དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-07

    ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་གཞིར་བཟུང་། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ལྗོངས་ཀྱི་ནོར་སྲིད་འཕེལ་རྒྱས་འཆར་འགོད་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་བྱས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཕྱོགས་ནས་ནུས་ཤུགས་གཅིག་སྒྲིལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་ངེས་གནས་འཕྱུགས་མེད་ངང་འཚོལ་བ། ཚད་གཞི་མཐོ་པོ་དང་། རྒྱུན་མཐུད་ཆོག་པ། དམངས་ལ་ཕན་པ་བཅས་ལ་དམ་པོར་དམིགས་པ། ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཕྱི་ཕྱོགས་སྒོ་དབྱེའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་ལ་དམིགས་ཏེ་འབྲེལ་ཡོད་འཆར་འགོད་དང་། རྣམ་གྲངས། གཙོ་གནད་ལས་དོན་བཅས་ལ་སྐུལ་འདེད་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཆེད་བོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

    ཚོགས་འདུའི་ཐོག ཟླ་11ཚེས་18ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། མཐའ་སྟོབས་མཐའ་བརྟན་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ་ཉེན་ཁ་སྣ་ཚོགས་ལ་དུས་ཐོག་ཏུ་དོགས་ཟོན་ནུས་ལྡན་དང་སེལ་དགོས་པ་དང་། དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་ནས། དམག་མིའི་གཟི་བརྗིད་མཚན་སྙན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་དཔུང་སྡེའི་དཔོན་དམག་གི“རྗེས་རབས་པ་དང་། ནང་མི། མདུན་ལམ”བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། སྤྱི་ཚོགས་ཡོངས་སུ་དམག་མིར་བརྩི་འཇོག་དང་བརྩི་མཐོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་གོ་སྐབས་སུ་བྱས་ནས་རིགས་གཅིག་མཁས་ཅན་གྱི་བློ་འདྲི་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཇུས་འདོན་ཚོགས་པའི་མ་ལག་གསར་པ་བཙུགས་ནས་ཁྱབ་ཁོངས་གལ་ཆེན་གྱི་ཚན་རྩལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ནོར་སྲིད་འཕེལ་རྒྱས་འཆར་འགོད་ལ་ཞིབ་འཇུག་བྱས་ཏེ། ནོར་སྲིད་ནི་རྒྱལ་ཁབ་བཅོས་སྐྱོང་གི་རྨང་གཞི་དང་ཀ་རྟེན་གལ་ཆེན་ཡིན་པས་ངེས་པར་དུ་སྲིད་དོན་ལ་བརྟེན་ནས་ནོར་སྲིད་ལ་སྣེ་ཁྲིད་དང་། ནོར་སྲིད་ལ་བརྟེན་ནས་སྲིད་དོན་ལ་རམ་འདེགས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས་ཞེས་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།