དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-22

    ཟླ་12ཚེས་17ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་གནང་ཞིང་། 2022ལོའི་ལྗོངས་ཡོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་འཆར་གཞིའི་སྙན་སེང་གསན་པ། འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཚོགས་འདུར་ཞུགས་ཡོད་པ་རེད།

    ཁྲེན་ཡུང་ཆིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་ཐུབ་རྒྱུར་ཞབས་འདེགས་ཞུ་བ། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་གཙོ་གནད་འཆར་འགོད་ཁག་དང་རང་འགུལ་ངང་སྦྲེལ་མཐུད། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པར་དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་པ། མ་འཇོག་ནུས་ལྡན་རྒྱ་སྐྱེད་ཧུར་ཐག་གཏོང་བ་བཅས་བྱས་ནས་ལས་རིགས་དང་ཁྱབ་ཁོངས་དབྱེ་སྟེ་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་འཆར་གཞི་དུས་ཚོད་དམ་འཛིན་གྱིས་བཟོ་བཅོས་དང་ལེགས་སུ་གཏོང་དགོས། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུ་རྐྱེན་གཙོ་བོ་རྣམ་གྲངས་དང་མཉམ་དུ་ལག་བསྟར་མཐའ་འཁྱོངས་དང་། དུས་སང་ལས་འགོ་གསར་པ་འཛུགས་པའི་རྣམ་གྲངས་ཀྱི་ཡིག་ཆ་གཙོ་བོར་ཞིབ་མཆན་མགྱོགས་མྱུར་འགོད་པ། དུས་འགོའི་ལས་དོན་གཏིང་ཟབ་དང་། ཞིབ་ཕྲ། ཏན་ཏིག་བཅས་བསྒྲུབས་ནས། རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་པ་དང་། སྔ་ཙམ་འཛུགས་སྐྲུན། སྔ་ཙམ་ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་རྣམ་གྲངས་གལ་ཆེན་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་དམངས་འཚོའི་རྣམ་གྲངས་ལ་སྤྱི་འདོམས་འཛུགས་སྐྲུན་ཡག་པོ་དང་། སྣེ་ཁྲིད་བྱེད་ནུས་ཤུགས་ཆེན་ལྡན་པའི་ཐོན་ལས་རྣམ་གྲངས་དེ་བས་མང་བ་འཆར་འགོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་འཐུས་ཚང་དང་། སྲ་བརྟན། རྒྱ་ཆེར་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་དང་། གྲོང་གསེབ་དང་མཐའ་མཚམས་ཀྱི་གཞུང་ལམ་རྣམ་གྲངས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་བཅོས་དང་འགན་ལེན་ཏན་ཏིག་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་། ཀྲུང་དབྱང་ཁེ་ལས། གཞུང་ཁོངས་ཁེ་ལས་བཅས་ཀྱི་སྙན་སེང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། ཞིང་འབྲོག་ལས། ནགས་ལས་དང་རྩྭ་ཐང་ལས་རིགས། སྐྱེ་ཁམས་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་དེ་བས་ཆེ་བ་བྱེད་དགོས། ནུས་ཤུགས་ཆེན་པོ་བཏོན་ནས་ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་བཏང་སྟེ་ཁྲོམ་རའི་གསོན་ཤུགས་མུ་མཐུད་འཕེལ་བ་དང་ཚོང་འགུགས་མ་འདྲེན་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་མ་རྩ་དེ་བས་མང་བ་རྣམ་གྲངས་འཛུགས་སྐྲུན་ལ་གཏོང་བར་འདྲེན་འགུགས། རྣམ་གྲངས་དེ་བས་མང་བ་དོན་ཐོག་ཏུ་འཁྱོལ་བར་རམ་འདེགས་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འབྲེལ་ཡོད་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།