དབུ་ཤོག>སྲིད་དོན།
  • དམ་པ་དོན་གཉེར་གྱི་སྙིང་སྟོབས་མཐའ་འཁྱོངས་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གྱིས་ཉིང་ཁྲི་གྲོང་ཁྱེར་འདི་ཉིད་བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་ཁུལ་དུ་འཛུཌ་སྐྲུན་ཧུར་ཐག་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-20

    1441771_yis_1639929600000_s.jpg

    ཟླ་12ཚེས་14ནས་ཚེས་18ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཉིང་ཁྲི་གྲོང་ཁྱེར་དུ་ཕེབས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རྫ་ཡུལ་རྫོང་བུ་སྤ་གྲོང་ཚོའི་ལྷག་གྲུབ་ཀྱི་ཁྱིམ་དུ་ཁྱིམ་ཚང་གི་སྐོར་དང་ཉེ་དུས་ཀྱི་འཚོ་བའི་གནས་ཚུལ་སྐོར་བཀའ་འདྲི་གནང་བ་མ་ཟད། གྲོས་འགོ་གསན་བཞིན་པ།

    1441773_yis_1639929600000_s.jpg

    ཟླ་12ཚེས་14ནས་ཚེས་18ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཉིང་ཁྲི་གྲོང་ཁྱེར་དུ་ཕེབས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་མེ་ཏོག་རྫོང་འབྲས་སྤུངས་ཤང་སྤ་སྟེང་གྲོང་ཚོའི་གྲོང་མི་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།

    འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་12ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ནས་ཚེས་18ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་རྫ་ཡུལ་དང་། སྤོ་བོ། མེ་ཏོག སྨན་གླིང་། བྲག་ཡིབ། ཀོང་པོ་རྒྱ་མདའ་སོགས་རྫོང་དང་ཆུས་སུ་ཕེབས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་མཛེས་སྡུག་ལྡན་པའི་འཆར་འགོད་ནི་དངོས་འཛིན་དངོས་སྒྲུབ་ལ་བརྟེན་ནས་སྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ཐོག་ནས་ལས་དོན་ཁག་དོན་འཁྱོལ་ཡོང་བར་དམ་འཛིན་ནན་པོ་བྱས་ཏེ་ཉིང་ཁྲི་འདི་ཉིད་བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་ཁུལ་དུ་འཛུགས་སྐྲུན་ཧུར་ཐག་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཚེས་14ཉིན་ཝང་ཅུན་ཀྲེང་རླངས་འཁོར་ལ་བཞུགས་ཏེ་རྫ་ཡུལ་རྫོང་དུ་ཕེབས་ནས། གནས་སྤོས་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། བུ་སྤ་གྲོང་ཚོའི་ལྷག་གྲུབ་ཀྱི་ཁྱིམ་དུ་ཕེབས་ནས་ཁྱིམ་ཚང་གི་སྐོར་དང་ཉེ་དུས་ཀྱི་འཚོ་བའི་གནས་ཚུལ་སྐོར་བཀའ་འདྲི་གནང་བ་མ་ཟད། གྲོས་འགོའང་གསན་ནས། ཚང་མར་སྲིད་གཞུང་གི་སྣེ་ཁྲིད་དང་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འཚོ་བ་དེ་བས་ཡག་པོ་སྐྱེལ་དགོས་ལ། མཐའ་མཚམས་སུ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་དེ་བས་ལེགས་པའི་སྒོ་ནས་སྐྲུན་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད། ཤག་གཉིས་གྲོང་ཚོའི་མང་ཚོགས་ཚོས་སྤྲེལ་ཁམ་བཏབ་ནས་འབབ་འཕར་བྱུང་ཡོད། ཝང་ཅུན་ཀྲེང་གིས་མང་ཚོགས་ཀྱི་ཁྱིམ་དང་འདེབས་འཛུགས་རྟེན་གཞིར་ཕེབས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། མང་ཚོགས་ཀྱི་འབབ་འཕར། འཚོ་བའི་གནས་ཚུལ་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་དེང་རབས་ཚན་རིག་ལག་རྩལ་སྤྱད་དེ་ཞིང་ལས་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་དགོས། སྲིད་གཞུང་གི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་དུད་ཚང་ཁྲི་སྟོང་མང་པོའི་ཁྲོམ་ར་ཆུང་གྲས་དང་འགྱུར་ལྡོག་ཆེ་བའི་ཁྲོམ་ར་ཆེ་མོ་ཟུང་འབྲེལ་བྱས་ཏེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་དགོས། ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་བྲིན་ཚོང་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་སྤོ་བོ་རྫོང་དུ་བརྟག་ཞིབ་གནང་སྐབས། ཁྲབ་རྨོག་གི་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོར་གཟིགས་ཞིབ་གནང་ནས། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་གསར་བརྗེའི་ལོ་རྒྱུས་ལ་དྲན་གསོ་གནང་བ་རེད། ཐོག་ཁང་དམར་པོའི་ནང་གི་གསར་བརྗེའི་དངོས་པོ་རེ་རེ་དང་ལོ་རྒྱུས་ཀྱི་པར་རིས་རེ་རེ། པར་དང་ཡི་གེའི་དཔྱད་གཞི་རེ་རེ་བཅས་ལས། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་གི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ཀྱི་འགྱུར་ལྡོག་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད། ཝང་ཅུན་ཀྲེང་གིས་འགྲེལ་བཤད་ནན་ཏན་ངང་གསན་ཞིང་། ཁོང་གིས། གསར་བརྗེའི་སྔོན་བྱོན་པ་ཚོའི་བླ་ན་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་ཕྲག་ཐོག་གི་འགན་འཁྲི་ཆེན་པོ་གསལ་པོ་ཤེས་པར་བྱེད་དགོས་ལ། འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགན་འཁྲིའི་སེམས་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་། “ལམ་གཉིས”ཀྱི་སྙིང་སྟོབས་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་ཟམ་མི་ཆད་པར་སྣོན་དགོས། གསར་བརྗེའི་རྗེས་ཤུལ་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་གསར་བརྗེའི་རིག་དངོས་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་དེ་བས་ལེགས་པའི་སྒོ་ནས་སློབ་གསོ་རྒྱག་དགོས་པའི་ནན་བཤད་གནང་བ་རེད།

