དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-22

    ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་གཞིར་བཟུང་། ཚེས་20ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན(ཞིབ་བཤེར་ཞུ་རྒྱུའི་མ་ཡིག)》དང་། 《བོད་རང་སྐྱོང་ལྗོངས་ཀྱི་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྙན་ཞུ(ཞིབ་བཤེར་ཞུ་རྒྱུའི་མ་ཡིག)》 《བོད་རང་སྐྱོང་ལྗོངས་ཀྱི་2021ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2022ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ(ཞིབ་བཤེར་ཞུ་རྒྱུའི་མ་ཟིན)》གསན་པ་དང་འབྲེལ་ཞིབ་འཇུག་གནང་བ་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། མི་དམངས་འཐུས་མི་ཚོགས་ཆེན་ལ་ལས་དོན་སྙན་སེང་ཞུ་རྒྱུ་དེ་ནི་སྲིད་གཞུང་གི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ཞིག་རེད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཆབ་སྲིད་ཀྱི་ཚུགས་གནས་མངོན་པ་བྱེད་པ་དང་སྙན་སྒྲོན་དེ་ཀྲུང་དབྱང་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་སྲིད་ཇུས་ཡིག་ཆ་དང་ཞིབ་བསྡུར་ནན་ཏན་བྱེད་པ་དང་ལྷག་པར་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་དང་། 《གྲོས་ཆོད》དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། བོད་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་དང་ཞིབ་བསྡུར་ཡག་པོ་བྱས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་དང་འཚོག་ཉེར་ཡོད་པའི་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་ཞིབ་བསྡུར་ཡག་པོ་བྱེད་དགོས། བརྟག་ཐབས་སྨྲ་བ་མངོན་པར་བྱས་ནས་བརྟན་ལྷིང་གཙོར་བཟུང་དང་བརྟན་ཐོག་ཡར་བརྩོན་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ལ་དམིགས་ཏེ། བརྟན་ལྷིང་གི་རྨང་གཞིའི་ཐོག་སྔར་བས་འབད་འབུངས་ཆེར་སྐྱེད་དང་། མཐུན་སྦྱོར་དང་ལས་ཆོད་ཆེ་བ། ཁྲིམས་སྐྱོང་གི་བསམ་བློ། ཚན་རྩལ་གྱི་ནུས་པ། གཞི་རིམ་གྱི་རྨང་གཞི་བཅས་ལ་སྔར་བས་མཐོང་ཆེན་བྱས་ནས་ལས་ཞུགས་འགན་ལེན་དང་། དམངས་འཚོ་འགན་ལེན། ཁྲོམ་རའི་བྱེད་པོ་འགན་ལེན། དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྱེད་སྲིང་བཅས་ལ་ཤུགས་སྣོན་རྒྱག་དགོས། མི་དམངས་ཀྱི་ལངས་ཕྱོགས་མཚོན་པ་དང་མུ་མཐུད་རྒྱ་ཁྱབ་ངང་བསམ་འཆར་བསྡུ་ལེན་བྱེད་པ་དང་ལྷག་པར་དུ་མི་དམངས་འཐུས་ཚོགས་དང་། སྲིད་གྲོས། ཁེ་ལས་ལས་རིགས་མི་སྣ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་བསམ་འཆར་བསྡུ་ལེན་ཡག་པོ་བྱས་ནས་སྙན་སྒྲོན་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་གོ་རིམ་དེ་རང་རྟོགས་ངང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་ཐབས་ལམ་གལ་ཆེན་དུ་བརྩི་དགོས། ཚན་རིག་དང་མཐུན་པའི་རྣམ་འགྱུར་མཚོན་པར་བྱས་ཏེ། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱི་རྩ་དོན་ལ་གཞིགས་ནས་སང་ལོའི་ལས་ཀའི་དམིགས་ཚད་ལག་བསྟར་གྱི་བྱེད་འཐུས་རང་བཞིན་དང་། ལུགས་མཐུན་རང་བཞིན། སྔོན་དཔག་རང་བཞིན། གཅུན་འདོམས་རང་བཞིན་བཅས་ལ་སྤྱི་འདོམས་བསམ་གཞིག་བྱས་ནས་གཙོ་གནད་རྣམ་གྲངས་ལག་བསྟར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་རྣམ་གྲངས་ཀྱིས་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ་དང་ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཀྱི“ཐཱན་གཉིས”ཀྱི་དམིགས་ཚད་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་ཚད་གཞི་མཐོ་བའི་ས་ཞིང་དང་སྤུས་ལེགས་གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཐོན་ལས་ཕྱོགས་སྒྱུར་དང་། གྲུབ་ཆ་རིམ་སྤོར། གཙོ་རྒྱུ་མཉམ་འདུས། འབྲེལ་ཐག་གཏོད་པ་བཅས་ཀྱི་ལས་དོན་ཁག་བཞི་ཡག་པོ་སྒྲུབ་དགོས། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་དམངས་འཚོའི་བྱ་བ་དངོས་ཏན་ཏིག་བསྒྲུབས་ཏེ་སྤུས་ཚད་དང་གྲངས་འབོར་དུས་གཅིག་ཏུ་འཕར་བའི་ཁྲོད་དཔལ་འབྱོར་གྱི་དངོས་ཤུགས་དང་འཕེལ་རྒྱས་ཀྱི་སེམས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ཚོགས་འདུའི་ཐོག་ད་དུང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཚན་པའི་གྲོན་བསྡུའི་ཚད་གཞི་དམའ་རུ་གཏོང་རྒྱུའི་སྐོར་གྱི་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།