ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མཐུན་སྒྲིལ་དང་འབྱོར་ཕྱུག་ཤེས་དཔལ་ཞི་མཐུན་མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད..
(2021ལོའི་ཟླ་11ཚེས་27ཉིན)
ཝང་ཅུན་ཀྲེང་།
བློ་མཐུན་རྣམ་པ།
ད་ལྟ་ངས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོཌ་ཆེན་ལ་སྙན་སྒྲོན་ཞུ་རྒྱུ་ཡིན།
ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་སྦྲེལ་མཚམས་ཀྱི་འཐབ་ཇུས་འབྲེལ་ཚིགས་དང་། བོད་ཀྱི་ལས་དོན་གྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་དུས་བབ་གསར་པ་དང་ལས་འགན་གསར་པར་འཕྲད་པའི་གལ་ཆེའི་དུས་སྐབས་སུ་སྐོང་ཚོགས་བྱས་པ་ཞིག་ཡིན་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བློ་སྟོབས་ཆེར་སྐྱེད་ཀྱིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུའི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་དུས་སྐབས་སུ་སྐོང་ཚོགས་བྱས་པའི་ཚོགས་འདུ་གལ་ཆེན་ཞིག་ཀྱང་ཡིན།
ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། གཙོ་འཛིན་གྱི་བཀའ་མངགས་ཡིད་ལ་བརྟན་པོར་བཅངས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཐོག མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པ་དེ་རེད།
གཅིག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པ་བཏོད་པ།
རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་གྱི་ལོ་ལྔ་ནི། བོད་ལྗོངས་གོང་འཕེལ་འགྲོ་བའི་ལོ་རྒྱུས་ཀྱི་ལམ་བུའི་ཁྲོད་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་མ་ཟད། བོད་ཀྱི་ལས་དོན་ཐད་གལ་ཆེའི་མཛུབ་སྟོན་དང་བཀའ་མཆན་ཐེངས་མང་གནང་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བར་བརྟེན། དུས་རབས་གསར་པའི་བོད་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྐབས་དགུ་པའི་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། “འདུ་ཤེས་བཞི” ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་པ་དང་། “སྤྱི་ཡོངས་གཉིས”བསམ་བཀོད་དང“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བཅངས་པ། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འགན་ཁུར་ཕོད་ཅིང་རང་འགུལ་ངང་ལས་རྗེས་བཞག་པ། བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་རྒྱུ་མངོན་ཆེར་བཟུང་བ། དེ་བཞིན་ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཞིག་ཐག་གཅོད་བྱས་པ་དང་། དེ་སྔ་བསྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་པ་བཅས་ལ་བརྟེན། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ། གངས་ལྗོངས་ས་མཐོར་མཛེས་སྡུག་བརྗིད་ཆགས་ལྡན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་གསར་པ་ཞིག་མངོན་ཡོད།
—— “སྲུང་སྐྱོང་གཉིས”སྔར་བས་བརྟན་དུ་སོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་རྩ་དོན་ཆེ་ཤོས་ཤིག་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ཞིག་ལ་མཐའ་གཅིག་ཏུ་བརྩིས་ནས“སྲུང་སྐྱོང་གཉིས”ཀྱི་ལམ་ལུགས་ཚགས་ཚུད་དུ་བཏང་བ་དང་དོན་འཁྱོལ་བྱས་པ་མ་ཟད། ཏང་ཀྲུང་དབྱང་གི་གལ་ཆེའི་ཐབས་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་གལ་ཆེའི་མཛུབ་སྟོན་བཀའ་མཆན་དང་ཏང་ཀྲུང་དབྱང་གི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་པར་བརྟེན། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་དང་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་ཐུབ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དུས་ཐོག་ཏུ་རྗེས་སྙེག་སློབ་སྦྱོང་དང་། གོ་དོན་མཐིལ་རྟོགས་ཀྱིས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བཅས་བྱས་ནས་ལྗོངས་ཏང་ཨུད་ལྟེ་བའི་ཚོགས་ཆུང་གི་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ཤིང་། བགྲོ་གླེང་འཛིན་གྲྭ་དང་གསོ་སྦྱོང་འཛིན་གྲྭ་རབ་དང་རིམ་པ་གཉེར་ཡོད་ལ། རིགས་འདྲ་མིན་གྱི་དྲིལ་བསྒྲགས་སྒྲོག་འགྲེལ་དང་ཞིབ་འཇུག་འཆད་འགྲེལ་བྱེད་རྒྱུ་སྒྲིག་འཛུགས་བྱས་ཏེ། སློབ་སྦྱོང་དྲིལ་བསྒྲགས་བྱེད་རྒྱུ་རིམ་བཞིན་གཏིང་ཟབ་ཏུ་བཏང་བ་དང་། ཕྱོགས་ཡོངས་ལ་ཁེབས་རྒྱུར་སྐུལ་སྤེལ་བཏང་ཡོད། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ” ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་བཅས་ཀྱི་བྱེད་སྒོ་ཏན་ཏིག་ངང་སྤེལ་བ་དང་། དེ་བཞིན“སྣང་ཆེན་བཞི་དང་དགའ་ཞེན་བཞི” “དེ་བས་གསུམ”སོགས་ཀྱི་སློབ་གསོའི་བྱེད་སྒོ་རྒྱ་ཆེར་སྤེལ་བར་བརྟེན། ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་དྲིན་ཚོར་ཞིང་ཏང་ཀྲུང་དབྱང་ལ་བརྩི་བཀུར་ཞུ་གི་ཡོད།
—— སྤྱི་ཚོགས་ཁྱོན་ཡོངས་རྒྱུན་སྲིང་ངང་བརྟན་ལྷིང་དང་ལེགས་པའི་ཕྱོགས་སུ་བསྐྱོད་པ། སེམས་ཁྲལ་གྱི་འདུ་ཤེས་འཛུགས་པ་དང་མཐའ་ཚད་ཀྱི་བསམ་གཞི་མཐའ་འཁྱོངས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཡོད། སྤྱི་ཚོགས་བཅོས་སྐྱོང་བྱེད་ནུས་དང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་དོད་པོས་ཆེ་རུ་སོང་བ་དང་། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཐད་ཚད་གཞི་ལོན་པའི་རྒྱུགས་ལན་སྤྲད་པར་བརྟེན། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཕུགས་ཕན་དང་ཡུན་རིང་བཅོས་སྐྱོང་བྱེད་རྒྱུ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་ཡོད། ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་བྱེད་རྒྱུ་སོགས་ཀྱི་ལས་དོན་གཏིང་ཟབ་ངང་སྤེལ་བ་དང་སྦྲགས། འགལ་ཟླ་དང་རྩོད་གཞིའི་རིགས་ལེབ་བཤེར་འདུམ་སེལ་ནུས་ལྡན་བྱས་པས་དུས་བདེའི་བོད་ལྗོངས་བསྐྲུན་རྒྱུར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་མོས་བྱུང་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
—— དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་མྱུར་པོ་བྱུང་བ། ལོ་ལྔའི་རིང་། འཆར་འགོད་མ་འཇོག་སྒོར་དུང་ཕྱུར་3937དོན་འཁྱོལ་བྱས་པ་དང་། ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་ལོ་རེར་ཆ་སྙོམས་9%འཕར་ཞིང་། འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་མི་རེའི་ཆ་སྙོམས་སྒོར་ཁྲི་5ལས་བརྒལ་ཡོད། ཁྲོན་བོད་ལྕགས་ལམ་ཧྲིལ་པོའི་ལས་འགོ་ཚུགས་ཟིན་པ་དང་ལྷ་ཉིང་དུམ་མཚམས་བསྐྲུན་ཟིན་ཞིང་། ལས་གཉེར་བྱེད་འགོ་ཚུགས་ནས“བསྐྱར་དར་རྟགས་ཅན”གངས་ལྗོངས་ས་མཐོར་འཁྱུག་བགྲོད་བྱེད་བཞིན་ཡོད། ལྷ་ས་ནས་ལྷོ་ཁ་དང་། ཉིང་ཁྲི། ནག་ཆུ་བཅས་སུ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་། རྫོང་ཁག་ཚང་མར་སྣུམ་ནག་གཞུང་ལམ་དང་ཤང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཡོད། གོང་དཀར་གནམ་ཐང་གི་T3གནམ་ཐང་འབབ་ཚུགས་བསྐྲུན་ཟིན་ནས་ལས་གཉེར་བྱེད་འགོ་ཚུགས་པ་དང་། ཡན་ལག་གནམ་ཐང་3སྐྲུན་འགོ་ཚུགས་ཡོད། བོད་དབུས་རྒྱུད་ཀྱི་གློག་ཤུགས་དྲ་སྦྲེལ་དང་། མངའ་རིས་དང་བོད་དབུས་རྒྱུད་ཀྱི་གློག་དྲའི་དྲ་སྦྲེལ་ལས་གྲྭ་ལས་མཇུག་འགྲིལ་ནས་ལས་གཉེར་བྱེད་འགོ་ཚུགས་པ་དང་སྦྲགས། རྫོང(ཆུས)ཡོངས་ལ་གློག་དྲ་ཨ་མ་ཁེབས་ཏེ། ལྗོངས་ཡོངས་སུ་གཅིག་གྱུར་གྱི་གློག་དྲ་གྲུབ་ཡོད། འབྲུ་རིགས་ཐོན་འབོར་ཏུན་ཁྲི་100ཡན་བརྟན་འཁྱོངས་ཐུབ་ཡོད། ཁྲོམ་ར་གཉེར་མཁན་ཐེམ་དུད་ཁྲི་40ལས་བརྒལ་བ་དང་། ཚོང་འགུགས་མ་འདྲེན་ཐད་མ་དངུལ་སྒོར་དུང་ཕྱུར་2535དོན་འཁྱོལ་བྱུང་ཡོད། བསྒྱུར་བཅོས་བྱེད་ཐབས་ཁག་800ལྷག་ཙམ་བཏོན་ཞིང་། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་དང་ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བསྒྱུར་བཅོས་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བསྒྱུར་བཅོས་ལ་འགག་སྒྲོལ་བྱུང་ཡོད། ལྷ་སའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་བདེ་བླག་བྱུང་ཡོད།
—— མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་སོང་བ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དེ་གྲངས་གནས་གཉིས་འཕར་རྒྱུ་བརྟན་འཁྱོངས་བྱུང་ནས་སྒོར་14598ཟིན་ཡོད། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་མི་འབོར་ཁྲི་62.8ཡོངས་རྫོགས་དབུལ་གྲོལ་ཐུབ་པ་དང་དབུལ་པོའི་རྫོང(ཆུས)ཁག་74ཡོངས་རྫོགས་དབུལ་ཞྭ་ཕུད་ཐུབ་པ་མ་ཟད། མི་ཁྲི་26.6རི་མཐོ་ས་དང་ཐག་རིང་ས། དཀའ་ངལ་ཆེ་ས། གྲང་ངར་ཆེ་ས་བཅས་ཀྱི་ས་ཁུལ་ནས་རོང་གཞུང་དང་གྲོང་ཁྱེར་གྲོང་རྡལ་དུ་སྤོས་པ་དང་། བདེ་འཁོད་ལས་བརྩོན་བྱུང་ནས་ལོ་ངོ་སྟོང་ཕྲག་རིང་དབུལ་པོ་དབུལ་ནག་ཡིན་པའི་གནད་དོན་ལོ་རྒྱུས་རང་བཞིན་གྱིས་ཐག་གཅོད་ཐུབ་ཡོད། མཐོ་སློབ་ཐོན་པའི་སློབ་མའི་སྤྱིའི་ལས་ཞུགས་ཐུབ་ཚད་95%ཡན་བརྟན་འཁྱོངས་ཐུབ་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་སྡེབ་རྩིས་ལྟར་ན་མི་ཐེངས་ཁྲི་283.9ལས་ཞུགས་ཁ་སྒྱུར་ཐུབ་ཡོད། ལོ་15ཡི་གཞུང་གྲོན་སློབ་གསོ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པས་འགན་འབབ་སློབ་གསོ་སྲ་བརྟན་ཐུབ་ཚད་95.03%ཟིན་པ་དང་། “100%བྱས་པ་ལྔ”ཕྱོགས་ཡོངས་ནས་མངོན་གྱུར་ཐུབ་ཡོད། ཞིང་ཆེན་བརྒལ་ནས་སྨན་བཅོས་བྱས་པའི་སྨན་རིན་ས་ཆ་དེ་རང་དུ་མཇུག་རྩིས་རྒྱག་རྒྱུ་བཟོས་པ་དང་། ཐུམ་འབུའི་ནད་ཀྱི་སྲོག་སྐྱོབ་སྨན་བཅོས་ལ་ཐག་གཅོད་རང་བཞིན་གྱི་ཕན་འབྲས་ཐོན་པ། “གཉིས་གཅོག་གཅིག་སྤོར”གྱི་རྣམ་པ་རྒྱུན་མཐུད་ནས་ལེགས་སུ་སོང་བ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.19བར་རིང་དུ་སོང་བ་བཅས་བྱུང་ཡོད། གཞི་རྩའི་རྒན་གསོའི་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་ཆ་སྙོམས་95%ཡན་ཟིན་པ་དང་། མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་40ཙམ་ཟིན་ཡོད། ཡར་ཀླུང་གཙང་པོ་དང་འབྲི་ཆུའི་འགག་མཚོའི་ཉེན་ཁ་ཆེ་བའི་གནས་ཚུལ་ཐག་གཅོད་ཡག་པོ་ཐུབ་ནས་བདེ་འཇགས་ཀྱི་བྱུར་རྐྱེན་ཐོན་གྲངས་དང་མི་ཤི་ཚད་ཟམ་མི་ཆད་པར་ཉུང་དུ་སོང་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱས་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད།
—— སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཉིན་རེ་བཞིན་བརྟན་དུ་སོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་རྒྱལ་ཁབ་ཀྱིས་དཔྱད་བསྡུར་བྱས་པའི་ནང་ལོ་གཉིས་བསྟུད་མར་ཕུལ་བྱུང་ལ་བདམས་ཐོན་བྱུང་ཡོད། རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྲོལ་ཡིག་ལག་བསྟར་གཏིང་ཟབ་བྱས་པ་དང་། སྐྱེ་ཁམས་ཤེས་དཔལ་དར་སྤེལ་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་རྒྱུའི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་གསང་སྤྱོད་གསར་བརྗེ་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ཡོད། ལྷ་སའི“འབྱུང་འཕྲོད་གྲོང་སྐོར”དང་ཆུ་རྒྱུད་བསྒྱུར་བཅོས། “གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་སྒྱུར་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཆ་རྐྱེན་ཡོད་པའི་ས་ཆར“སྐྱེ་ཤིང་མེད་པའི་དུད་ཚང”དང“སྐྱེ་ཤིང་མེད་པའི་གྲོང་ཚོ”ཚང་མར་སྐྱེ་ཤིང་འདེབས་འཛུཌ་བྱས་པས་ནགས་ཚལ་ཁེབས་ཚད་12.31%འཕར་བ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་47.14%ཟིན་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་སྐྱོང་གསབ་ལམ་སྲོལ་དོན་འཁྱོལ་ནུས་ལྡན་བྱས་ཡོད་པ་དང་། མཚོ་བོད་ས་མཐོའི་ཚན་རྩལ་རྟོག་ཞིབ་ཐེངས་གཉིས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་ཚུར་ལན་བྱས་པའི་བསམ་འཆར་ལ་བཅོས་སྒྲིག་བྱ་རྒྱུ་རྩ་བའི་ཆར་ལེགས་གྲུབ་བྱུང་ཡོད། ས་གནས་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ་98%ཡན་ཟིན་པ་དང་ས་ངོས་ཀྱི་ཆུ་སྤུས་ཚད་གཞི་100%ཟིན་ནས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་བཟང་འཁྱོངས་ཐུབ་ཡོད།
ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོ་བཙུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མིག་དཔེའི་ཁུལ་གཏོད་པའི་སྲོལ་ཡིག་དང་འཆར་འགོད་བཟོས་ནས་ལག་བསྟར་བྱས་པ་དང་། མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་འདེམས་འཛུགས་དང་གཟེངས་བསྟོད་བྱས་པ། “མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་ལེགས་སྐྱེས་པ”དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རག་སྡིས་ཀྱི་མཛད་རྗེས་བརྒྱུད་སྤེལ་དང་བསྔགས་བརྗོད་རྒྱ་ཆེར་བྱས་ཡོད། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་ལོ་རྒྱུས། དེ་བཞིན་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་ལས་གཞི་སྤེལ་མགྱོགས་སུ་བཏང་ཁར། བསྔོག་འཚོལ་ར་སྤྲོད་དང་། ལེགས་སྒྲིག་ཞིབ་འཇུག ལྟ་དེབ་རྩོམ་འབྲི། དྲིལ་བསྒྲགས་སློབ་གསོ་བཅས་ཀྱི་ལས་གཞི་བརྟན་པོའི་ངང་སྤེལ་ཡོད། མི་རིགས་མཐུན་སྒྲིལ་གྱི“དགུ་སྤེལ”བྱེད་སྒོར་སྐུལ་འདེད་ཏན་ཏིག་བཏང་བས། “མོས་སེམས་ལྔ”དང“ཁ་བྲལ་དུ་མི་རུང་བ་གསུམ”གྱི་བསམ་བློ་མི་སེམས་སུ་ཟབ་མོར་ཟུག་ཐུབ་ཡོད། སློབ་ལོ་མ་ལོན་པའི་བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མ། དེ་བཞིན་གཞི་རིམ་རྩ་འཛུགས་བཅས་ཀྱི་ཁྲོད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད།
—— ཆོས་ལུགས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ལམ་ལུགས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཆོས་དད་རང་མོས་བྱེད་རྒྱུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། “ཚད་གཞི་བཞིར་བརྩི་སྲུང་ལག་བསྟར་གྱིས་སྔོན་ཐོན་གྲྭ་བཙུན་བྱེད་པར་བརྩོན་པའི”སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས་ཡོད་ལ། གྲྭ་བཙུན་གྱིས་རང་ཉིད་གནས་སྡོད་བྱེད་སའི་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་བཟོས་ཡོད། ཆོས་ཕྱོགས་ཀྱི་འཐུས་ཚབ་པ་གསོ་སྐྱོང་བྱེད་པའི་ལས་གཞི་དང་བསྟན་དོན་ཆོས་ཁྲིམས་ཀྱི་འཆད་འགྲེལ་ལས་གཞི་ལག་བསྟར་གཏིང་ཟབ་བྱས་པ་མ་ཟད། སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་སྲིད་ཇུས་དང་ཁྲིམས་སྲོལ་ཐད་སྦྱོང་བརྡར་སྤྲོས་རྒྱུ་ཕྱོགས་ཡོངས་ལ་ཁྱབ་པ་བྱས་ཡོད། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་རྒྱུ། ཚེ་འདིར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བཅས་དེ་བས་མང་བའི་དད་ལྡན་མང་ཚོགས་ཀྱི་རང་རྟོགས་སུ་གྱུར་ཡོད།
—— མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ། མཐའ་མཚམས་ས་ཁུལ་ལ་རྒྱབ་སྐྱོར་དང་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མཐའ་སྲུང་གི་གཞུང་ལམ་བསྐྲུན་རྒྱུ་ཇེ་མགྱོགས་སུ་བཏང་བ་དང་། འཐབ་ས་དང་པོའི་ཤང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཡོད། མཐའ་མཚམས་ས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཚང་མ་བསྐྲུན་ཟིན་ཡོད། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་བཏང་ཡོད། ཏང་སྲིད་དམག་ཉེན་དམངས་ཀྱིས་མཉམ་ཤུགས་ཐོག་ནས་མཐའ་མཚམས་སྟོབས་ལྡན་དང་བརྟན་སྲུང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”ཉམས་མྱོང་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད།
—— བསམ་བློ་དང་རིག་གནས་དར་སྤེལ་གཏོང་རྒྱུར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་བརྟན་པོའི་ངང་ལེགས་སུ་སོང་བ་དང་། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དམངས་ཡོངས་ཀྱི་སེམས་ནང་བརྟན་པོར་ཟུག་པ་དང་། “བདུན་གཅིག”གི་གཟེངས་རྟགས་ཐོབ་མཁན་དང་དུས་རབས་ཀྱི་མིག་དཔེ་བ་སྒྲོལ་དཀར་སོགས་ཀྱིས་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོར་ཁྲིད་སྟོན་བྱས་ཡོད། དྲ་བར་དོ་དམ་དང་དྲ་བར་བཅོས་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་དྲ་ཐོག་གི་དྲང་ནུས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད། རིག་གནས་དམངས་ཕན་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ནས་རིག་རྩལ་བརྩམས་ཆོས་རྩེ་གྲ་ཟམ་མི་ཆད་པར་ཐོན་པ་དང་། གསར་བརྗེའི་རྗེས་ཤུལ་དང་། རིག་གནས་ཤུལ་བཞག གསར་བརྗེའི་རིག་དངོས་བཅས་སྲུང་སྐྱོབ་དང་བེད་སྤྱོད་ནུས་ལྡན་བྱས་ཡོད། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བྱ་གཞག་དར་རྒྱས་གོང་འཕེལ་བྱུང་ཡོད། ཀྲུང་གོའི་བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་དང་། བོད་ལྗོངས་འགྲེམས་ཚོགས། ཕྱི་འབྲེལ་པུས་བོད་ལྗོངས་འཛམ་གླིང་ལ་ངོ་སྤྲོད་བྱེད་པ་བཅས་ཀྱི་བྱེད་སྒོ་ལམ་ལྷོངས་ངང་གཉེར་ཡོད། རྩལ་འགྲན་ལུས་རྩལ་ཐད་ལོ་རྒྱུས་རང་བཞིན་གྱི་འགག་སྒྲོལ་བྱུང་ཡོད།
—— དམངས་གཙོ་ཁྲིམས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་དབང་སྤྱོད་རྒྱུར་རྒྱབ་སྐྱོར་བྱས་པ་མ་ཟད། དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་གནས་ཀྱི་ཁྲིམས་བཟོའི་ལས་དོན་ཡག་པོ་སྤེལ་ཡོད། ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། རིམ་ཁག་སྲིད་གྲོས་ཀྱིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་། དེ་བཞིན་ངོས་འཛིན་གཅིག་མཐུན་བཅས་བྱེད་པའི་ནུས་པ་ཆེ་རུ་བཏང་ཡོད། འཐབ་ཕྱོགས་གཅིག་གྱུར་གྱི་ལམ་ལུགས་ལམ་སྲོལ་གྱི་ཁྱད་ཡོན་དང་ཐབས་མཆོག་ནུས་པ་འདོན་སྤེལ་གང་ལེགས་བྱས་པས་འཐབ་ཕྱོགས་གཅིག་གྱུར་ཆེ་མོའི་ལས་ཀའི་རྣམ་པ་ཞིག་གཞི་རྩའི་ཆར་གྲུབ་ཡོད། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུའི་ནུས་པ་སྔར་བས་འདོན་སྤེལ་ཐུབ་ཡོད། བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ཐད་གོམ་སྟབས་གསར་པ་སྤོ་ཐུབ་ཡོད། གཉིས་བཀུར་མཉམ་གཏོད་དང་དམག་བཀུར་གྱི་འཐབ་ས་མདུན་མར་རྒྱབ་སྐྱོར་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་དམག་དཔུང་དང་མཉམ་བགྲོད་བྱེད་པའི་དམག་དོན་གྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བརྟེན་དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་སོང་ཡོད།
—— ཏང་འཛུགས་སྐྱོང་བྱེད་རྒྱུར་རྣམ་པ་གསར་པ་བཏོད་པ། “བརྟན་པོ་འཛུགས་རྒྱུ་གསུམ”མཐའ་འཁྱོངས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་གཙོ་རྐང་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། མི་བཀོལ་སྤྱོད་བྱེད་པའི་ཁྲིད་ཕྱོགས་ཡང་དག་འཛིན་པ་དང་ཆབ་སྲིད་ཀྱི་བྱང་ཚད་ལ་རྟོག་ཞིབ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་སྟེ། ལས་བྱེད་པ་ཕན་ཚུན་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་བདམས་གསེས་བསྐོ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་བས་མི་འདེམས་སྤྱོད་ཐད་བློ་མོས་བྱུང་ཚད་རྒྱུན་མཐུད་མཐོ་རུ་སོང་ཡོད་ལ། ལས་བྱེད་པ་དང་ལས་བཟོའི་ཐོབ་ཐང་ལེགས་སུ་ཤུགས་ཆེན་བཏང་ནས། མི་སེམས་གནས་ཐུབ་པའི་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ཡོད། བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། སློབ་གསོ་དང་སྨན་བཅོས་ཀྱི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ལ་ཏང་རྩ་འཛུགས་ཀྱི་ཁེབས་ཚད་རྒྱུན་ཆད་མེད་པར་ཤུགས་ཆེར་སོང་ཡོད། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་ཀྱི་སྐབས་བརྗེ་བར“བཟང་པོ་ལྔའི”དམིགས་ཚད་མངོན་འགྱུར་ཐུབ་པ་དང་། གྲོང་ཚོ་གྲོང་མི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་100%ཏང་ཡོན་ཡིན་པའི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་སོང་ཞིང་། སྡེབ་རྩིས་ལྟར་ན་ཏང་ཡོན་མི་གྲངས་ཁྲི་8.2ལྷག་ཙམ་འཕེལ་རྒྱས་བཏང་ཡོད། ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ཏང་སྲིད་སྒྲིག་གཞི་བསྒྱུར་བཅོས་བྱེད་པའི་ལས་འགན་བདེ་བླག་ངང་འགྲུབ་ནས་སྒྲིག་གཞིའི་སྒྲིག་ཁོངས་དོ་དམ་བྱེད་རྒྱུ་དེ་བས་ཚད་ལྡན་དུ་སོང་ཡོད། “སྤྱོད་ཚུལ་བཞིའི”གནད་དོན་ལྷག་ཚད་ནུས་ལྡན་གྱིས་ཉུང་དུ་སོང་བ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུར་རྒྱུན་མཐུད་ཤུགས་སྣོན་ཐེབས་ཡོད། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་བྱེད་ཚད་ཕྱོགས་ཡོངས་ལ་ཁྱབ་པ་བྱས་ཡོད། ཆབ་སྲིད་ཀྱི་སྐོར་ཞིབ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྐབས་འདིའི་ནང་སྐོར་ཞིབ་བྱེད་ཚད་ཕྱོགས་ཡོངས་ལ་ཁྱབ་པ་བྱས་ཡོད། རུལ་སུངས་ཀྱི་གྱོད་གཞི་ཁག་6503གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་གྲངས་6993ལ་ཏང་ཁྲིམས་དང་སྲིད་དོན་ཐད་ཀྱི་ཆད་པ་བཅད་པས་རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་ཆེན་པོ་མངོན་པ་དང་། རུལ་སུངས་བྱེད་མི་ཆོག་པ་དང་རུལ་སུངས་བྱེད་མི་འདོད་པའི་ཕན་འབྲས་མངོན་གསལ་དོད་དུ་སོང་ཡོད།
གྲུབ་འབྲས་མཐོང་ཐུབ་པ་དང་ཆབས་ཅིག ང་ཚོའི་ལས་ཀའི་ཁྲོད་ད་དུང་ཉེན་ཁ་དང་འགྲན་སློང་། དཀའ་ངལ་དང་གནད་དོན་ཁག་གཅིག་ལྷག་ཡོད་པ་ཡང་གསལ་པོར་མཐོང་ཐུབ་དགོས་ཤིང་། གཙོ་བོ་ནི་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཨ་རི་དང་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས“བོད་ཀྱི་གནད་དོན”ཞེས་པ་བེད་སྤྱད་དེ་རང་རྒྱལ་ལ་ཟིང་ཆ་སློང་མཚམས་དང་བཀག་སྡོམ་བྱེད་མཚམས་འཇོག་མྱོང་གཏན་ནས་མེད་པ་དང་། ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་ངན་ཇུས་འདོར་མྱོང་མེད་པས་རང་རེའི་དུས་བདེ་ཞི་འཇགས་ཀྱི་རྣམ་པ་བཟང་པོར་གནོད་འཚེ་གཏོང་བཞིན་ཡོད་པ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་ཙམ་ཡོད་པའི་ཁར། དབུལ་གྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྗིད་པོ་ཡོད་པ། རང་བྱུང་སྐྱེ་ཁམས་རྒྱུད་ཁོངས་རང་སོར་གནས་རྒྱུ་དང་སླར་གསོ་བྱེད་པའི་ནུས་པ་ཞན་ལ། སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུའི་ཐད་འགྲན་སློང་མང་དག་ཅིག་འཕྲད་ཡོད་པ། མཐའ་མཚམས་སྲ་བརྟན་དང་། མཐའ་མཚམས་སྟོབས་ལྡན། མཐའ་མཚམས་དར་རྒྱས་བཅས་ཀྱི་ཐད་ཞན་ཆའི་ལྷུ་ཚིགས་གནས་ཡོད་པ། ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱི་འཇོན་ཐང་དང་བྱང་ཚད་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོ་དང་མི་འཚམ་པའི་ཁར། སྒྲུབ་མི་ཕོད་པ་དང་། སྒྲུབ་མི་འདོད་པ། སྒྲུབ་མི་ཤེས་པ་བཅས་ཀྱི་སྣང་ཚུལ་ཚད་མི་འདྲ་བར་གནས་ཡོད་པ། ཏང་ལ་དོ་དམ་ནན་པོ་དང་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་འགན་འཁྲི་སྔར་བས་ཤུགས་ཆེར་གཏོང་དགོས་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་དང་རྙོག་འཛིང་ཆེན་པོ་ཡོད་པ་བཅས་ཡིན། དེར་བརྟེན་ང་ཚོས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་ཏན་ཏིག་བྱེད་དགོས།
འདས་ཟིན་པའི་ལོ་ལྔའི་རིང་གི་འབད་འཐབ་ཀྱི་བརྒྱུད་རིམ་དང་འོད་སྟོང་འབར་བའི་གྲུབ་འབྲས་དེ་བོད་ལྗོངས་གོང་འཕེལ་གྱི་ལོ་རྒྱུས་དེབ་ཐེར་ནང་བཀོད་ཟིན་ལ། གངས་ལྗོངས་ས་མཐོའི་ས་ཆ་གང་སར་ཁྱབ་ཅིང་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནང་བརྟན་པོར་གནས་ཡོད། གྲུབ་འབྲས་འདི་དག་ཐོབ་པའི་ཆེས་འགག་རྩ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་རག་ལས་པ་དང་། ཆེས་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས་པ། ཆེས་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་རག་ལས་ཡོད་ལ། ལྗོངས་ཏང་ཨུད་སྐབས་རིམ་བྱུང་གིས་རྒྱུན་མཐུད་འབད་འཐབ་བྱས་ནས་བཏིངས་བའི་རྨང་གཞི་བརྟན་པོ་ལས་བྱུང་བ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་ཨུད། ག་སྦྱར་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས། བོད་སྡོད་དཔུང་སྡེ་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ལས་བྱུང་བ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་གཅིག་སེམས་གཅིག་སྦྲེལ་དང་འབད་འཐབ་ལྷུར་ལེན་བྱས་པ་ལས་བྱུང་ཡོད། དེས་ན། འདིར་ངས་སྐབས་དགུ་པའི་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་བོད་ཀྱི་གོང་འཕེལ་དང་ཡར་རྒྱས་ཐད་ལེགས་སྐྱེས་འབུལ་མཁན་བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ནི་བླ་མེད་ཀྱི་མཁས་མཛངས་ཡང་དག་ཅིག་ཡིན་པ་དང་། ཏང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛད་ཕྱོགས་སྲིད་ཇུས་ནི་བླ་མེད་ཀྱི་མཁས་མཛངས་ཡང་དག་ཅིག་ཡིན་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བླ་མེད་ཀྱི་མཁས་མཛངས་ཡང་དག་ཅིག་ཡིན་པ་བཅས་ལོ་ལྔའི་རིང་གི་ལག་ལེན་དངོས་ལས་ར་སྤྲོད་གང་ལེགས་ཐུབ་ཡོད། ལོ་ལྔའི་རིང་གི་ལས་དོན་ལ་ཕྱིར་མིག་བལྟ་སྐབས། ང་ཚོར་ཐོབ་པའི་མྱོང་ཚོར་གཙོ་བོ་ནི། ངེས་པར་དུ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་རྩ་དོན་ཆེ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་སྲོག་ཤིང་ལ་གོང་བཀུར་དང་། སྲོག་ཤིང་ལ་ཡིད་ཆེས། སྲོག་ཤིང་ལ་ལྷག་བསམ་རྣམ་དག སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ཀྱིས་ཁ་ཕྱོགས་བྱེད་པ་དང་ཏང་གི་དར་ཆས་དར་ཆ་བྱེད་དགོས་པ་དང་། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་རྩ་བའི་གཞི་འཛིན་སར་བྱེད་རྒྱུ་དང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་དེ་སྟོབས་ཆེའི་མཚོན་ཆར་བརྩིས་ནས་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་མཐའ་གཅིག་ཏུ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། བསམ་ཚོད་ཆེན་པོའི་ཐོག་ནས་དོན་ཆུང་ལྷག་སྲིད་རིགས་ལ་ཁ་གཏད་གཅོག་དགོས་པ། ངེས་པར་དུ་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུ་དེ་གལ་ཆེའི་རྨང་གཞིར་བརྩིས་ནས་བློ་བརྟན་འགྱུར་མེད་ཀྱིས་གོང་འཕེལ་གྱི་བསམ་གཞི་གསར་པ་ལག་བསྟར་བྱས་ཏེ། བོད་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ལམ་བུར་བསྐྱོད་དགོས་པ། ངེས་པར་དུ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་མི་རིགས་ཁག་གི་མང་ཚོགས་རྣམས་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་རྒྱུ་མ་ཟད། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་གཏོང་བའི་ཐད་སྔར་བས་མངོན་གསལ་དོད་པའི་དོན་དངོས་རང་བཞིན་གྱི་ཡར་རྒྱས་ཡོང་ཐུབ་པ་བྱེད་དགོས་པ། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་བོད་ཀྱི་ལས་དོན་གྱི་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩིས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་བཏང་སྟེ། མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ལ་འཛིན་པའི་གཏོགས་སེམས་དང་མོས་སེམས་ཆེ་རུ་གཏོང་དགོས་པ། ངེས་པར་དུ“ཕན་འདོགས་པ་ལྔ”ཚད་གཞིར་བཟུང་སྟེ། ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཐོག་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས་པ། ངེས་པར་དུ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ་ཀྲུང་ཧྭ་མི་རིགས་འཚོ་གནས་དང་གོང་འཕེལ་གཏོང་བར་འབུལ་རྒྱུའི་ལེགས་སྐྱེས་ཆེ་ཤོས་སུ་བརྩིས་ནས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ལྟར་ཡིན་པའི་བསམ་གཞི་བརྟན་པོ་བཙུགས་ཏེ། གངས་ལྗོངས་ས་མཐོའི་རང་བྱུང་སྣོད་བཅུད་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་པ། ངེས་པར་དུ་མཐའ་མཚམས་སྲ་བརྟན་དང་། མཐའ་མཚམས་དར་རྒྱས། མང་ཚོགས་ཕྱུག་འགྱུར་བཅས་ཡོང་བ་བྱེད་རྒྱུ་དེ་གལ་ཆེའི་འགན་འཁྲིར་བརྩིས་ནས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས་པ། ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུ་དེ་རྩ་བའི་འགན་ལེན་དུ་བརྩིས་ནས“བརྟན་པོར་འཛུགས་པ་གསུམ”མཐའ་འཁྱོངས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་རྒྱུ་མ་ཟད། ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་གིས་བོད་དུ་སྲིད་སྐྱོང་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ་བཅས་ཡིན།
གཉིས། “སྤྱི་ཡོངས་གཉིས”ལ་བསམ་བཀོད་ཐུབ་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འགོ་ཁྲིད་ལས་བྱེད་པས“སྤྱི་ཡོངས་གཉིས”ལ་བསམ་བཀོད་ཐུབ་པར་བྱེད་རྒྱུ་དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བརྟན་པོར་བཟུང་དགོས་ཞེས་ནན་བཤད་ཐེངས་མང་གནང་ཡོད། ང་ཚོས་རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལས་དོན་ཁྲོད་བཞག་ནས་ཞིབ་འཇུག་བསམ་གཞིག་དང་དོན་འཁྱོལ་ཡོང་བར་སྐུལ་སྤེལ་གཏོང་དགོས། སླད་ཕྱིན་གྱི་ལོ་ལྔ་ནི། ང་ཚོ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་དུས་སུ་སླེབས་ཤིང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ལ་དཔུང་སྐྱོད་བྱེད་པའི་ལོ་ལྔ་ཚན་དང་པོ་དེ་ཡིན། བོད་ཀྱི་ལས་དོན་ཐད་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་མངོན་ཡོད་པས། གངས་ལྗོངས་ས་མཐོ་འདི་ཉིད་ཡུན་རིང་བདེ་འཁོད་ཡོང་བ་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་ལེའུ་གསར་པ་བརྩམ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུར་བླང་བྱ་གསར་པ་དང་འོས་འགན་གསར་པ་བཏོན་ཡོད་ལ། གོ་སྐབས་གསར་པ་དང་རེ་བ་གསར་པའང་བཏོན་ཡོད།
མིག་སྔར། ང་ཚོ་ནི་ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་དར་རྒྱས། གསར་གཏོད་ཆེ་ཤོས། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཀྱི་རླབས་ཆེའི་དུས་རབས་སུ་གནས་མུས་ཡིན་ཞིང་། ཏང་ཀྲུང་དབྱང་གིས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འཆར་འགོད་ཀྱི་དཔེ་རིས་བཀོད་པ་དང་། དམིགས་ཚད་གསལ་པོ་བཟོས་པ། ཁ་ཕྱོགས་གསལ་སྟོན་བཅས་བྱས་ནས། བོད་ཀྱི་ལས་དོན་གྱི་འཐབ་ཇུས་གནས་བབ་དེ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་དུ་ཡར་འདེགས་བྱས་པ་དང་། སྔར་བྱུང་མྱོང་མེད་པའི་ཐུགས་ཁུར་གཟབ་བཞེས་དང་དམིགས་བསལ་གྱི་རྒྱབ་སྐྱོར་གནང་བ་མ་ཟད། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཤུགས་ཆེའི་རོགས་རམ་གནང་བར་བརྟེན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་མངོན་ཆེའི་ཁྱད་འཕགས་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བླ་ན་མེད་པའི་ཁྱད་ཡོན། མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ཞི་མཐུན་དྲོ་སྐྱིད་བཅས་སྔར་བས་མངོན་ཆེར་སོང་ནས་གངས་ལྗོངས་ས་མཐོ་འདི་ཉིད་ཡུན་རིང་བདེ་འཁོད་ཡོང་བ་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་ལེའུ་གསར་པ་བརྩམ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུར་ཆབ་སྲིད་ཀྱི་དགེ་མཚན་ཧ་ཅང་ཆེན་པོ་ལྡན་ཡོད།
ན་ནིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་གཙོ་སྐྱོང་གནང་བ་དང་། འདི་ལོར་ཡང་ཁོང་སྐུ་ངོ་མ་བོད་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་མ་ཟད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུའང་སྐུ་ངོ་མས“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་ཡོད། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དང་། “ཐཱན་གཉིས”ཀྱི་དམིགས་ཚད་ལག་བསྟར། ནུབ་རྒྱུད་ཐོན་འབྱེད་ཆེན་མོ། ཁྲེན་ཡུས་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ། གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་པ་སོགས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁྲོན་བོད་ལྕགས་ལམ་དང་། ནུས་རྒྱུ་གཙང་མའི་རྟེན་གཞི། མཐའ་མཚམས་བདེ་འཇགས་ཀྱི་ནུས་པ་འཛུགས་སྐྱོང་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་ཆབས་ཅིག་གངས་ལྗོངས་ས་མཐོ་འདི་ཉིད་ཡུན་རིང་བདེ་འཁོད་ཡོང་བ་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་ལེའུ་གསར་པ་བརྩམ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུར་ཐོབ་པར་དཀའ་བའི་འཐབ་ཇུས་ཀྱི་གོ་སྐབས་འཕྲད་ཡོད།
རང་ལྗོངས་ནི་ཨེ་ཤ་ཡ་ལྷོ་མར་སྒོ་མོ་འབྱེད་སའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། ཆུ་དང་། རླུང་། འོད། ཚ་ནུས་བཅས་ཀྱི་ཐོན་ཁུངས་དང་། ས་ཞིང་དང་རྩྭ་ཐང་གི་ཐོན་ཁུངས། རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་བཅས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་ལ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆའང་ལྡན་ཡོད། ཀྲུང་དབྱང་གིས་བོད་ཀྱི་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་མང་བསྡུས་སྲིད་ཇུས་གསར་པ་ལག་བསྟར་ཤུགས་ཆེན་བྱེད་པ་དང་བསྟུན་ནས་བོད་སྐྱོར་ལས་དོན་གཏིང་ཟབ་པའི་ཕྱོགས་སུ་སྤེལ་བར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ང་ཚོར་མཐུན་རྐྱེན་བཟང་པོ་མང་དག་འཕྲད་ཡོད་པ་མ་ཟད། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་བ་དང་། མི་དམངས་ཀྱི་འཚོ་བར་ལེགས་བཅོས་ཆེན་པོ་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་སྔར་དང་བསྡུར་ཐབས་མེད་པའི་འགྱུར་ལྡོག་བྱུང་བ་བཅས་ལ་བརྟེན། ལས་བྱེད་པ་དང་མང་ཚོགས་ཀྱིས་ལས་སྒྲུབ་ལས་གཏོད་བྱེད་སེམས་ཤུགས་ཆེར་ཕྱིན་ནས་གངས་ལྗོངས་ས་མཐོ་འདི་ཉིད་ཡུན་རིང་བདེ་འཁོད་ཡོང་བ་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་ལེའུ་གསར་པ་བརྩམ་རྒྱུ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འགྱུར་མེད་གདེང་ཚོད་བྲག་ལྟར་བརྟན་པོ་ཡོད།
སླད་ཕྱིན་ལོ་ལྔའི་རིང་གི་ལས་ཀའི་མཛུབ་ཁྲིད་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། དྲུག་པ་བཅས་དང་། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་ཁྱབ་བཀོད་ལ་གཅིག་གྱུར་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཁྱབ་བཀོད་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་ཚུགས་པ། གོང་འཕེལ་གྱི་བསམ་གཞི་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་སྤེལ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། སྐྱེ་ཁམས་ཤེས་དཔལ་དར་སྤེལ་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་གི་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བར་འགན་ལེན། སྐྱེ་ཁམས་ཁོར་ཡུག་བཟང་པོ་ཡོང་བར་འགན་ལེན། མཐའ་མཚམས་སྲ་བརྟན་དང་མཐའ་ཁུལ་བདེ་འཇགས་ཡོང་བར་འགན་ལེན་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པ་དེ་ཡིན།
སླད་ཕྱིན་ལོ་ལྔའི་རིང་གི་འབད་འཐབ་དམིགས་ཚད་གཙོ་བོ་ནི། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་སྲིང་ངང་ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་བ་བྱེད་རྒྱུ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུའི་སྤྱི་ཡོངས་རང་བཞིན་གྱི་རང་འགུལ་དམ་པོར་འཛིན་རྒྱུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མི་སེམས་ལ་བརྟན་པོ་ཟུག་པར་བྱེད་རྒྱུ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་འཕེལ་རྒྱས་གསར་པ་ཡོང་བ་བྱེད་རྒྱུ། དཔལ་འབྱོར་གོང་འཕེལ་གྱི་རྣམ་པ་བཟང་འཁྱོངས་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་པའམ་དེ་ལས་བརྒལ་ཐུབ་པ་བྱེད་རྒྱུ། གཞི་རྩའི་སྤྱི་པའི་ཞབས་ཞུའི་དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་སླེབས་ཐུབ་པ་བྱེད་རྒྱུ། སྐྱེ་ཁམས་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་དེ་བས་ཚགས་ཚུད་དུ་གཏོང་རྒྱུ། རྒྱལ་སྲུང་དང་མཐའ་སྲུང་གི་འཐབ་ཇུས་འགན་སྲུང་བྱེད་ནུས་ཕྱོགས་ཡོངས་ནས་ཤུགས་ཆེར་གཏོང་རྒྱུ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། ཏང་གིས་བོད་དུ་སྲིད་སྐྱོང་བྱེད་པའི་རྨང་གཞི་དེ་བས་སྲ་བརྟན་དུ་གཏོང་རྒྱུ་བཅས་ཡིན།
གོང་གསལ་གྱི་མཛུབ་ཁྲིད་བསམ་བློ་དང་འབད་འཐབ་དམིགས་ཚད་ལག་བསྟར་དོན་འཁྱོལ་བྱེད་པར། ངེས་པར་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དེ་རྩ་འཛིན་དང་བླ་སྲོག་ལ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་། “དོན་ཆེན་བཞི”དམིགས་སུ་བཀར་ཏེ“འཛུགས་གཏོད་བཞིར”སྐུལ་སྤེལ་གཏོང་རྒྱུར་ཤུགས་རྒྱག་པ་དང“མདུན་གྲལ་དུ་སླེབས་པ་བཞིར”འབད་བརྩོན་བྱས་ཏེ། བོད་ལྗོངས་ཀྱིས་གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱེད་པའི་ཁྲོད་བཟུང་བའི་ལེགས་ཆ་སྔར་བས་འདོན་སྤེལ་དང་། རྒྱལ་ཁབ་ཀྱི་འགན་འཁྲི་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པའི་ཁྲོད་བཟུང་བའི་འགན་འཁྲི་འཁུར་ནུས་སྔར་བས་མངོན་ཐུབ་པ། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལས་དོན་ཁྲོད་བཟུང་བའི་འཐབ་ཇུས་ཀྱི་གནས་བབ་སྔར་བས་མཐོ་རུ་གཏོང་བ་བཅས་བྱེད་དགོས།
རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་ཤུགས་རྒྱག་རྒྱུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་ཞེས་གསུངས་ཡོད། མི་རིགས་མང་བ་ནི་བོད་ཀྱི་ཁྱད་ཆོས་ཤིག་ཡིན་ལ་ང་ཚོའི་ལེགས་ཆ་ཞིག་ཀྱང་ཡིན་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བ་བྱེད་རྒྱུ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ལ་འགྱུར་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་དུ་བྱེད་པ་དང་། རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་སྲོལ་ཡིག་དེ་དམ་འཛིན་བྱེད་གནས་སུ་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་ཁ་ཕྱོགས་སུ་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་དྲིལ་བསྒྲགས་སློབ་གསོ་དང“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ”རྒྱ་ཆེར་སྤེལ་རྒྱུ་མ་ཟད། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་བྱེད་རྒྱུ་དེ་ཆ་རྐྱེན་ཨང་དང་པོར་བརྩི་རྒྱུ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་གཞི་ཁྱོན་དེ་བས་ཆེ་བ་དང་། ཁྱབ་ཁོངས་དེ་བས་ཆེ་བ། གདིང་རྩ་དེ་བས་ཟབ་པ་བཅས་སུ་རྒྱ་སྐྱེད་གཏོང་རྒྱུ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རྒྱུར་སྐུལ་འདེད་གཏོང་བར་བརྟེན་ནས་ས་གནས་གྲོང་ཁྱེར་ཚང་མ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་གནས་དང་གྲོང་ཁྱེར་དུ་འགྱུར་ཐུབ་པ་བྱེད་རྒྱུ་དང་། རྫོང(ཆུས)ཚང་མ་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་རྫོང(ཆུས)ལ་འཛུགས་གཏོད་ཐུབ་པ་བྱེད་རྒྱུ། ལྗོངས་དང་། ས་གནས། རྫོང་བཅས་ཀྱིས་རིམ་པ་དེ་གའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ་འཛུགས་གཏོད་བྱེད་ཚད་དེ་80%ཡན་ཟིན་ཐུབ་པ་བཅས་བྱས་ནས་ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་སྔར་བས་ཆགས་པ་བྱས་ཐོག མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་འབད་བརྩོན་བྱེད་དགོས།
ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་གཏོང་བའི་སྔོན་སྤེལ་ཁུལ་གཏོད་པར་ཤུགས་རྒྱག་རྒྱུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ལམ་བུ་ཞིག་ཏུ་བསྐྱོད་དགོས་ཞེས་གསུངས་ཡོད། རང་ལྗོངས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་དང་ཐོན་ཁུངས་ཀྱི་བཟང་ཆ་ཧ་ཅང་ཆེན་པོ་ལྡན་ཡོད། ནུས་རྒྱུ་གཙང་མའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་ཚད་མངོན་འགྱུར་ཡོང་བར་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་དང་གལ་ཆེའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ་རྒྱུ་རེད། ང་ཚོས་རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་ཐོན་ཁུངས་ཀྱི་གྲབས་གསོག་རྟེན་གཞི་དང་། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི། འཛམ་གླིང་གི་ཡུལ་སྐོར་དམིགས་ས། ནུས་རྒྱུ་གཙང་མའི་རྟེན་གཞི། དེ་བཞིན་ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་བཅས་བསྐྲུན་ཐུབ་པ་བྱེད་རྒྱུར་དམིགས་ནས་རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་། ཁྱོན་ཡོངས་རང་བཞིན་གྱི་ཇུས་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་ཁྱབ། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ས་མཐོའི་གྲགས་རྟགས་དང་། འབྱུང་འཕྲོད་གྲགས་རྟགས། ཁྱད་ལྡན་གྲགས་རྟགས་བཅས་གཏོད་དགོས། ཕྱི་ཤུགས་བེད་སྤྱོད་གང་ལེགས་དང་ནང་ཤུགས་ཆེ་རུ་གཏོང་བ། མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་སྲིད་ཇུས་དང་ཐོན་ཁུངས་ཀྱི་བཟང་ཆ་དེ་དཔལ་འབྱོར་གོང་འཕེལ་གཏོང་བའི་བཟང་ཆར་འགྱུར་ཐུབ་པ་བྱེད་པ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་པ། ཐུན་མོང་ཐོག་ཕྱུག་འགྱུར་ལ་བསྐྱོད་ཐུབ་པ་བྱེད་པ་བཅས་ཀྱི་ཐོག་ནས་GDPདེ་ལོ་རེར་ཆ་སྙོམས་འཕར་ཚད་8%ཡན་ཟིན་པ་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་འཕར་ཚད་དེ་ཁག་སོ་སོར་8%དང་10%ཡན་ཟིན་པ་བྱེད་རྒྱུ། འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་པ་བྱེད་རྒྱུ་བཅས་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་འབད་བརྩོན་བྱེད་དགོས།
རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་རྒྱུར་ཤུགས་རྒྱག་རྒྱུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་གཙུག་རྒྱན་དུ་འགྱུར་བ་བྱེད་དགོས་ཞེས་གསུངས་ཡོད། མཚོ་བོད་ས་མཐོ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་བ་འགྲོ་བའི་འགག་རྩའི་ཁུལ་དང་འབྱུང་འཕྲོད་འཁྲུག་སླ་བའི་ཁུལ་ཞིག་ཡིན་ལ། འཛམ་གླིང་ཐོག་གི་རི་ཀླུང་འཁྱགས་རོམ་འཚར་སྐྱེས་ཆེ་ཤོས་ཀྱི་ས་ཁུལ་དང་ཨེ་ཤ་ཡའི་གཙང་ཆུའི་ཆུ་འགོའི་ཁུལ་གལ་ཆེན་ཞིག་ཀྱང་ཡིན། རང་ལྗོངས་སུ་གཙང་ཆུ་ཆེ་གྲས་དང་མཚེའུ་ཆེ་གྲས། རྩྭ་ཐང་ཆེ་གྲས་དང་འདམ་ར་ཆེ་གྲས། ནགས་ཚལ་ཆེ་གྲས་དང་གངས་རི་ཆེ་གྲས་སོགས་ཀྱི་སྐྱེ་ཁམས་ཐོན་ཁུངས་ཡོད་པས་རྒྱལ་ཡོངས་ཙམ་མ་ཟད་འཛམ་གླིང་གི་སྐྱེ་ཁམས་གནས་སྟངས་ལ་ཤུགས་རྐྱེན་ཐེབས་ཆེ་བ་དང་། ལེགས་སྐྱེས་འབུལ་ཆེ་བ། འགན་འཁྲི་འཁུར་ལྕི་བ། རིན་ཐང་ལྡན་ཆེ་བ་བཅས་ཡོད། ང་ཚོས་སྤྱི་ཡོངས་ཀྱི་ལྟ་བ་དང་། རྒྱང་རིང་གི་ལྟ་བ། ཁྱོན་ཡོངས་ཀྱི་ལྟ་བ་བཅས་འཛུགས་པ་དང་། འཛམ་གླིང་གི་སྐྱེ་ཁམས་ཆེན་པོ་དང་རྒྱལ་ཡོངས་ཀྱི་ཁོར་ཡུག་ཆེན་པོར་གཞི་ཚུགས་པ། རྒྱུན་སྲིང་གོང་འཕེལ་དང་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་འགྱུར་ལ་དམིགས་པ་བཅས་ཀྱི་ཐོག་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་ཨང་དང་པོར་བཟུང་རྒྱུ་མཐའ་འཁྱོངས་ཀྱིས་རི་ཆུ་ཀླུང་གསུམ་དང་རྩྭ་རྩི་ཤིང་རྐང་རེར་སྲུང་སྐྱོང་ཡག་པོ་བྱེད་དགོས། གོམས་འཇགས་ཀྱི་བསམ་གཞིག་བྱེད་སྟངས་དང་སྲོལ་རྒྱུན་གྱི་ཐབས་ལམ་ལ་བརྟེན་པ་ལས་གྲོལ་བར་བྱས་ཏེ། སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུ་གཉིས་མཐུན་སྦྱོར་མཉམ་སྤེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱེད་པའི་འདུ་ཤེས་འཛུགས་རྒྱུ་དང་། ས་མཐོའི་སྐྱེ་ཁམས་ཞིང་འབྲོག་ལས་དང་། འབྱུང་འཕྲོད་བཟོ་སྣོན་ལས་རིགས། རིག་གནས་དང་ཡུལ་སྐོར་ལས་རིགས་སོགས་སྐྱེ་ཁམས་ཐོན་ལས་འཛུགས་རྒྱུ། ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ་བཅས་ཀྱི་ཤེས་དཔལ་དར་སྤེལ་གཏོང་བའི་ལམ་བུ་གཏོད་རྒྱུ་བཅས་ཀྱི་ཐོག་ནས། རི་སྔོན་ཆུ་དྭངས་དང་གངས་རི་འཁྱགས་ཀླུང་གི་མཛེས་ལོད་དེ་གསེར་རི་དངུལ་རིའི་རིན་ཐང་དུ་འགྱུར་ཐུབ་པ་བྱེད་རྒྱུ་དང་། བོད་ལྗོངས་འདི་ཉིད་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འཐབ་ཇུས་ཁུལ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཁུལ། འབྱུང་འཕྲོད་གོང་འཕེལ་གྱི་ཚོད་ལྟའི་ཁུལ། རང་བྱུང་སྲུང་སྐྱོབ་ཀྱི་མ་དཔེའི་ཁུལ། སྐྱེ་ཁམས་དམངས་ཕྱུག་གི་སྔོན་སྤེལ་ཁུལ་བཅས་སུ་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་དམར་ཐིག་རྒྱ་ཁྱོན་གྱིས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་50%ཡན་བཟུང་བ་དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གྱི་དཔེ་སྟོན་ས་གནས་དང་གྲོང་ཁྱེར་གྱི་བཟུང་གྲངས་100%ཟིན་པ། དཔེ་སྟོན་རྫོང(ཆུས)གི་བཟུང་གྲངས་20%ཡན་ཟིན་པ་བཅས་བྱེད་དགོས། དེ་བཞིན་ཇོ་རི་དང་བྱང་ཐང་གི་རྒྱལ་ཁབ་སྤྱི་གླིང་2བསྐྲུན་ཐུབ་པའི་བརྩོན་ལེན་བྱས་ཏེ། འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པའི་འཕེལ་ངོ་བཟང་པོ་སྲ་བརྟན་དང་གོང་འཕེལ་བཏང་ནས་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་འབད་བརྩོན་བྱེད་དགོས།
རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པར་ཤུགས་རྒྱག་རྒྱུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་། རྒྱལ་མཚམས་བདེ་འཇགས་མ་བྱུང་ན་ཁྱིམ་ཚང་ཀུན་ལ་བདེ་བ་ཡོང་མི་སྲིད་ཅེས་གསུངས་ཡོད། བོད་ཀྱི་མཐའ་མཚམས་ས་ཐིག་གི་རིང་ཚད་ལ་སྤྱི་ལེ་4000ལྷག་ཙམ་ཟིན་ཞིང་། རྒྱལ་ཡོངས་ཀྱི་སྐམ་སའི་ས་མཚམས་ཀྱི་1/6བཟུང་ཡོད། ང་ཚོས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་ལག་ལེན་བསྟར་ནས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། རྒྱལ་སྒོའི་འདུ་ཤེས། རྒྱལ་སྲུང་གི་འདུ་ཤེས་བཅས་བརྟན་པོ་འཛུགས་རྒྱུ་མ་ཟད། མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་གཏོང་རྒྱུ་དེ་སྤྱིའི་དམིགས་ཚད་དུ་བྱེད་པ་དང་། དགོས་མཁོ་ཆེ་ཤོས་དང་། སྤྱོད་མཁོ་ཆེ་ཤོས། རེ་སྒུག་ཆེ་ཤོས་བཅས་ཐག་གཅོད་བྱེད་རྒྱུ་དེ་འཇུག་སྒོར་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་། གཙོ་བོའི་ཁ་ཕྱོགས། གལ་ཆེའི་རྣམ་གྲངས་བཅས་འགག་སྒྲོལ་དུ་བྱེད་པ་བཅས་ཀྱི་ཐོག་ནས། ད་ཡོད་སྲིད་ཇུས་སྒྲིལ་སྤྱོད་ཡག་པོ་བྱེད་པ་དང་། རྒྱུན་སྲོལ་ལས་བརྒལ་བའི་བྱ་ཐབས་བཟོ་འདོན་བྱེད་པ། ས་སྲུང་མཐའ་བརྟན་གྱི་ལས་གཞི་ལག་བསྟར་ཤུགས་ཆེན་བྱེད་པ་བཅས་ལ་བརྟེན་ནས་མཐའ་མཚམས་མི་སེར་གྱི་འཚོ་བར་འགན་སྲུང་ཡོད་པ་དང་། ཕྱུག་པོར་འགྱུར་བའི་ཐབས་ལམ་ཡོད་པ། མཐའ་མཚམས་སྲུང་བའི་སྒུལ་ཤུགས་ཡོད་པ། གོང་འཕེལ་གཏོང་བའི་འདེགས་སྐྱོར་ཡོད་པ་བཅས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྦྲགས། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་གོང་འཕེལ་འགྲོ་བ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཤུགས་ཆེན་འགྲོ་བ། མཐའ་མཚམས་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དེ་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་བཅས་འགན་ལེན་བྱས་ནས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་འབད་བརྩོན་བྱེད་དགོས།
ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས“གསར་གཏོད་བཞིར”སྐུལ་སྤེལ་གཏོང་རྒྱུར་ཤུགས་རྒྱག་པ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་ཐུབ་པ་བྱེད་རྒྱུ་ནི། “གོམ་སྟབས་གཉིས་སུ་སྤོ་བའི”འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་གོམ་སྟབས་དང་པོ་སྤོ་བའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པ་དང་། རང་འགུལ་ངང་གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱེད་རྒྱུ་དང་རྒྱལ་སྤྱི་རྒྱལ་ནང་གི་རྒྱུན་འཁོར་གཉིས་ལ་གང་ལེགས་བརྟེན་པའི་བྱ་སྤྱོད་དངོས་ཤིག་ཡིན་པ།“དོན་ཆེན་བཞི”དམ་འཛིན་ཡག་པོ་དང“འགན་ལེན་བཞི”མངོན་གྱུར་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་དང་འབྲེལ་བ་ཡོད། ང་ཚོས་ངེས་པར་དུ་གཙོ་འཛིན་གྱི་མངགས་བཅོལ་ཡིད་ལ་བརྟན་པོར་འཆང་བ་དང་། དུས་དང་རྣམ་པ་ཀུན་ཏུ་དྲིན་ཚོར་ཡར་བརྩོན་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུའི་རླབས་ཆེན་གྱི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དགོས།
གསུམ། གངས་ལྗོངས་ས་མཐོ་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པ།
བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས“དོན་ཆེན་བཞིར”དམ་འཛིན་ཡག་པོ་དང“འགན་ལེན་བཞི”མངོན་གྱུར་ཐུབ་པ་བྱས་ཏེ། གངས་ལྗོངས་ས་མཐོ་འདི་ཉིད་ཡུན་རིང་བདེ་འཁོད་ཡོང་བ་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་ལེའུ་གསར་པ་བརྩམ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་བྱ་གཞག་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་སྤེལ་ཟམ་མི་ཆད་པ་བཏང་ནས་མི་རིགས་ཁག་གི་མི་དམངས་རྣམས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་སྐྱེལ་ཐུབ་པ་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་གི་རེ་བཅོལ་ཟབ་མོ་ཞིག་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་རེ་སྒུག་ཆེན་པོ་ཞིག་ཀྱང་ཡིན་ལ། ང་ཚོས་འཁུར་དགོས་ངེས་ཀྱི་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་ཀྱང་ཡིན།
(གཅིག) སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། བསམ་བློའི་ངོས་འཛིན་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་ཉེན་བརྡ་རྒྱུན་གཏོང་དང་རྟག་ཏུ་དོགས་ཟོན་བྱས་ནས་བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་གསར་པར་སྟངས་འཛིན་གནད་འཁེལ་བྱས་ཐོག བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་དགོས་པ་དང་། མཐའ་ཚད་འཛིན་སེམས་དང་གནད་དོན་འཛིན་ཕྱོགས་མཐའ་འཁྱོངས་ཀྱིས་བདེ་སྡོད་ཉེན་བསམ་དང་རྐྱེན་མ་བྱུང་གོང་གི་བཟློག་པ་བྱས་ཏེ། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་ཟམ་མི་ཆད་པར་བརྟན་པོ་འཛུགས་དགོས།
བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་དགོས་པ། རྙོག་འཛིང་ཆེ་ཤོས་ཀྱི་འཐབ་རྩོད་ལས་རྣམ་པར་རྒྱལ་ཐུབ་པ་དང་། ཚོད་བགམ་ནན་ཤོས་གདོང་བསུ་བྱེད་ཐུབ་པ། དཀའ་ངལ་ཆེ་ཤོས་ཀྱི་དུས་བབ་ལ་ཁ་གཏད་གཅོག་ཐུབ་པ་བཅས་བྱེད་རྒྱུར་དམ་པོར་དམིགས་པ་དང་། གནོད་པ་ཆེ་ཤོས་ཡོང་ཉེན་བསམས་ནས་ཕན་འབྲས་ཆེ་ཤོས་ཐོབ་རྒྱུའི་ཕྱོགས་སུ་འབད་འཐབ་བྱས་ནས་གྲ་སྒྲིག་ཡོད་ཀྱང་བེད་སྤྱོད་མ་བཏང་ནའང་རུང་བ་དང་། བེད་སྤྱོད་མ་བཏང་ནའང་གྲ་སྒྲིག་ཡོད་པ་བྱེད་དགོས། དམ་བསྒྲགས་ཀྱིས་རྡུང་རྡེག་གཏོང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་དང་། སིམ་འཛུལ་ལ་ངོ་རྒོལ། འཇིགས་གཏུམ་ལ་ངོ་རྒོལ་བཅས་བྱེད་རྒྱུ་མ་ཟད། དེ་བཞིན་ནག་སེལ་གཤེད་བཅོམ་དང་། ཁྲིམས་འགལ་ལ་རྡུང་རྡེག་དང་ཟིང་སློང་བཅོས་སྒྲིག་སོགས་ཀྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱས་ཉེས་གསོག་པར་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་དགོས།
བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས་པ། དུས་བབ་ཀྱི་འགྱུར་བར་བསྟུན་ནས་ཁྲིམས་བཞིན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱོགས་བསྡུས་ཅན་དང་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་ཟོན་ཚོད་འཛིན་མ་ལག་ཚགས་ཚུད་དུ་གཏོང་བ་དང་། གྲོང་ཁྱེར་ཁུལ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་རྒྱུའི་ཚོད་ལྟའི་ལས་དོན་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་བདེ་འཇགས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་གོང་འཕེལ་གཏོང་བ་དང་། རང་སྐྱོང་དང་། ཁྲིམས་སྐྱོང་། ཚུལ་སྐྱོང་བཅས་ཕན་ཚུན་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། མི་དམངས་ཀྱི་འདུམ་འགྲིག་དང་། སྲིད་འཛིན་གྱི་འདུམ་འགྲིག ཁྲིམས་འཛིན་གྱི་འདུམ་འགྲིག་བཅས་མཉམ་འགུལ་བྱེད་པའི་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་སྲོལ་དམངས་ཆིངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། འགལ་བ་དང་རྩོད་གཞི་སྣ་མང་ཅན་གྱི་འདུམ་སེལ་བྱེད་ཐབས་ཚགས་ཚུད་དུ་གཏོང་བ། འགལ་བ་གཞི་རིམ་དུ་ཐག་གཅོད་གང་ཐུབ་དང་གནས་ཚུལ་ཐོན་མ་ཐག་སེལ་གང་ཐུབ་བཅས་བྱེད་དགོས། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲ་རྒྱ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་ནས་དྭངས་གསལ་གྱི་དྲ་རྒྱའི་བར་མཐོངས་ཤིག་གཏོད་དགོས། ཆུ་ཚད་དེ་བས་མཐོ་བའི“དུས་བདེའི་བོད་ལྗོངས”འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་དུས་བདེ་འཛུགས་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། མཉམ་འགོག་མཉམ་བཅོས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་ཚོར་བཅའ་སྡོད་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་། གཞི་རིམ་རྩ་འཛུགས།“གཉིས་ལྡན་དུད་སྦྲེལ” “དཔུང་རྟགས་དམར་པོ” “བཞི་སྲུང་རུ་ཁག”སོགས་ཀྱི་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཟངས་གྱང་ལྕགས་རྩིག་བརྟན་པོ་ཞིག་ཆགས་པ་བྱེད་དགོས།
བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྡེ་ཚན་ཁག་གིས་མཉམ་འཛིན་སྤྱི་སྒྲུབ། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཐུན་སྦྱོར་མཉམ་འགུལ་བྱེད་པའི་ལས་ཀའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གཞི་རིམ་སྤྱི་བདེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་སྟོབས་ཤུགས་ཆེ་རུ་བཏང་སྟེ། ཆ་འཕྲིན་ཅན་དང་རིག་ནུས་ཅན་དུ་འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་ནས་སྲིད་ཁྲིམས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ནུས་ཕྱོད་དང་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་བདེ་འཇགས་མཐའ་གཅིག་ཏུ་ཡོང་རྒྱུ་སྲུང་སྐྱོང་བྱེད་དགོས་པ། ཏང་ཨུད(ཏང་ཙུའུ)ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་འདུ་ཤེས་འཛིན་སྟངས་ཀྱི་འཐབ་ས་བརྟན་སྲུང་ཡག་པོ་བྱེད་པ་དང་། “ལྟོ་གོས”འགན་ལེན་ཡག་པོ་བྱེད་དགོས་ལ་དེ་བས་ཀྱང“བསམ་བློར”སྟངས་འཛིན་ཡག་པོ་བྱེད་དགོས་པའི་ཕུགས་ཕན་ལམ་སྲོལ་བཙུགས་ནས་འདུ་ཤེས་འཛིན་སྟངས་ལས་ཀའི་འགོ་ཁྲིད་བྱེད་དབང་དང་རང་འགུལ་གྱི་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་ཆད་མེད་པར་སྤེལ་ཏེ། ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོ་དང་ངན་ཇུས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་དགོས་པ་དང་། “བོད་རང་བཙན”གྱི་ལོག་སྤྱོད་དྲིལ་བསྒྲགས་ཀྱི་སིམ་འཛུལ་ལ་ཉེན་ཟོན་དང་རྡུང་རྡེག་མཐའ་གཅིག་ཏུ་བཏང་སྟེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མང་ཚོགས་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། ཆབ་སྲིད་མཁས་ཅན་གྱིས་ཚགས་པར་དང་། དུས་དེབ། རླུང་འཕྲིན་བརྙན་འཕྲིན་ཁང་། གསར་འགྱུར་དྲ་ཚིགས་བཅས་གཉེར་རྒྱུ་མཐའ་འཁྱོངས་བྱས་ཏེ། རིམ་ཁག་ཏང་གི་ཚགས་པར་དང་། ཏང་གི་དུས་དེབ། རླུང་འཕྲིན་བརྙན་འཕྲིན་ཁང་། དེ་བཞིན་གཙོ་གནད་གསར་འགྱུར་དྲ་ཚིགས་སོགས་གཙོ་རྒྱུན་སྨྱན་སྦྱོར་དང“འཕྲིན་གཉིས་སྣེ་གཅིག”བཅས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། “སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”ལས་སྟེགས་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སོགས་དྲིལ་བསྒྲགས་འཐབ་ས་བེད་སྤྱོད་ཡག་པོ་བྱས་ནས་ཁེབས་རྒྱ་དང་བག་ཆགས་འཇོག་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རིགས་འདྲ་མིན་གྱི་སྨྱན་སྦྱོར་དང་། འཆད་སྟེགས་སློབ་ཁང་། འཆད་ཁྲིད་སྙན་ཞུ་སོགས་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། བསླབ་གཞི་དང་། དཔེ་སྐྲུན་དངོས་རིགས། རིག་གནས་སྒྱུ་རྩལ་གྱི་བརྩམས་ཆོས་སོགས་ལ་ཞིབ་དཔྱད་ནན་པོ་བྱེད་པའི་འགག་སྒོ་བསྲུངས་ཏེ་བོད་འབྲེལ་གྱི་གསར་འགྱུར་དཔེ་སྐྲུན་དང་། སློབ་ཁྲིད་ཚན་ཞིབ། དྲིལ་བསྒྲགས་སློབ་གསོ་བཅས་གཅིག་གྱུར་ཐོག་ཚད་ལྡན་བཟོ་དགོས་ལ། དྲན་གསོ་ཁང་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། དེ་བཞིན་འབྲེལ་ཡོད་ལོ་རྒྱུས་དང་རིག་གནས་ཀྱི་གནའ་ཤུལ་བཅས་འགྲེམས་སྟོན་དང་གཤམས་སྟོན་བྱེད་པའི་རྩ་གནད་དང་། འགྲེལ་བཤད་བྱེད་ཚིག དྲ་རྒྱའི་ཐ་སྙད་བཅས་ཚད་ལྡན་བཟོ་དགོས། མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག སྐད་བརྡའི་མ་ལག་བཅས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས། ཕྱི་ཕྱོགས་དང་སྤེལ་རེས་བྱེད་རྒྱ་ཆེ་རུ་བཏང་སྟེ། བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས།
བློ་མཐུན་རྣམ་པ། དུས་བདེ་ཞི་མཐུན་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འདུན་པ་ཆེ་ཤོས་ཡིན། ང་ཚོས་བདེ་བའི་དུས་སུ་ཉེན་ཟོན་དང་ལྷིང་འཇགས་དུས་སུ་ཟིང་ཟོན་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་ཡོང་རྒྱུ་དེ་སེམས་སུ་འཇོག་པ་དང་། དངོས་སུ་དམ་འཛིན་བྱེད་པ། བྱ་སྤྱོད་ཐོག་འཁྱོལ་བ་བཅས་བྱས་ཚེ། ཕྱོགས་བཞིའི་རླུང་འཚུབ་ཇི་ལྟར་ལྡང་ན་ཡང་། དུས་བདེ་ཞི་མཐུན་ཡོང་བ་ནི་ཆོས་ཉིད་ཅིག་ཏུ་འགྱུར་ཐུབ་ངེས་རེད།
(གཉིས) གོང་འཕེལ་གྱི་བསམ་གཞི་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུར་ཤུགས་རྒྱག་དགོས་པ། གོང་འཕེལ་གཏོང་དགོས་ཕྱིན་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། ཚང་མར་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ། ཚང་མར་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། ཚང་མར་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་འགྲོ་བར་ཕན་འདོགས་དགོས་པ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། གོང་འཕེལ་གྱི་རྣམ་པ་ལེགས་སུ་གཏོང་རྒྱུས་འཇུག་སྒོ་བྱེད་པ་དང་། རྒྱུ་རྐྱེན་གཙོ་བོ་དང་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུས་འདེགས་སྐྱོར་བྱེད་པ། སྒྲིག་སྲོལ་ལམ་སྲོལ་གྱིས་འགན་ལེན་བྱེད་པ་བཅས་ལ་བརྟེན་ནས་གོང་འཕེལ་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་ཏེ། ནུས་ལྡན་མ་འཇོག་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་ནུས་པར་ཚད་མཐོའི་མཐོང་ཆེན་བྱེད་དགོས། རྣམ་གྲངས་ནི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་རྨང་གཞི་ཡིན་ཞིང་། རྣམ་གྲངས་ནི་གནས་དང་། ཐོན་ལས་ནི་རྒྱུད། དཔལ་འབྱོར་ནི་ཁྱོན་བཅས་ཡིན་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་དེ་གལ་ཆེའི་གནས་བབ་ཐོག་བཞག་ནས་གནས་དང་། རྒྱུད། ཁྱོན་བཅས་གསུམ་པོས་མཉམ་དུ་ཤུགས་འདོན་རྒྱུ་མཐའ་འཁྱོངས་ཀྱིས་རྣམ་གྲངས་ཀྱི་དུས་འགོའི་གྲབས་གསོག་དང་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཏེ། ཚོང་འགུགས་རྣམ་གྲངས་ཀྱི་ཇུས་འགོད་དམ་འཛིན་བྱེད་པ་དང་། དུས་འགོའི་རྣམ་གྲངས་ཀྱི་ལས་འགོ་འཛུགས་རྒྱུར་དམ་འཛིན་བྱེད་པ། སྐྲུན་མུས་རྣམ་གྲངས་ཀྱི་མྱུར་ཚད་ལ་དམ་འཛིན་བྱེད་པ། མཇུག་བསྒྲིལ་རྣམ་གྲངས་ཀྱི་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུར་དམ་འཛིན་བྱེད་པ། གནད་དོན་ཡོད་པའི་རྣམ་གྲངས་བཅོས་སྒྲིག་བྱེད་རྒྱུར་དམ་འཛིན་བྱེད་པ། ལས་འགོ་བཙུགས་པའི་རྣམ་གྲངས་ཀྱི་ཕན་འབྲས་དམ་འཛིན་བྱེད་པ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར་མིག་སྔར་གསོན་ཤུགས་ལྡན་པ་དང་ཕྱིས་འབྱུང་ལ་གཏིང་ཤུགས་ལྡན་པར་འགན་ལེན་གྱིས་སྤུས་ཚད་དེ་བས་མཐོ་བ་དང་། ནུས་ཕྱོད་དེ་བས་ཆེ་བ། དྲང་གཞག་དེ་བས་ལྡན་པ། རྒྱུན་མཐུད་དེ་བས་ཐུབ་པ། བདེ་འཇགས་དེ་བས་ཡིན་པ་བཅས་ཀྱི་གོང་འཕེལ་མངོན་འགྱུར་ཐུབ་པ་བྱེད་དགོས།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ། རྨང་གཞིའི་སྒྲིག་བཀོད་ནི་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་ལ་ཐུག་པའི་གནད་དོན་ཞིག་ཡིན་ལ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་སྤེལ་གཏོང་བ་དང་གོང་འཕེལ་གྱི་རྣམ་པ་གསར་པར་མཉམ་འདྲེས་ཐུབ་པ་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན། བོད་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་སྐབས་དཔལ་འབྱོར་གྱི་རྩིས་ཁོ་ན་མི་རྒྱག་པར་ཆབ་སྲིད་ཀྱི་རྩིས་དང་། དམངས་འཚོའི་རྩིས། དམངས་སེམས་ཀྱི་རྩིས་བཅས་དེ་བས་རྒྱག་དགོས། ལྕགས་ལམ་དང་། རིམ་མཐོའི་གཞུང་ལམ། དམངས་སྤྱོད་གནམ་ཐང་བཅས་ཀྱིས་རྐང་འཛིན་བྱེད་པ་དང་རྒྱལ་ལམ་དང་ཞིང་ཆེན་ལམ་དཀྱུས་མས་གཙོ་རྐང་བྱེད་པའི་ཕྱོགས་བསྡུས་ཡོངས་ཁྱབ་ཀྱི་འགྲིམ་འགྲུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཡུན་བོད་ལྕགས་ལམ་དང་། ཀྲུང་ནེ་ལྕགས་ལམ། ཤིན་བོད་ལྕགས་ལམ་བཅས་ཀྱི་དུས་འགོའི་ལས་དོན་ཡག་པོ་ཧུར་ཐག་སྒྲུབ་པ། མཚོ་བོད་ལྕགས་ལམ་གྱི་གོར་ལྷའི་ལམ་དུམ་དང་ལྷ་གཞིས་ལྕགས་ལམ་གློག་རླངས་ཅན་དུ་བསྒྱུར་བཀོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། “གཞུང་བཞི་འཕྲེད་གསུམ་བགྲོད་ལམ་བརྒྱད”ཀྱི་གཞུང་ལམ་དྲ་རྒྱ་གཏོད་རྒྱུར་དམིགས་ཏེ། རྒྱལ་ལམ་318བོད་རྒྱུད་ཀྱི་ལམ་དུམ་སྤུས་ཚད་ལེགས་གཏོང་བསྒྱུར་བཀོད་བྱེད་རྒྱུར་གཙོ་གནད་དུ་སྐུལ་སྤེལ་གཏོང་བ་དང་། རྒྱལ་ལམ་219རྒྱུད་ཀྱི་ལྗོངས་ནང་ཁུལ་གྱི་གཞུང་ལམ་སྣུམ་ནག་ཅན་དུ་སྒྱུར་ཐུབ་པ། ལྷ་ས་ནས་གཞིས་རྩེའི་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ཐུབ་པ། མཚོ་བོད་དང་ཁྲོན་བོད་ཀྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་གཞུང་ལམ་ཨ་མ་དང“ལེགས་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཤང་གྲོང་རྡལ་100%དང་སྒྲིག་ཚུད་གྲོང་ཚོ་90%ཡན་ལ་ཨར་འདམ་ལམ་ཤར་གཏོང་ཐུབ་པ་བཅས་བྱེད་དགོས། མཁའ་འགྲུལ་ལས་རིགས་གོང་འཕེལ་གང་མགྱོགས་བཏང་ནས་ལྷུན་རྩེ་དང་། དིང་རི། སྤུ་ཧྲེང་བཅས་ཀྱི་ཡན་ལག་གནམ་ཐང་དང་ཡོངས་སྤྱོད་གནམ་ཐང་ཁག་གཅིག་སྔ་ཙམ་བསྐྲུན་ཐུབ་པ་བྱེད་དགོས། ལྗོངས་ཕྱི་ནང་དབར་ནུས་རྒྱུ་མཉམ་སྦྲེལ་མཉམ་གསབ་བྱེད་ཤུགས་ཆེ་རུ་བཏང་ནས་གློག་ཁུངས་དང་། གློག་དྲ། སྣུམ་རླངས་མདོང་ལམ། ཆུ་འཐེན་ནུས་གསོག་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། གྲོང་ཁྱེར་གྱི་གློག་དྲ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གློག་དྲ་བསྒྱུར་བཀོད་རིམ་སྤོར་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། མཚོ་བོད་དྲ་སྦྲེལ་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་བསྐྲུན་ཐུབ་པ་བྱེད་པ། བཅོས་སྣུམ་གྱི་གྲབས་གསོག་རྟེན་གཞི་འཛུགས་སྐྲུན་གང་མགྱོགས་བཅས་བྱེད་དགོས། ཤངས་ཆུའི་ཆུ་བེད་ལྟེ་གནས་དང་། དེ་བཞིན་ལེ་ལག་ཚང་བའི་ཆུ་འདྲེན་ཁུལ་གྱི་ལས་གྲྭ་དང་བྲག་སྐོར། མེ་འབར་ཐང་སོགས་ཆུ་མཛོད་འབྲིང་གྲས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྒྱལ་སྒྲོལ་གཙང་པོའི་ཆུ་རྒྱུན་ཐོན་ཁུངས་ཀྱི་འཐབ་ཇུས་གྲབས་གསོག་དང་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། “གྲངས་འཛིན་གྱི་གོ་སྐབས”དམ་འཛིན་བྱས་ནས་5Gདང་། འབྱུང་འཕྲོད་གཞི་གྲངས་ལྟེ་གནས། ཟོག་སྦྲེལ་དྲ་རྒྱ། བཟོ་ལས་མཉམ་སྦྲེལ་དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་བཀོད་སྒྲིག་གང་མགྱོགས་བྱེད་པ་དང་། “ཤར་གྲངས་ནུབ་རྩིས”ཀྱི་ཁྱབ་བཀོད་ནང་མཉམ་འདྲེས་ཧུར་ཐག་ཐུབ་པ་བྱས་ནས་ཆ་འཕྲིན་ཅན་གྱི་གོང་འཕེལ་འགྲོ་ཚད་དེ་སྤྱིའི་ཆ་ནས་ནུབ་རྒྱུད་ཀྱི་ཆུ་ཚད་འབྲིང་གྲས་སུ་སླེབས་ཐུབ་པ་བྱེད་དགོས།