    མེ་ཏོག་རྫོང་ནི་རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་མཐའ་མ་དེ་ཡིན་ཞིང་། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ཆེས་ཆེར་ལེགས་སུ་ཕྱིན་པར་བརྟེན་སྔོན་མའི“ས་མཐོའི་ཁེར་ཆགས་གླིང་ཕྲན”ད་ཆ་འཕེལ་རྒྱས་ཀྱི་མྱུར་ལམ་དུ་སླེབས་ཟིན། ཝང་ཅུན་ཀྲེང་སྔ་རྗེས་སུ་མེ་ཏོག་རྫོང་གི་དམག་སྡེ་གྲོང་ཚོ་དང་། ལྷ་གོང་ཇ་ཤིང་ར་བ། བདེ་ཞིང་ཤང་། རྫོང་ཨུད་ཏང་གི་སློབ་གྲྭ མོན་ལྷོ་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་། འབྲས་སྤུངས་ཤང་སྤ་སྟེང་གྲོང་ཚོ་བཅས་སུ་ཕེབས་ནས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་མཐའ་མཚམས་ས་ཁུལ་སྐྲུན་མགྱོགས་སུ་བཏང་ནས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་དགོས། གཞི་རིམ་གྱི་ལས་བྱེད་པ་མང་ཚོགས་ཀྱི་ཁྲོད་དུ་ཡོད་པས། ངེས་པར་དུ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཟབ་སྦྱོང་མཐིལ་རྟོགས་བྱས་ནས་ཚོགས་འདུའི་དགོངས་དོན་ལག་ལེན་ཁྲོད་ལག་བསྟར་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་དར་ལ་གཟི་བརྗིད་འཕར་མ་སྣོན་དགོས། རྫོང་ཨུད་ཏང་གི་སློབ་གྲྭའི་ནུས་པ་འདོན་སྤེལ་བྱས་ཏེ་གྲོང་ཚོ་དང་གྲོང་ཚོ་ཨུ་ལྷན་གྱི་ལས་བྱེད་པ་དང་ཞིང་འབྲོག་པའི་ཏང་ཡོན་རེས་སྐོར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞི་རིམ་ལས་བྱེད་པས་ཤེས་སླ་བའི་བྱ་ཐབས་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་བླང་བྱ་སྒྲོག་འགྲེལ་ཡག་པོ་བྱས་ཏེ། སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཆུང་གླིང་གྲོང་ཚོར་ཝང་ཅུན་ཀྲེང་གིས་གྲོང་ཚོའི་རྣམ་པར་གཟིགས་ཞིབ་གནང་བ་དང་འབྲེལ། ལྷོ་པ་རིགས་ཀྱི་གྲོང་མི་དར་རྒྱས་ཀྱི་ཁྱིམ་དུ་ཕེབས་ནས་སྡོད་ཁང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་ཁར་ནང་མི་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་མ་ཟད། ནང་མིའི་ལས་ཞུགས་གནས་ཚུལ་ཡང་བཀའ་འདྲི་གནང་བ་རེད། ཁོང་ཁྱིམ་གྱི་ཕྲུ་གུ་གསུམ་པོས་སློབ་གསོ་ཡག་པོ་དང་ལེན་བྱས་པ་དང་གྲོང་ཚོ་ཡོངས་སུ་སློབ་ཆེན་སློབ་མ་20ལྷག་ཙམ་ཡོད་པ་མཁྱེན་སྐབས། ཝང་ཅུན་ཀྲེང་གིས། སློབ་གསོས་འབྱུང་འགྱུར་དང་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པའི་གནས་ལུགས་དེ་ཁྱེད་ཚོའི་གྲོང་ཚོ་ནས་རྟོགས་ཐུབ་ཅེས་གསུངས་ཤིང་། ཝང་ཅུན་ཀྲེང་གིས། དམག་དམངས་ཉ་ཆུ་ལྟར་བརྩེ་སེམས་ཟབ། ཁྱིམ་ཚང་གཅིག་ལྟར་མཐུན་སྒྲིལ་བྱེད།“ཐུན་མོང་ལྔ་དང་སྲ་བརྟན་ལྔ”ཡི་དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཆ་སྒྲིག་མཉམ་སྐྲུན་ཟབ་ཏུ་གཏོང་བ་དང་མཐའ་བརྟན་མཐའ་དར་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་དམག་དམངས་མཐུན་སྒྲིལ་གྱིས་མཉམ་དུ་མཐའ་མཚམས་སྲུང་བ་དང་མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་བྲག་ཡིབ་ཆུས་ཡར་ཉང་འདམ་ར་དང་ཀ་ལ་གྲོང་ཚོར་ཕེབས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་རྟོག་ཞིབ་གནང་ཞིང་། ཝང་ཅུན་ཀྲེང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། འདི་ལོའི་ཟླ་བདུན་པར་བོད་དུ་རྟོག་ཞིབ་གནང་བ་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་གཟིགས་ནས་ང་ཚོས་དྲོ་སྐྱིད་ལྡབ་བརྒྱ་ཚོར་བ་མ་ཟད། སྙིང་སྟོབས་ལྡབ་བརྒྱ་འཕེལ་ཡོད། ཚང་མས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་པ་དང་། ལས་དོན་དོན་འཁྱོལ་དམ་འཛིན་