ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་གྲ་སྒྲིག་ཚོགས་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་བརྒྱུད་བསྒྲགས་སློབ་སྦྱོང་དང་གྲ་སྒྲིག་ལས་དོན་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ཐེངས་འདིའི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། གྲ་སྒྲིག་ལས་དོན་ཁག་ཏན་ཏིག་དང་ཞིབ་ཚགས་ངང་བསྒྲུབས་ཏེ་ད་ཐེངས་ཀྱི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དེ“གཏན་འཁེལ་གཉིས”བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཚོགས་འདུ་ཞིག་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་མཐུན་སྒྲིལ་ཡར་ཐོན་གྱི་ཚོགས་འདུ་ཞིག མུ་མཐུད་འབད་འཐབ་དང་འབྱུང་འགྱུར་གཏོད་པའི་ཚོགས་འདུ་ཞིག་ཏུ་འཚོག་ཐུབ་པའི་འགན་ལེན་བྱེད་དགོས། “དོན་འཁྱོལ་ལ་དམ་འཛིན་དང་། ཞིབ་ཕྲ་དམ་འཛིན། འགག་རྩ་དམ་འཛིན”བཅས་ལ་ཤུགས་སྣོན་བརྒྱབ་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས“གཟབ་ནན་དང་། ཞིབ་ཚགས། དངོས་གཉེར། ནུས་ཆེ། བདེ་འཇགས། གྲོན་ཆུང”བཅས་ཀྱི་རྩ་དོན་ལྟར་ལས་ཀའི་འགན་འཁྲི་ནན་དུ་ཏན་ཏིག་གཏོང་བ་དང་། ལས་འགན་གྱི་བླང་བྱ་ཁག་བགོས་ཞིབ་ཕྲ་བཟོ་བ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཡིག་ཆ་དང་། འཐུས་མིའི་གྲོས་གཞི། བསྡུས་འཕྲིན་མྱུར་སྤེལ། གསར་འགྱུར་དྲིལ་བསྒྲགས། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། “རང་འགན་རང་འཁུར་དང་ཤུགས་སྒྲིལ་མཉམ་ལས”ལ་ཤུགས་རྒྱག་པ་དང་། “བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་གྱི་མཐུན་སྦྱོར་གཞོགས་འདེགས་གནད་འཁེལ་ཐུབ་པའི་འགན་ལེན་བྱས་ཏེ་ལྷུ་ཚིགས་ཚང་མ་འབྲེལ་མཐུད་འཕྱུགས་མེད་ཡོང་བ་བྱས་ནས་ཚོགས་ཆེན་གྱི་ཞབས་ཞུ་འགན་ལེན་གྱི་སྤྱིའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས་པའི་ནན་བཤད་བྱས་པ་རེད།