ཁྱད་ལྡན་ཐོན་ལས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ། ཐོན་ལས་ནི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་གཞི་རྩ་ཡིན། བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དོན་དངོས་ལ་གཞི་ཚུགས་ཏེ། ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་གོང་མཐོར་གཏོང་བ་བཅས་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དེ་གོང་འཕེལ་གྱི་ལེགས་ཆར་སྒྱུར་གང་ཐུབ་བྱས་ཐོག འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱོང་སྤེལ་ཧུར་ཐག་བྱས་ནས་དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་རྒྱུ་ཇེ་མགྱོགས་སུ་གཏོང་དགོས། རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་བར། ཐོན་ཁུངས་ནི་རྩ་བ་དང་། ཁྱད་ཆོས་ནི་གཙོ་བོ། རིག་གནས་ནི་བླ་སྲོག ཁྲོམ་ར་ནི་ཁྲིད་ཕྱོགས་བཅས་ཡིན་ཞིང་། ཁྱད་ལྡན་དང་། ལེགས་གྲས། རྩེ་གྲ་བཅས་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ། རིག་གནས་དང་ཡུལ་སྐོར་གྱི་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་སྐོར་གོང་འཕེལ་གྱི་ཁོར་ཡུག་ལེགས་སུ་གཏོང་བ། ཡུལ་སྐོར་གྱི་ཚོང་སྒྱུར་བྱེད་རྣམ་གསར་གཏོད་བྱེད་པ་བཅས་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་སྤུས་འབོར་གཉིས་ལྡན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ལྗོངས་ཕྱི་ནང་གི་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། བློ་རིག་ཡུལ་སྐོར་དང་། གྲོང་གསེབ་ཡུལ་སྐོར། མཐའ་མཚམས་ཡུལ་སྐོར། འཁོར་ཁྲིད་ཡུལ་སྐོར་བཅས་གོང་འཕེལ་ཤུགས་ཆེན་གཏོང་བ་དང་། “བོད་ཀྱི་དགུན་དུས་ཡུལ་སྐོར”དང་། “རིག་གཏོད་བོད་ལྗོངས” “ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས”བཅས་ཀྱི་གྲགས་རྟགས་ཀྱི་བག་ཆགས་འཇོག་ཤུགས་ཆེ་རུ་བཏང་ཐོག རིག་གནས་ཡུལ་སྐོར་ཐོན་ལས་དེ་ཁུལ་ཡོངས་དང་དུས་གཏན་དུ་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས་ཡུལ་སྐོར་སྣེ་ལེན་ཞུ་བའི་མི་ཐེངས་གྲངས་དང་ཡོང་འབབ་ལོ་རེར་ཆ་སྙོམས་འཕར་ཚད་10%ཡན་ཟིན་ཐུབ་པའི་འགན་ལེན་བྱས་ཏེ། རིག་གནས་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་ལྡབ་གཅིག་འཕར་ཐུབ་པ་བྱེད་དགོས། ནུས་རྒྱུ་གཙང་མའི་ཐོན་ལས་གོང་འཕེལ་གང་མགྱོགས་གཏོང་བར། ཆུ་འོད་རླུང་དང་ཚ་ནུས་བཅས་བཞིའི་ནུས་རྒྱུ་ཕན་ཚུན་གསབ་རེས་དང་ནུས་དྲ་ཐེག་གསོག་བཞི་བཅས་གཞི་གཅིག་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ནུས་རྒྱུ་གཙང་མའི“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་གོང་འཕེལ་གཏོང་རྣམ་གསར་པ་གཏོད་དགོས། འབྲི་ཆུའི་སྟོད་རྒྱུད་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཆུ་ཤུགས་དང་འོད་ཤུགས་གསབ་རེས་བྱེད་པའི་ཚོ་འདུས་གློག་ཁང་སྤྱིའི་ཆ་ནས་བསྐྲུན་ཐུབ་པ་བྱེད་པ་དང་། རྫ་ཆུའི་སྟོད་རྒྱུད་དང་བོད་ཀྱི་ཤར་ལྷོ་སོགས་ཀྱི་ནུས་རྒྱུ་གཙང་མའི་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་འཛུགས་པ། གློག་ཤུགས་ཕྱིར་ཁྲིད་བྱེད་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་རྒྱུར་ཤུགས་རྒྱག་པ། གློག་ཤུགས་མ་ལག་དཔེ་སྟོན་ཁུལ་གསར་གྲས་དང་བསྐྱར་སྤྱོད་ནུས་གཙང་བེད་སྤྱོད་དཔེ་སྟོན་ཁུལ་གཏོད་པ་བཅས་བྱས་ཏེ། བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་འདོན་ཤུགས་དེ་ཆན་ཝ་ཁྲི་3000ལས་བརྒལ་བ་དང་གློག་ཤུགས་ཕྱིར་ཁྲིད་བྱེད་ནུས་ཆན་ཝ་ཁྲི་500ལས་བརྒལ་བ་བྱེད་དགོས། འབྱུང་འཕྲོད་བཟོ་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་བར། འབྱུང་འཕྲོད་གཏེར་ལས་དང་། རང་བྱུང་འཐུང་ཆུ། དེ་བཞིན་མི་རིགས་ལག་ཤེས་ལས་རིགས་བཅས་གོང་འཕེལ་གཏོང་རྒྱུ་གཙོ་གནད་དུ་སྐུལ་སྤེལ་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གཏེར་རྫས་ཐོན་ཁུངས་དང་བྱང་ཐང་གི་སྣུམ་རླངས་ཐོན་ཁུངས་ལ་ཚོད་སྐོར་བྱེད་པ། གྲབ་ཡས་དེང་རབས་ཚྭ་མཚོ་སོགས་ཀྱི་ཐོན་ལས་གསར་སྤེལ་བྱེད་རྒྱུར་སྐུལ་སྤེལ་གཏོང་བ། ཨར་སྐྲུན་ལས་རིགས་དང་འཛུགས་སྐྲུན་རྒྱུ་ཆའི་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། འབྱུང་འཕྲོད་འཛུགས་སྐྲུན་རྒྱུ་ཆའི་ཐོན་རྫས་ཀྱིས་ལྗོངས་ནང་ཁུལ་གྱི་ཁྲོམ་ར་བཟུང་ཚད་70%ཡན་ཟིན་ཐུབ་པ་དང་། རང་བྱུང་འཐུང་ཆུའི་ཐོན་འཚོང་བྱེད་འབོར་ཏུན་ཁྲི་120ཡན་ཟིན་ཐུབ་པ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་སྐྱེད་རིན་ཐང་ལོ་རེར་ཆ་སྙོམས་10%ཡན་འཕར་ཐུབ་པ་བཅས་བྱེད་དགོས།
དེང་རབས་ཞབས་ཞུའི་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་བར། ཞིབ་འཇུག་གསར་སྤེལ་གྱི་ཇུས་འགོད་དང་། དངུལ་རྩའི་འགན་བཅོལ། ནུས་བསྲི་ཁོར་སྲུང་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་རྒྱུར་ཤུགས་བརྒྱབ་ནས་བདེ་ཐང་དང་། རྒན་གསོ། བྱིས་གསོ། ལུས་རྩལ། ཁྱིམ་ལས། སྡེ་ལས་སོགས་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གཙོ་གནད་དུ་གོང་འཕེལ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་དངོས་གཞིའི་དཔལ་འབྱོར་ལ་ཞབས་ཞུ་དེ་བས་ཡག་པོ་བསྒྲུབ་རྒྱུ་དང་མི་དམངས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་སྐོང་ཐུབ་པ་བྱས་ནས་ཞབས་ཞུའི་ལས་རིགས་ནང་ལོ་ལྟར་མི་ཁྲི་3ཡན་གསར་དུ་ལས་ཞུགས་ཐུབ་པ་བྱེད་དགོས། འཛད་སྤྱོད་ཁྲོམ་ར་སྐྱོང་སྤེལ་དང་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། མཚན་མོའི་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་བཏང་ནས་སྤྱི་ཚོགས་འཛད་སྤྱོད་སིལ་འཚོང་གི་སྤྱི་འབོར་ལོ་རེར་ཆ་སྙོམས་10%ཡན་འཕར་ཐུབ་པ་བྱེད་དགོས། ས་མཐོའི་སྐྱེ་དངོས་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་བར། འབྲུ་རིགས་ཀྱི་ཐོན་འབོར་བརྟན་དུ་གཏོང་བ་དང་། འབྲོག་ལས་དར་རྒྱས་གཏོང་བ། ཁྱད་ལྡན་སྟོབས་ཆེར་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ནས་དང་འབྲི་གཡག་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་དང་ཐོན་ལས་དར་ཁུལ་ཁག་གཅིག་ཚད་གཞི་མཐོ་བའི་སྒོ་ནས་འཛུཌ་སྐྲུན་བྱེད་པ། “ཆུ་བོ་གཉིས་དང་གཙང་པོ་བཞིའི”རོང་སའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། ནས་དང་། ཤ་རིགས་དཀར་ཆུའི་ལོ་རེའི་ཐོན་འབོར་ཁག་སོ་སོར་ཏུན་ཁྲི་85དང་ཏུན་ཁྲི་100ཡན་ཟིན་ཐུབ་པ་བྱེད་དགོས། སྣེ་འདྲེན་ཁེ་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་སྟོབས་ཆེར་བཏང་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཐོན་སྐྱེད་ཆུང་རིགས་དེ་འགྱུར་ལྡོག་ཆེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་ར་ཆེ་རིགས་དང་ཟུང་སྦྲེལ་ནུས་ལྡན་བྱས་ཐོག གོ་རིམ་ལྡན་པའི་སྒོ་ནས་དེང་རབས་ཅན་གྱི་འདེབས་གསོ་གོང་འཕེལ་བཏང་སྟེ། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་ལོ་རེར15%ཡན་འཕར་ཐུབ་པ་བྱེད་དགོས། བོད་སྨན་ཐོན་ལས་གོང་འཕེལ་ཧུར་ཐག་གཏོང་དགོས། མཐོ་གསར་གྲངས་འཛིན་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་བར། མཉམ་སྦྲེལ་དྲ་རྒྱ་དང་། གཞི་གྲངས་ཆེན་པོ། སྤྲིན་རྩིས། མི་ཐབས་རིག་ནུས། སྲུང་སྐར་ལག་རྩལ་སོགས་རབས་གསར་ཆ་འཕྲིན་ལག་རྩལ་དེ་དག་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་སྤེལ་ཧུར་ཐག་གཏོང་བ་དང་། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་གྲངས་འཛིན་གྲུ་ཁ་འཛུགས་སྐྲུན་བྱེད་པ། ཐོན་ལས་གྲངས་འཛིན་ཅན་དང་གྲངས་འཛིན་ཐོན་ལས་ཅན་དུ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་དེ་སྒོར་དུང་ཕྱུར་600ལས་བརྒལ་ཐུབ་པའི་བརྩོན་ལེན་བྱེད་དགོས། མཐའ་མཚམས་ཚོང་དོན་གྱི་ཟོག་འགྲུལ་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་བར། སྐྱིད་གྲོང་དང་། འགྲམ། སྤུ་ཧྲེང་བཅས་ཀྱི་འགག་སྒོའི་གཞི་རྩའི་སྒྲིག་བཀོད་དང་བྱེད་ནུས་འཛུཌ་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མཐའ་མཚམས་མི་སེར་གྱི་ཚོང་འབྲེལ་གྱི་ནང་འདྲེན་ཚོང་ཟོག་གནས་འབྱོར་བཟོ་སྣོན་ཐུབ་པ་བྱེད་པ་དང་། ཕྱིར་གཏོང་ནང་འདྲེན་བྱེད་ཚད་ལོ་རེར་ཆ་སྙོམས་20%ཡན་འཕར་ཐུབ་པ་བྱེད་དགོས། ཚོང་དོན་འཁོར་རྒྱུག་མ་ལག་གི་འདེགས་སྐྱོར་ནུས་པ་ཆེ་རུ་བཏང་སྟེ། གྲང་ཕྲེང་ཟོག་འགྲུལ་བསྡུ་འགྲེམས་ལྟེ་གནས་ཁག་10ཡན་འཛུགས་སྐྲུན་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དངོས་ཟོག་སྤེལ་གཏོང་གི་དྲ་རྒྱ་གཞི་གཅིག་ཅན་དུ་སྒྱུར་རྒྱུར་སྐུལ་སྤེལ་གཏོང་བ། ཚོང་དོན་འཁོར་རྒྱུག་མ་ལག་དེ་ཐག་རིང་ལུང་ཁུག་གྲོང་ཚོར་སྣུར་སྲིང་བྱེད་རྒྱུར་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས།
གསར་གཏོད་ལ་བརྟེན་ནས་གོང་འཕེལ་གཏོང་བའི་ཐབས་ཇུས་སྐུལ་སྤེལ་གཏིང་ཟབ་གཏོང་དགོས་པ། ས་མཐོར་སྤྱོད་གོ་ཆོད་པའི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཁུལ་ཁོངས་ཀྱི་ཤུགས་རྐྱེན་ཐེབས་ནུས་ལྡན་པའི་ས་མཐོའི་ཁྱད་ལྡན་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་རྒྱུར་སྐུལ་འདེད་བཏང་ཐོག རྒྱལ་ཁབ་རིམ་པའི་གསར་གཏོད་ལས་སྟེགས་ཁག་20ཟིན་ཐུབ་པ་བྱེད་དགོས། མདུན་གྲལ་ལག་རྩལ་དང་ཉེར་སྤྱོད་ཀྱི་རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱས་ནས་རང་སྐྱོང་ལྗོངས་ཚན་རྩལ་རིག་མཛོད་འཛུགས་པ་དང་། ཚན་ཞིབ་ཁང་དང་མཐོ་རིམ་སློབ་གླིང་གིས་རྐང་འཛིན་བྱས་པའི་ཤེས་བྱ་གསར་གཏོད་མ་ལག་སྐྲུན་དགོས། ཚན་རྩལ་རྣམ་པའི་ཁེ་ལས་སྐྱོང་སྤེལ་ཤུགས་ཆེན་བྱས་ཏེ། མཐོ་གསར་ལག་རྩལ་གྱི་ཁེ་ལས་160ཡན་ཟིན་ཐུབ་པ་བྱེད་དགོས། སྐུལ་ལྕག་གཏོང་ལམ་དང་ཚན་རྩལ་དཔྱད་གདེང་བྱེད་ལམ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤེས་རིག་བདག་དབང་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མི་ཁྲི་རེར་གསར་གཏོད་ཁེ་བེད་བདག་ཐོབ་ལྡན་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ལྷ་སའི་མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ལྟེ་གནས་བཙུགས་ནས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དང་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་ལས་འགན་ལ་ཞབས་ཞུ་དང་འགན་སྲུང་བྱེད་དགོས།
