དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-10

     རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ《ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བཟུང་ནས་དུས་རབས་གསར་པའི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》(བསམ་འཆར་བསྡུ་ལེན་མ་ཟིན)འཆར་ཟིན་བཀོད་པའི་གནས་ཚུལ་གྱི་སྙན་སེང་གསན་པ་དང་སྦྲགས གོམ་སྟབས་རྗེས་མའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་ཡོད་པ་རེད།

    ཀྲོང་ཡན་གྱིས་གསུངས་དོན། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱིས་ང་ཚོས་དུས་རབས་གསར་པར་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བཟུང་ནས་དུས་རབས་གསར་པའི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་། འཐབ་ཇུས་དམིགས་ཚད། གཙོ་གནད་ལས་འགན། སྲིད་ཇུས་དང་བྱ་ཐབས་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱེད་དགོས་པའི”བཀོད་སྒྲིག་བླང་བྱ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། དུས་རབས་གསར་པའི་རང་ལྗོངས་ཀྱི་མི་རིགས་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རང་ལྗོངས་ཀྱི་མི་རིགས་ལས་དོན་གྱི་བྱ་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་སྔར་བས་སྲ་བརྟན་དང་ལེགས་སུ་གཏོང་བ།དུས་རབས་གསར་པའི་བོད་ཀྱི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གསར་གཏོད་ཀྱི་བསམ་ཕྱོགས་དང་། དངོས་སྒྲུབ་ཀྱི་བྱ་ཐབས། གོ་ཆོད་ཀྱི་གཞི་རྟེན། ནུས་ལྡན་གྱི་དམ་འཛིན་བྱ་གཞི་བཅས་སྔར་བས་ཞིབ་ཚགས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པར་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ཁོང་དུ་ཏན་ཏིག་ཆུད་པར་བྱས་ཏེ། བོད་ཀྱི་ལས་དོན་ཁྲོད་ཀྱི་མི་རིགས་ལས་དོན་གྱི་འཐབ་ཇུས་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་གནས་བབ་མངོན་གསལ་དོད་པོ་ཡོང་བ་དང་། “དོན་ཆེན་བཞི”ལ་དམ་འཛིན་ལྷོད་མེད་བྱ་རྒྱུ་དང་ཕན་ཚུན་འབྲེལ་མཐུད། མི་རིགས་ལས་དོན་གྱི་སྲིད་ཇུས་དོན་འཁྱོལ་དང་ཕན་ཚུན་ཟུང་འབྲེལ་བཅས་བྱས་ཏེ། ལོ་རྒྱུས་ཀྱི་ཉམས་མྱོང་མཐའ་འཁྱོངས་དང་། གནས་ཚུལ་གསར་པར་ཞིབ་འཇུག གནད་དོན་གསར་པ་ཐག་གཅོད་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དེ་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་ཁོང་དུ་ཏན་ཏིག་ཆུད་པར“ལྡན་དགོས་པ་གསུམ་པ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་འགན་འཁྲི་ཁ་གསལ་དང་། བླང་བྱ་ཁ་གསལ། མཚམས་ཚིགས་ཁ་གསལ་བཅས་བཟོས་ཏེ་ལས་འགན་ཁག་གསལ་པོ་དང་། ཚགས་ཚུད། ཞིབ་ཕྲ་བཅས་བཟོ་བ་དང་དཔྱད་བསྡུར་ཚོད་སྐོར་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ཀྲུང་དབྱང་གི་མི་རིགས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་རང་ལྗོངས་སུ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ཡོང་བའི་འགན་ལེན་བྱས་ཏེ། དུས་རབས་གསར་པར་བོད་ཀྱི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།