དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ལས་བྱེད་པའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-22

    རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ལས་བྱེད་པའི་ཚོགས་འདུ་འཚོགས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་བྱེད་པའི་གོ་གནས་བསྐོ་གཞག་གི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་སྟེ། བློ་མཐུན་ལིའུ་ཅང་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིར་བསྐོ་གཞག་བྱས་པ་རེད།

    ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། 

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ལྗོངས་ཏང་ཨུད་ཀྱི་ལས་བྱེད་པའི་གོ་གནས་བསྐོ་གཞག་གི་གཏན་འབེབས་སྒྲོག་སྦྱངས་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་བ་རེད།

    ཀྲོང་ཡན་གྱི་གསུང་བཤད་གནང་སྐབས་ད་ཐེངས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོའི་གོ་གནས་ལེགས་སྒྲིག་དང་འགྱུར་བ་བྱུང་བ་དེ་ནི་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལས་དོན་གྱི་སྤྱི་ཡོངས་ལ་བསྟུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ཞིང་། དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་ལས་བྱེད་ལས་བཟོ་ཡོངས་ལ་ཐུགས་ཁུར་ཟབ་བཞེས་གནང་ལུགས་མཚོན་ཡོད་ཅེས་གསུངས་པ་རེད།

    ལིའུ་ཅང་གིས་སླད་ཕྱིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“མིག་དཔེ་དྲུག”ཚད་ཤིང་དུ་བྱས་ནས་སྣེ་ཁྲིད་དེ་བླ་སྲོག་བཏོད་པ་དང“སྲུང་སྐྱོང་གཉིས”ཐུབ་པ་དང་། སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁྱིམ་ཚང་ཀུན་གྱི་བདེ་འཇགས་སྲུང་སྐྱོབ། སྣེ་ཁྲིད་དེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཁྲིམས་སྐྱོང་ལག་བསྟར་ནན་པོ་བྱེད་པ། སྣེ་ཁྲིད་དེ་མཐུན་སྒྲིལ་སྲུང་སྐྱོང་དང་འཐབ་ནུས་ཧྲིལ་པོ་ཆེ་རུ་གཏོང་བ། སྣེ་ཁྲིད་དེ་སྤྱོད་གཙང་རང་འདོམས་དང་ཏང་ལ་དོ་དམ་ནན་པོ་དང་ཉེན་རྟོག་པ་བཅོས་སྐྱོང་བཅས་བྱས་ནས་ཏང་ལ་ལྷག་བསམ་རྣམ་དག་དང་སེམས་ནུས་ཡོད་རྒུ་དང་རང་འགན་གཙང་སྒྲུབ་བྱས་ཏེ་ཏང་ཀྲུང་དབྱང་གི་ཡིད་ཆེས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མངགས་བཅོལ་ཟབ་མོ། ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་རེ་བ་བཅས་ཆུད་ཟོས་སུ་གཏོང་གི་མིན་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།