ནན་པོ་བྱས་ཏེ་ས་མཐོའི་རྩྭ་རྩི་ཤིང་སྲུང་སྐྱོང་ཡག་པོ་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གསར་པ་སྐྲུན་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་ཀོང་པོ་རྒྱ་མདའ་རྫོང་དུ་ཕེབས་ནས་བྲག་ཆུ་གྲོང་རྡལ་བོད་ཕག་ཐོན་ལས་གླིང་དང་བྲག་གསུམ་མཚོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་རྟོག་ཞིབ་གནང་ཞིང། ཁོང་གིས། ཐོན་ལས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། དོན་དངོས་ལ་གཞི་ཚུགས་ནས་ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་རིམ་སྤོར་བཅས་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཁྲོད་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བ་དང་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ཆེད་དོན་སྒྲོག་འགྲེལ་གནང་བ་མ་ཟད། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། སྣེ་ཁྲིད་དེ་སློབ་སྦྱོང་དང་སྣེ་ཁྲིད་དེ་དྲིལ་བསྒྲགས་བྱེད་པ། མང་ཚོགས་ཚོས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་ལ་བརྟེན་ནས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དང་། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞི་རིམ་དང་མང་ཚོགས་ཁྲོད་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཚོས་རིགས་པའི་གཞུང་ལུགས་ཁོང་དུ་ཆུད་པ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པ་དང་། གོ་དོན་མཐིལ་རྟོགས་ངང་སློབ་སྦྱོང་། ཕྱོགས་ཡོངས་དང་ཞིབ་ཚགས་ངང་གོ་བ་ལེན་པ། དགོངས་དོན་ཁྲོད་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པ་བཅས་བྱས་ཏེ། ལོ་རྒྱུས་དངོས་གཙོ་རིང་ལུགས་དང་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ལ་བརྟེན་ནས་གནད་དོན་ལ་ཞིབ་འཇུག་དང་། གནད་དོན་ལ་དབྱེ་ཞིབ། གནད་དོན་ཐག་གཅོད་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་ནི་མར་ཁེ་སི་རིང་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་དང་། གནད་དོན་ལ་ངོས་འཛིན་ཐུབ་པ་ནི་རིག་པ་དྭངས་གསལ་ཞིག གནད་དོན་ཐག་གཅོད་བྱེད་ཕོད་པ་ནི་འགན་འཁྲི་ཞིག གནད་དོན་ཐག་གཅོད་ཐུབ་པ་ནི་འཇོན་ཐང་ཞིག་བཅས་ཡིན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལས་དོན་ཁྲོད་ལྷག་པའི་གནད་དོན་ལ་ངོས་འཛིན་གང་ལེགས་བྱས་ནས་ལས་ཀའི་ཞན་ཆ་སེལ་དགོས། ཉམས་མྱོང་ཕྱོགས་སྡོམ་དང་ཆོས་ཉིད་སྟངས་འཛིན་བྱས་ནས་སྤྱོད་གོ་ཆོད་པའི་བྱེད་ཐབས་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བ་བྱས་ཏེ་དུས་རབས་གསར་པའི་བྱ་གཞག་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གོ་སྐབས་དམ་འཛིན་གྱིས་ཉིང་ཁྲིའི་རྗེས་འཕེལ་གྱི་ལེགས་ཆ་དང་། ཁུལ་ཁོངས་ཀྱི་ལེགས་ཆ། བོད་སྐྱོར་གྱི་ལེགས་ཆ། གནམ་གཤིས་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ། སྲིད་ཇུས་ཀྱི་ལེགས་ཆ་བཅས་འདོན་སྤེལ་བྱེད་པ་དང་ལྷག་པར་དུ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་སེམས་ལ་བཅངས། བསམ་བློར་བཅིངས་འགྲོལ་དང་། གསར་འབྱེད་ཡར་བརྩོན། ཡང་འབད་བསྐྱར་འབད་བཅས་བྱས་ནས་ཉིང་ཁྲི་དེ་བས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་ཁུལ་ཧུར་ཐག་བསྐྲུན་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་འབུལ་དགོས། ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། ཉེན་བརྡ་རྒྱུན་དུ་གཏོང་བ། རྒྱུན་དུ་དོགས་ཟོན་བཅས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། ཁྲིམས་ལྟར་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཉིང་ཁྲིའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། སེམས་ནང་གི་གནས་བབ་མཐོ་ཤོས་སུ་མང་ཚོགས་འཇོག་པ། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱེད་པ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རྨང་གཞིའི་སྒྲིག་བཀོད་སྐྲུན་མགྱོགས་སུ་གཏོང་བ། ཡུལ་བབ་དང་བསྟུན་པ། ཡུལ་སྐོར་ལས་རིགས་དང་། ནུས་རྒྱུ་གཙང་མའི་ལས་རིགས། ཁྱད་ལྡན་འདེབས་གསོའི་ལས་རིགས་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་གོམ་ཞེང་ཆེན་པོ་སྤོ་དགོས། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་བློ་ལ་བརྟན་པོར་འཆང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབ་སར་བརྩི་བ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ། དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱེད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་མིག་འབྲས་ལ་གཅེས་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྐྱོང་བྱེད་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱག་བཅས་སྡེབ་གཅིག་ཏུ་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གཙང་པོ་དང་ཆུ་བོ་གལ་ཆེན་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཉིང་ཁྲིའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་སྲུང་སྐྱོང་ཡག་པོ་བྱེད་དགོས། མཐའ་བརྟན་མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། མཐའ་མཚམས་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ། མཐའ་མཚམས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་ཆེར་གཏོང་བ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བར་རོགས་རམ་བཅས་བྱས་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་སྐྲུན་དགོས། ཏང་ཡོན་ལས་བྱེད་པ་ཚོས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། རང་འགན་གཙང་སྒྲུབ། འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་འཁུར་བ། རང་ཉིད་ལ་བླང་བྱ་ནན་པོ་འདོན་པ། གཟུགས་བརྙན་བཟང་པོ་གཏོད་པ་བཅས་བྱེད་དགོས། གཞུང་དྲང་དྲང་གཞག་གི་མི་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་བཙུགས་ནས་ལས་བྱེད་པའི་ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པ་ཤེས་རྟོགས་དང་། གདམ་གསེས། གསོ་སྐྱོང་། བཀོལ་སྤྱོད་བཅས་བྱ་རྒྱུར་སྣང་ཆེན་བྱས་ཏེ་སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་ཏེ་ཤེས་ལྡན་པ་འདེམས་སྤྱོད་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད། གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་ཡིན་མིན་གླེང་བ་བཅས་བྱེད་དགོས། ལས་དོན་གྱི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་ལས་ཀ་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་མཐའ་གཅིག་ཏུ་སྐུལ་འདེད་གཏོང་དགོས།

    བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་འཐབ་ས་དང་པོའི་དཔོན་དམག་ལ་འཚམས་འདྲི་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཟླ་བ་ཚེ་རིང་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།