གྲོང་གསེབ་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། “མི་འདོར་བ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། “རིམ་ལྔའི་ཧྲུའུ་ཅིའི”འགན་འཁྲི་ནན་པོ་དཀྲི་བ། དབུལ་པོ་བསྐྱར་ལོག་མི་ཐེབས་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་ལམ་འཐུས་སྒོ་ཚང་དུ་བཏང་སྟེ། ནད་གཞི་དང་གནོད་འཚེ་སོགས་དམིགས་བསལ་གནས་ཚུལ་གྱི་རྐྱེན་པས་དབུལ་པོར་གྱུར་བ་དང་དབུལ་པོ་བསྐྱར་ལོག་གི་མང་ཚོགས་འགུལ་རྣམ་ཐོག་མི་ཡོང་བ་བྱེད་དགོས། དབུལ་སྐྱོར་ཐོན་ལས་ཀྱི་རིམ་སྤོར་བྱ་སྤྱོད་སྤེལ་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་ནས་དབུལ་སྐྱོར་རྣམ་གྲངས་ཀྱི་རྒྱུ་ནོར་གྱི་རྨང་གྲངས་གསལ་རྟོགས་ཐུབ་པ་བྱས་ཏེ། འཁོར་སྐྱོད་དང་བདག་སྐྱོང་བྱེད་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་དར་རྒྱས་གཏོང་རྒྱུར་དམ་པོར་དམིགས་ཏེ། སྲིད་ཇུས་ཐོག་ནས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཅིག་གྱུར་འཆར་འགོད་ཀྱིས་མ་དངུལ་སྒྲིལ་སྤྱོད་བྱེད་པ། “བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག”བྱེད་རྒྱུ་བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བཅས་བྱེད་དགོས། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྨོ་ཞིང་གི་སྲུང་སྐྱོབ་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱེད་པ། རྨོ་ཞིང་གི་སྤུས་ཚད་མཐོ་རུ་གཏོང་བ། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་འབྲུ་རིགས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས། འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་ལས་འགུལ་སྤེལ་ཏེ། ནས་ཀྱི་སྤུས་ལེགས་སོན་འབྲུ་འདེབས་གསོའི་རྟེན་གཞི་མུའུ་ཁྲི་15དང་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་འབྲི་གཡག་དང་བོད་ལུག་གི་རྒྱུད་བཟང་ར་བ་ཁག་15བསྐྲུན་ནས་ཞིང་འབྲོག་ལས་ལ་འཕྲད་པའི་དཀའ་གནད་གཙོ་བོ་ཐག་གཅོད་ཡག་པོ་བྱེད་དགོས། ས་མཐོའི་རྩྭ་ཐང་ལས་རིགས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། ས་ཁོངས་འཕྲོད་སར་སྤུས་ལེགས་གཟན་རྩྭ་འདེབས་འཛུགས་བྱས་ནས་གཟན་རྩྭའི་ཐོན་འབོར་ཟམ་མི་ཆད་པར་མང་དུ་གཏོང་དགོས། གྲོང་གསེབ་ཀྱི་འགན་གཙང་ས་ཆའི“དབང་གསུམ་ལོགས་འཛུགས”ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གྲོང་གསེབ་མཉམ་སྡེབ་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་བསྒྱུར་བཅོས་བྱེད་པའི་མཇུག་འཕྲོའི་ལས་དོན་ཡག་པོ་སྒྲུབ་དགོས། མཁོ་འཚོང་མཉམ་ལས་ཁང་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་ཞབས་ཞུ་དོ་སྙོམས་ཅན་དུ་སྒྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ལས་འགུལ་བརྟན་པོ་སྤེལ་བ། བདེ་ཐང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་བཅས་བྱས་ནས་མཛེས་སྡུག་གནས་འཕྲོད་ཀྱི་གྲོང་གསེབ་1000འཛུགས་སྐྲུན་བྱས་ཏེ་གྲོང་གསེབ་ཀྱི་རྣམ་པ་རྒྱུན་མཐུད་ནས་ལེགས་སུ་གཏོང་དགོས།
རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་གྱི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ། ཐེམ་ཐོའི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ནས་ཞིང་འབྲོག་ལས་ཀྱི་སྤོ་སྒྱུར་མི་འབོར་རྣམས་གྲོང་མིར་སྒྱུར་རྒྱུར་སྐུལ་སྤེལ་བཏང་སྟེ། གྲོང་ཁྱེར་གྲོང་རྡལ་ཅན་དུ་སྒྱུར་ཚད་40%ཡན་ཟིན་ཐུབ་པའི་འགན་ལེན་བྱེད་དགོས། ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་དུ་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་གཏོང་དགོས་པ་དང་སྲིན་པོ་རིའི་བདེ་སྐྱིད་ཁྱིམ་གཞིས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས། “རྫོང་ཁོངས་འགག་སྒྲོལ”གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ། ཐོན་གྲོང་མཉམ་འདྲེས་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཆ་རྐྱེན་འཛོམས་པའི་རྫོང་གིས་ཐོན་སྐྱེད་བར་སྟོང་གི་ཁྱབ་བཀོད་ལེགས་སྒྱུར་བྱེད་པར་སྐུལ་མ་བཏང་ནས་ཐོན་ལས་མཉམ་འདུས་ཁུལ་འཛུགས་སྐྲུན་བྱེད་པ་དང་། དངུལ་རྩའི་ལས་ཁུངས་དང་བོད་སྐྱོར་མ་རྩར་བརྟེན་ནས་རྫོང་ཁུལ་གྱི་དཔལ་འབྱོར་གོང་འཕེལ་གཏོང་བར་ཁྲིད་སྟོན་བྱེད་པ། ཤེས་ལྡན་པ་དང་ཚན་རྩལ་ལ་བརྟེན་ནས་རྫོང་ཁུལ་གྱི་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྟོབས་ཤུགས་ཡོད་པ་དང་། མང་ཚོགས་འདུས་པ། ཁྲོམ་ར་ཡོད་པ་བཅས་ཀྱི་ཁྱད་ལྡན་ཞིང་ལས་སྟོབས་ཆེའི་རྫོང་དང་། འབྲོག་ལས་སྟོབས་ཆེའི་རྫོང་། ཡུལ་སྐོར་སྟོབས་ཆེའི་རྫོང་བཅས་ཁག་གཅིག་གཏོད་ཐུབ་པ་བྱེད་དགོས།
ཁུལ་ཁོངས་གོང་འཕེལ་གཏོང་རྒྱུའི་ཁྱབ་བཀོད་ལ་སྐུལ་སྤེལ་གཏིང་ཟབ་གཏོང་དགོས་པ། ས་གནས་ཁག་གི་དགེ་མཚན་ཆེ་རིགས་འདོན་སྤེལ་བྱས་ཏེ། རང་འགུལ་ངང་རྒྱལ་ཁབ་ཀྱི་ཁུལ་ཁོངས་གོང་འཕེལ་གཏོང་བའི་འཐབ་ཇུས་དང་འབྲེལ་མཐུད་བྱས་ནས་གཙོ་ཆེའི་རྨང་གཞིའི་སྒྲིག་བཀོད་དང་། གཙོ་ཆེའི་ཐོན་སྐྱེད་ནུས་ཤུགས། སྤྱི་པའི་ཐོན་ཁུངས་བཅས་ཀྱི་ཁྱབ་བཀོད་ལེགས་སྒྱུར་བྱེད་རྒྱུ་མ་ཟད། གཙོ་རྐང་གི་བྱེད་ནུས་མངོན་གསལ་དོད་པ་དང་། དགེ་མཚན་གསབ་རེས་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བ་བཅས་ཀྱི“ལྟེ་གཅིག་འཁོར་གཅིག་རྒྱུད་གཉིས་ཁུལ་གསུམ”གྱི་ཁུལ་ཁོངས་གོང་འཕེལ་གཏོང་རྣམ་གསར་པ་ཞིག་གཏོད་རྒྱུར་ཤུགས་རྒྱག་དགོས། “ལྟེ་གཅིག”ནི་ལྷ་སའི་ལྟེ་བའི་འཕར་སྣེ་རྒྱ་སྟོབས་ཆེ་རུ་བཏང་ནས་ལྷ་སའི་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ལྷ་ས་དེ་ཉིད་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་གདོང་དམག་ཡག་པོ་ཞིག་བྱེད་ཐུབ་པའི་འགན་ལེན་བྱེད་རྒྱུ་དེ་ཡིན། “འཁོར་གཅིག”ནི་སྒྲིག་སྲོལ་ལམ་སྲོལ་གྱི་བཀག་རྒྱ་ཤུགས་ཆེར་གཏོར་ནས་སྒྲིག་བཀོད་འབྲེལ་མཐུད་དང་། ཐོན་ལས་མཉམ་སྒྲུབ། གཙོ་རྒྱུ་འཁོར་སྐྱོད་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་བརྒྱབ་སྟེ། ལྷ་ས་ལྟེ་བར་བྱེད་པ་དང་། གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ནག་ཆུ་བཅས་སུ་ཁྱབ་འགྱེད་ཐུབ་པའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ་ཞིག་གང་མགྱོགས་ཆགས་པ་བྱེད་རྒྱུ་དེ་ཡིན། “རྒྱུད་གཉིས”ནི་མཐའ་མཚམས་ལམ་རྒྱུད་ཀྱི་གོང་འཕེལ་ས་རྒྱུད་འཛུགས་སྐྲུན་གང་མགྱོགས་བྱས་ཏེ། ཁྲོན་བོད་དང་། མཚོ་བོད། ལྷ་གཞིས་སོགས་ལྕགས་ལམ་ལམ་རྒྱུད་ཀྱི་དཔལ་འབྱོར་ས་རྒྱུད་འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་གཏོང་རྒྱུ་དེ་ཡིན། “ཁུལ་གསུམ”ནི་ཁུལ་ཁོངས་གཅིག་གྱུར་གྱིས་འཆར་འགོད་དང་གཙོ་གནད་ཀྱིས་སྣེ་འདྲེན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་དབུས་ལྷོའི་རྒྱུད་ཀྱི་གཙོ་གནད་གསར་སྤེལ་ཁུལ་དང་། བོད་ཤར་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་གསར་སྤེལ་ཁུལ། བོད་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་གསོ་འཁྱོངས་ཁུལ་བཅས་ཀྱི་འཛུགས་སྐྲུན་ལ་མཐུན་སྦྱོར་ལྡན་པའི་སྒོ་ནས་སྐུལ་སྤེལ་གཏོང་རྒྱུ་དང་། བོད་ལྗོངས་རང་ངོས་ཀྱི་ཁུལ་ཁོངས་རང་བཞིན་གྱི་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”ཁྲོད་ཀྱི་ནང་ངོས་སུ་འབྲེལ་མཐུད་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྤྱི་ཡོངས་ཁྱབ་བཀོད་ནང་རང་རྟོགས་ཀྱིས་འཇུག་རྒྱུ་དེ་ཡིན། ས་གནས་གྲོང་ཁྱེར་ཁག་གིས་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བའི་ཆུ་ཚད་དང་བྱེད་ནུས་ཀྱི་ངེས་གནས་ནས་འགོ་བཙུགས་ཏེ། རང་ངོས་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་དགོས།
བསྒྱུར་བཅོས་སྒོ་དབྱེར་སྐུལ་སྤེལ་གཏིང་ཟབ་གཏོང་དགོས་པ། སྲིད་གཞུང་གི་འགན་ནུས་སྒྱུར་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། “གློད་སྡོམ་ཞབས་གསུམ”གྱི་བསྒྱུར་བཅོས་དང་དོན་གྲོས་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། “སྲིད་དོན་ཞབས་ཞུ་དྲ་གཅིག་ཀུན་སྒྲུབ”དང་། “ཐེངས་གཅིག་ལས་འགྲོ་མི་དགོས་པ”སོགས་ཀྱི་དཔེ་རྣམ་ཁྱབ་སྤེལ་ཧུར་ཐག་གཏོང་བ་བཅས་བྱས་ནས་སྲིད་གཞུང་གི་ཞབས་ཞུའི་དོན་གནད་དྲ་ཐོག་ཏུ་གཉེར་སྒྲུབ་ཐུབ་ཚད་100%ཟིན་པ་བྱེད་དགོས། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་གོང་འཕེལ་གཏོང་བ་དང་། གཞུང་ཁོངས་དཔལ་འབྱོར་གྱི་ཁྱབ་བཀོད་ལེགས་སྒྱུར་དང་གྲུབ་ཆ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གཞུང་ཁོངས་ཁེ་ལས་དར་རྒྱས་གཏོང་བའི་ལོ་གསུམ་གྱི་འཆར་གཞི་ལག་བསྟར་བཅས་བྱེད་དགོས། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པ་དང་། སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་གསར་པ་འཛུགས་པ། ཚོང་གཉེར་གྱི་ཁོར་ཡུག་ལེགས་སྒྱུར་བྱེད་པ། ཁྲོམ་རའི་འདྲ་མཉམ་ལ་སྲུང་སྐྱོང་བྱེད་པ། ཁྲོམ་རའི་གསོན་ཤུགས་འཕེལ་ཐུབ་པ་བཅས་བྱས་ཏེ། ཁྲོམ་རའི་བྱེད་པོའི་གྲངས་འབོར་ལོ་རེར་ཆ་སྙོམས་6.5%ཡན་འཕར་བ་དང་དུད་ཚང་ཁྲི་50ཡན་ཟིན་ཐུབ་པ་བྱེད་དགོས། ཚོང་འགུགས་མ་འདྲེན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འདུ་ཤེས་གསར་གཏོད་ཀྱིས་ཚོང་འགུགས་དམ་འཛིན་དང་། ཞབས་ཞུ་སྒྲུབ་ཤུགས་ཆེར་གཏོང་གིས་ཚོང་འགུགས་དམ་འཛིན། བྱ་ཐབས་གསར་གཏོད་ཀྱིས་ཚོང་འགུགས་དམ་འཛིན་བཅས་བྱས་ནས་ལྗོངས་ཕྱིའི་མ་རྩ་གང་མང་འདྲེན་འགུགས་ཀྱིས་བོད་དུ་གནད་སྨིན་ཐུབ་པ་བྱེད་དགོས། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ལྷ་སའི་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ། བོད་མཚོ་བཟོ་ལས་གླིང་སོགས་གླིང་ཁུལ་གོང་འཕེལ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་བ་དང“ས་གྲོལ་དཔལ་འབྱོར”གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། སྒོ་མོ་འབྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་སྟེ། ལྷ་སའི་མཁའ་འགྲུལ་གྱི་འགག་སྒོའི་བྱེད་ནུས་ཆེ་རུ་གཏོང་བ་དང་། དགུན་སའི་མཁའ་འགྲུལ་གྱི་འགག་སྒོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ལེགས་རྩེ་དང་། འདྲེན་ཐང་། རི་འོག་སོགས་ཀྱི་འགག་སྒོའི་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏོང་བ། སྐྱིད་གྲོང་གི་རྒྱལ་ཁབ་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟ་ཁུལ་དང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་ནེ་པ་ལ་སོགས་ཉེ་འཁོར་གྱི་རྒྱལ་ཁབ་དང་སྤེལ་རེས་མཉམ་ལས་གཏིང་ཟབ་བྱེད་དགོས།
བློ་མཐུན་རྣམ་པ། སྤུས་ཚད་མཐོ་བའི་གོང་འཕེལ་གྱིས་ད་ལྟར་ཤུགས་རྐྱེན་ཐེབས་ཐུབ་པ་མ་ཟད་མ་འོངས་ཀྱང་གཏན་འཁེལ་བྱེད་ཐུབ་པས། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་གོང་འཕེལ་གྱི་བསམ་གཞི་གསར་པ་ལག་བསྟར་བྱས་ཏེ་གོ་སྐབས་དམ་འཛིན་གྱིས་གསར་གཏོད་ལ་བརྟེན་ནས་གོང་འཕེལ་གཏོང་བ་དང་། ལེགས་ཆ་འདོན་སྤེལ་གྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། དམངས་འཚོ་དང་ཟུང་འབྲེལ་དམ་ཟབ་ཀྱིས་གོང་འཕེལ་མྱུར་པོ་གཏོང་བ་བཅས་བྱས་ཚེ། ཏང་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པ། དུས་རབས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་ལས་རྗེས་གསར་པ་གཏོད་ཐུབ་ངེས་རེད།
(གསུམ) མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་ཕྱོགས་ལག་བསྟར་བྱས་ནས་དམངས་འཚོར་ལེགས་བཅོས་དང་འགན་སྲུང་ཏན་ཏིག་བྱེད་དགོས་པ། མི་དམངས་མང་ཚོགས་ཀྱིས་བསྒྱུར་བཅོས་གོང་འཕེལ་གྱི་འབྲས་བུ་མཉམ་སྤྱོད་ཐུབ་པ་དང་། དམངས་འཚོར་ལེགས་བཅོས་དང་འགན་སྲུང་བྱེད་རྒྱུ་ནི་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ཚང་མའི་ཐོག་མའི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གནད་དོན་ལ་ང་ཚོས་དམ་འཛིན་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དེ་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་གྱིས་ལོ་ལྟར་དམངས་འཚོའི་དོན་དངོས་ཁག་གཅིག་ཡག་པོ་བསྒྲུབས་ཐོག
མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་བསྐངས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཤུགས་ཆེར་ཏན་ཏིག་གཏོང་དགོས།
ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས་པ། ལས་ཞུགས་སྔོན་འཇོག་བྱེད་པའི་འཐབ་ཇུས་དང་ལས་ཞུགས་ཧུར་ཐག་བྱེད་པའི་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་དེ་བས་མཐོ་བ་དང་འཐུས་སྒོ་དེ་བས་ཚང་བའི་ལས་ཞུགས་བྱེད་ལམ་མངོན་འགྱུར་ཐུབ་པ་བྱེད་དགོས། ཁྲོམ་ར་ཅན་གྱི་ལས་ཞུགས་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གི་ལས་ཞུགས་ལྟ་བ་འགྱུར་ལྡོག་གཏོང་རྒྱུར་རྒྱུན་མཐུད་ཁྲིད་སྟོན་བྱེད་དགོས། ལས་ཞུགས་ལ་བརྟེན་ནས་བོད་སྐྱོར་བྱེད་པར་སྐུལ་སྤེལ་ཤུགས་ཆེན་བཏང་སྟེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། དེ་བཞིན་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར། ག་སྦྱར་རོགས་སྐྱོར་ཚན་པ་སོགས་ཀྱིས་ཐེམ་ཁོངས་བོད་ནས་ཡིན་པའི་སློབ་ཆེན་ཐོན་པའི་སློབ་མ་དེ་བས་མང་བ་བསྡུས་ནས་ལས་ཞུགས་བརྟན་པོ་ཡོང་ཐུབ་པ་བྱས་ཏེ། སློབ་ཆེན་སློབ་མ་ལས་ཀར་ཞུགས་ཚད་95%ཡན་ཟིན་ཐུབ་པ་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་ཀྱི་མ་འཇོག་རྣམ་གྲངས་ལ་བརྟེན་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལས་ཞུགས་ཐུབ་ཚད་ཆེ་རུ་གཏོང་རྒྱུ་དང་། ཞིང་འབྲོག་མང་ཚོགས་ཀྱིས་ལས་གྲྭ་འཛུགས་སྐྲུན་དང་བདག་སྐྱོང་ནང་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ལས་ཞུགས་ཐུབ་རྒྱུར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་མི་སྣ་དང་། དབང་པོ་སྐྱོན་ཅན། དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་རིགས་གྲས་ཀྱི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབས་ཐོག ལས་ཞུགས་པ་མེད་པའི་ཁྱིམ་ཚང་ལ་བབ་བསྟུན་ལས་ཞུགས་ཡོད་པ་བྱེད་དགོས། ལས་རིགས་རྩལ་ནུས་ཆེར་གཏོང་ལས་འགུལ་ཤུགས་ཆེ་སྤེལ་ཏེ། བོད་ལྗོངས་ཀྱི་ལག་ཤེས་སློབ་གླིང་ཡག་པོ་གཉེར་ནས“བོད་ཀྱི་བཟོ་བོ”གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། གསར་གཏོད་ལས་གཏོད་ལ་མཛུབ་ཁྲིད་དང་ཞབས་ཞུ་བསྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྣེའུ་ཁུལ་གསར་སོགས་རྒྱལ་ཁབ་ཀྱི་གཉིས་གཏོད་དཔེ་སྟོན་རྟེན་གཞི་དང་བོད་ཀྱི་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་བསྐྲུན་རྒྱུར་སྐུལ་སྤེལ་བཏང་ནས་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་གཉིས་གཏོད་གཞི་རྟེན་ཁག་70བསྐྲུན་ཐུབ་པ་བྱས་ཐོག ལོ་ལྟར་ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་60ཡན་ལས་ཞུགས་གཞན་སྒྱུར་ཐུབ་པ་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་བྱེད་ཚད་5%ཡི་ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་དགོས།
