དམིགས་པ་དང“ཐོན་ལས་དར་རྒྱས་དང་། སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ། ཆབ་སྲིད་ཀྱི་ལྟ་སྐུལ་མངོན་གསལ་དོད་དུ་གཏོང་བ་དང་། དུས་རྒྱུན་གྱི་ལྟ་སྐུལ་ལས་དོན་ཏན་ཏིག་སྒྲུབ་པ། འགན་ལེན་ལག་བསྟར་ལ་ལྟ་སྐུལ་དང་འཐུས་ཚང་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག ཆབ་སྲིད་ཀྱི་མཐོ་ཚད་ནས་རིམ་ཁག་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ཀྱི་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་འཁུར་རྒྱུར་ལྟ་སྐུལ་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། སྤྱི་འདོམས་ཇུས་འགོད་དང་། ལྟ་སྐུལ་སྐུལ་འདེད། ཞིབ་བཤེར་ཞིབ་དཔྱད་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། ཏང་གིས་གྲོང་གསེབ་དར་རྒྱས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཆད་པ་གཅོད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཐོན་ལས་རྣམ་གྲངས་དང་རྨང་གཞིའི་འཛུགས་སྐྲུན་གྱི་ལས་གྲྭའི་རྒྱབ་ཀྱི་འགན་འཁྲི་དང་། སྤྱོད་ཚུལ། རུལ་སུངས་བཅས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། སྒྲིག་ཁྲིམས་ནན་པོར་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།