དབུ་ཤོག>སྲིད་དོན།
  • ལའེ་ཅའོ་ཡིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཁེ་ལས་དང་ཚན་ཁག་གི་ཤེས་ལྡན་མི་སྣའི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-12-21

    ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་། བོད་ལྗོངས་ཀའོ་ཁྲི་ཚན་རྩལ་ཆ་འཕྲིན་ཐོན་ལས་ཚོགས་པ། བོད་ལྗོངས་བདུད་རྩི་བོད་སྨན་ཐོན་ལས་ཚོགས་པ། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་། ཆུ་ཐོན་དངོས་རྫས་ཚན་རིག་ཞིབ་འཇུག་སུའོ་བཅས་སུ་ཕེབས་ནས། ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་སྦྲགས། ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་ཞིབ་ཕྲར་ཞིབ་འཇུག་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་བསྟན་དོན། རྒྱལ་ཁབ་འཕེལ་རྒྱས་གཏོང་བར་ཤེས་ལྡན་མི་སྣར་རྟེན་དགོས་པ་དང་། མི་རིགས་དར་རྒྱས་གཏོང་བར་ཤེས་ལྡན་མི་སྣར་རྟེན་དགོས། མཐའ་སྐྱོང་བོད་བརྟན་ཡོང་བར་ཤེས་ལྡན་མི་སྣར་རྟེན་དགོས། དེར་བརྟེན། ས་གནས་ཁག་དང་སྡེ་ཚན་ཁག་གིས་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདུ་ཤེས་གསར་པ་དང་། འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལྟར། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། “དོན་ཆེན་བཞི”ལ་དམ་འཛིན་ཡག་པོ་དང་། “འགན་ལེན་བཞི”མངོན་འགྱུར། “འཛུགས་གཏོད་བཞི”ལ་སྐུལ་འདེད། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་ཐུབ་པ་བཅས་བྱེད་པར་དམིགས་ནས། རང་སའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་དང་རིམ་པ་མཐོ་བ་དང་འཕྲལ་མཁོ་ཆེ་བའི་ཤེས་ལྡན་མི་སྣ་དཀོན་གྲས་ནང་འདྲེན་ཧུར་ཐག་བྱེད་དགོས། སྣ་མང་ཅན་གྱི་ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་རྣམ་པ་གཏོད་པར་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་མཐའ་འཁྱོངས་བཏང་སྟེ་འཐབ་ཇུས་ཚན་རྩལ་གྱི་ཤེས་ལྡན་མི་སྣ་དང་། ཚན་རྩལ་སྣེ་ཁྲིད་ཀྱི་ཤེས་ལྡན་མི་སྣ། གསར་གཏོད་ཚོགས་པ་རྩེ་གྲ་ཁག་གཅིག་བཅས་གཏོད་དགོས། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་ལ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ“འབའ་ཞིག་བཞིའི”སྣང་ཚུལ་མེད་པར་བཟོས་ནས་མི་སྤྱོད་མཁན་ལ་དབང་ཆ་སྤྲད་དེ། ཤེས་ལྡན་མི་སྣའི་གསར་གཏོད་གསོན་ཤུགས་ཆེས་ཆེར་རྒྱས་པ་དང་བློ་གྲོས་ཀྱི་རྩལ་རབ་ཏུ་འདོན་ཐུབ་པར་བྱེད་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།