མི་དམངས་ཀྱི་བློ་ལ་འབབ་པའི་སློབ་གསོ་ཡག་པོ་གཉེར་རྒྱུར་ཤུགས་རྒྱག་དགོས་པ། མི་བཟང་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། སློབ་གསོའི་ཐད་ཀྱི་གཏོང་སྒོ་འགན་སྲུང་བྱེད་ལམ་འཐུས་སྒོ་ཚང་དུ་བཏང་སྟེ་ལོ་15ཡི་སློབ་ཡོན་གཞུང་ནས་གཏོང་བའི་སློབ་གསོའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། སློབ་གསོའི་ཐོན་ཁུངས་འདོན་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ། སློབ་གསོའི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བ། འགན་བབས་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་སྦྲགས། སློབ་ཞུགས་མ་བྱས་གོང་གི་སློབ་གསོ་དང་། དམིགས་བསལ་སློབ་གསོ། རྒྱུན་མཐུད་སློབ་གསོ། བོད་ལྗོངས་འཛིན་གྲྭ་བཅས་ཡག་པོ་གཉེར་དགོས། མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོའི་རིག་ཚན་ཆེད་ལས་ཀྱི་གྲུབ་ཆ་དང་ཤེས་ལྡན་པ་གསོ་སྐྱོང་གི་གྲུབ་ཆ་ལེགས་སུ་གཏོང་བ་དང་། བོད་ལྗོངས་སློབ་ཆེན“རྩེ་གྲས་གཉིས་སུ”འཛུགས་སྐྱོང་དང་པུའུ་དང་ལྗོངས་ཀྱིས་མཉམ་སྐྲུན་བྱེད་རྒྱུར་སྐུལ་སྤེལ་གཏོང་བ། རང་བྱུང་བཟོ་སྐྲུན་དང་ཞིང་ལས་གསོ་རིག་སོགས་ཐད་ཀྱི་ཁ་ཚ་དགོས་གཏུག་གི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་པ། ལས་རིགས་སློབ་གསོའི་སྤུས་ཚད་ལེགས་གཏོང་དང་ཕུལ་བྱུང་གསོ་སྐྱོང་བྱེད་པའི་འཆར་གཞི་ལག་བསྟར་ཡག་པོ་བཅས་བྱེད་དགོས། སློབ་གསོ་ཆ་འཕྲིན་ཅན་གྱི“ཇོ་རིའི་དར་སྤྲིན”ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་གསོའི་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་དགོས། དགེ་འོས་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དགེ་རྒན་གྱི་ཐོབ་ཐང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་སློབ་གསོའི་དཔྱད་གདེང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སློབ་གསོའི་ཤེས་ལྡན་པ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་ནས་རོགས་སྐྱོར་ཐོབ་མཁན་གྱི་སློབ་གྲྭ་དེ་སྤུས་ཚད་མཐོ་བའི་སློབ་ཁྲིད་ཀྱི་དཔེ་སྟོན་རྟེན་གཞི་དང་། དགེ་རྒན་གྱི་སྦྱོང་བརྡར་རྟེན་གཞི། རིག་ཚན་འཛུགས་སྐྱོང་གི་རྟེན་གཞི་བཅས་སུ་སྐྲུན་ཐུབ་པ་བྱེད་དགོས།
རིག་གནས་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྒྱག་དགོས་པ། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེ་གཏོང་བ་དང་། མི་རིགས་ཁག་གི་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་དང་གསར་གཏོད་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོའི་ཚན་རིག་རིག་གནས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བ་བྱེད་དགོས། རིག་གནས་ཀྱི་དམངས་ཕན་ལས་གཞི་ལག་བསྟར་གང་མགྱོགས་བྱས་ཏེ་གཞི་རིམ་མང་ཚོགས་ཀྱི་རིག་གནས་ཀྱི་འཐབ་ས་སྟོབས་ཆེར་གཏོང་དགོས། རིག་གནས་ཀྱི“མཐའ་གསོས”ལས་གཞིར་སྐུལ་འདེད་གཏིང་ཟབ་བཏང་སྟེ“འཚོ་བར་ཟབ་ཞུགས་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པའི”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་གཏོད་བྱེད་རྒྱུ་ལག་བསྟར་ཤུགས་ཆེ་བྱས་ཏེ། “མཛེས་སྡུག་ལྡན་པའི་བོད་ལྗོངས་དང་གཅེས་པར་འོས་པའི་ཕ་ཡུལ”ཞེས་པའི་ཕུལ་བྱུང་གི་རིག་གནས་ཐོན་རྫས་གྲོང་གསེབ་ལ་འདོན་སྤེལ་བྱེད་པའི་ལས་གཞིའི་ནང་དོན་ཇེ་མང་དུ་གཏོང་དགོས། རིག་རྩལ་གསར་རྩོམ་བྱེད་ནུས་ཆེ་རུ་གཏོང་བའི་ལས་གཞིར་སྐུལ་འདེད་བཏང་ནས་ལོ་རེར་ཆ་སྙོམས་སྤུས་ཚད་མཐོ་བའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་ཁག་1000ཡན་གསར་རྩོམ་བྱེད་པ་དང་རིགས་འདྲ་མིན་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་བྱེད་སྒོ་ཐེངས་ཁྲི་10ཡན་སྤེལ་ཐུབ་པ་བྱེད་དགོས། རིག་དངོས་གནའ་གཞུང་ལ་སྲུང་སྐྱོབ་དང་། ཞིབ་འཇུག བེད་སྤྱོད་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རང་སྐྱོང་ལྗོངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་མིང་གཞུང་གི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་ཀྱི་སྤྱི་འབོར་ཁག་500ཟིན་ཐུབ་པ་བྱེད་དགོས།
བདེ་ཐང་གི་བོད་ལྗོངས་བསྐྲུན་རྒྱུར་ཤུགས་སྣོན་གང་ཆེ་རྒྱག་དགོས་པ། བདེ་ཐང་བོད་ལྗོངས་ཀྱི་འགན་སྲུང་ལས་གཞི་ལག་བསྟར་ཤུགས་ཆེ་བྱས་ཏེ་རྒྱལ་ཁབ་ཀྱི་གསོ་རིག་ལྟེ་གནས་དང་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ནད་ཡམས་འགོག་ཟོན་དང་ཚོད་འཛིན་མ་ལག་བསྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཚོ་གྲོང་ལྷན་གྱི་སྤྱི་པའི་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་འཛུགས་པ་བཅས་བྱེད་དགོས། སྨན་བཅོས་འབྲེལ་ཚོགས་དང་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དང་། ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཐིང་གི་སྨན་ཁང་དེ་ཀྲུང་གོའི་ས་མཐོའི་ནད་གཞི་བཅོས་པའི་སྨན་ཁང་རྩེ་གྲ་ཞིག་ཏུ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ་ལྗོངས་ཡོངས་སུ་ཁེབས་པའི་བློ་རིག་སྨན་བཅོས་མ་ལག་སྐྲུན་དགོས། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་གཤམ་སྒྱུར་དང་དོ་མཉམ་བཀོད་སྒྲིག་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་ཀྱི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་དེ་གཙོ་གནད་རྫོང་དུ་རྒྱ་སྐྱེད་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཉམས་ཞན་གྱི་རིག་ཚན་དང་གཙོ་གནད་ནད་ཐོག་སྨན་བཅོས་ཀྱི་ཆེད་ཚན་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱེད་པ། གོ་ཆོད་སྨན་རམས་པ་དང་སྨན་ཁང་གི་ནད་སྡོད་སྨན་རམས་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལོ་ལྟར་སྨན་པ་བདམས་ནས་ག་སྦྱར་བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དུ་མཉམ་སྦྱར་སློབ་སྦྱོང་བྱེད་པར་གཏོང་དགོས། གྲོང་གསེབ་ཀྱི་སྨན་པའི་སྤྱི་ཡོངས་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་ནས་གྲོང་གསེབ་ཀྱི་མཁོ་ཆོད་དེབ་འཛིན (ལས་རོགས)སྨན་རམས་པར་འོས་ཐོབ་རིམ་བཞིན་ལྡན་པ་བྱེད་དགོས། བོད་སྨན་གྱི་ཚད་གཞིའི་ལོ་གསུམ་ལས་འགུལ་འཆར་གཞི་ལག་བསྟར་བྱས་ནས་བོད་ལུགས་གསོ་རིག་བྱ་གཞག་རྒྱུན་འཛིན་དང་། གསར་གཏོད། གོང་འཕེལ་བཅས་ཡོང་བ་བྱེད་དགོས། སྤྱི་ཚོགས་ཀྱིས་སྨན་ཁང་འཛུགས་གཉེར་བྱེད་རྒྱུར་སྐུལ་མ་བཏང་ནས་སྨན་རམས་པས་གནས་མང་པོར་ལས་གཉེར་བྱེད་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་ཚད་ལྡན་གང་ལེགས་བཟོ་དགོས། རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་འགུལ་གཏིང་ཟབ་ཏུ་བཏང་ནས་རྒྱུན་རྣམ་ཅན་གྱི་ནད་ཡམས་འགོག་ཟོན་དང་ཚོད་འཛིན་བྱེད་རྒྱུ་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ་དང་དོ་ནན་གྱི་སྒོ་ནས་ཡག་པོ་སྒྲུབ་དགོས། “ནན་ཤོས་བཞིའི”བླང་བྱ་དོན་འཁྱོལ་བྱས་ཏེ་བཟའ་བཅའ་དང་སྨན་རིགས་ཀྱི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་རི་འཛེགས་དང་གངས་ཤུར་གློད་པ་སོགས་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་གོང་འཕེལ་གཏོང་དགོས།
སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་རྒྱག་དགོས་པ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་གཞི་རྩའི་རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་སོགས་ཀྱི་འགན་བཅོལ་ལམ་ལུགས་ཚགས་ཚུད་དུ་གཏོང་བ་དང་། སྐབས་བསྟུན་ལས་ཞུགས་མི་སྣའི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་ཚགས་ཚུད་དུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས་ཚགས་ཚུད་དུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུ་སྒྲུབ་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཐོབ་ཐང་དང་རྨང་གཞིའི་རྒན་གསོའི་འཚོ་དངུལ་རྒྱུན་གཏན་བཞིན་ལེགས་སྒྲིག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་འགན་སྲུང་ཆུ་ཚད་རིམ་བཞིན་མཐོ་རུ་འགྲོ་བ་བྱེད་དགོས། ཁྱིམ་དུ་སྡོད་རྒྱུ་རྨང་གཞིར་བྱེད་པ་དང་། སྡེ་ཁུལ་ལ་བརྟེན་པ། ཚན་པ་ནས་རོགས་གསབ་བྱེད་པ་བཅས་ཀྱི་བང་རིམ་མང་བའི་རྒན་གསོའི་ཞབས་ཞུའི་མ་ལག་སྐྲུན་པ་དང་། བྱིས་པའི་ཕན་བདེ་དང་ནར་མ་སོན་པའི་མིའི་སྲུང་སྐྱོབ་མ་ལག་ཚགས་ཚུད་དུ་བཏང་སྟེ། རྒན་གསོ་དང་བྱིས་སྐྱོང་ཞབས་ཞུའི་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རོགས་སྐྱོབ་ཀྱི་ཚད་གཞི་དང་རོགས་སྐྱོབ་བྱ་ཡུལ་བབ་བསྟུན་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཆེད་ལས་ཀྱི་སྤྱི་ཚོགས་ལས་དོན་དང་དགེ་སྒྲུབ་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་དབང་པོ་སྐྱོན་ཅན་ལ་འགན་སྲུང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་དང་སྡོད་ཁང་སྐྱོ་ཁུལ་བསྒྱུར་བཟོ་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞི་ལག་བསྟར་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་སྦྲགས། གནོད་འགོག་དང་གེགས་སེལ་རྒུད་སྐྱོབ་ཡག་པོ་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས།
བློ་མཐུན་རྣམ་པ། དམངས་འཚོ་ནི་དམངས་སེམས་དང་འབྲེལ་ཞིང་། དམངས་སེམས་ནང་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་འདུས་ཡོད་པས། དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་དེ་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་རྣམས་རང་ཉིད་ཀྱི་དོན་ཆེན་ཞིག་ཏུ་བརྩིས་ནས་དོན་དག་རེ་རེ་བཞིན་ཐག་གཅོད་བྱེད་པ་དང་གཅིག་རྗེས་གཉིས་མཐུད་ངང་བསྒྲུབས་ཚེ། གཞི་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བ་དང་། དེ་ཙམ་གྱིས་སྐྱིད་དུ་འགྲོ་བ། དེ་ཙམ་གྱིས་དར་རྒྱས་འགྲོ་བ། དེ་ཙམ་གྱིས་རོ་བཅུད་ལྡན་པ་བཅས་ཡོང་ཐུབ་ངེས་རེད།
(བཞི) སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་དགོས་པ། སྐྱེ་ཁམས་ཤེས་དཔལ་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་གཙོར་བཟུང་དང་འབྱུང་འཕྲོད་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་པ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པའི་དེང་རབས་ཅན་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།
སྐྱེ་ཁམས་སྲུང་སྐྱོབ་དང་བསྐྱར་གསོ་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡར་ཀླུང་གཙང་པོ་དང་། འབྲི་ཆུ། ལྷ་སའི་སྐྱིད་ཆུ། མྱང་ཆུ། ཉང་ཆུ། སེང་གེ་ཁ་འབབ་སོགས་གཙང་ཆུ་རྒྱུག་ཁུལ་གཙོ་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བསྐྱར་གསོ་བྱེད་རྒྱུར་གཙོ་གནད་དུ་ཤུགས་སྣོན་བརྒྱབ་ནས་ས་ཆུ་ཤོར་བ་དང་། ཐང་རྒོད་དུ་འགྱུར་བ། ས་གཤིས་གནོད་འཚེ་བཅས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་དགོས། རྒྱལ་ཁབ་ས་ཆའི་བར་སྟོང་གི་འཆར་འགོད་དང་སྤྱོད་སྒོར་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་གནད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་བར་ཁྱམས་དང་རྒྱལ་སྲུང་མཐའ་སྲུང་འཛུགས་སྐྲུན་གྱི་བར་སྟོང་གཅིག་གྱུར་འཆར་འགོད་ཀྱིས་གྲབས་ཉར་བྱེད་དགོས། ཚན་རིག་དང་མཐུན་པའི་ངང་རྒྱལ་ཁབ་ས་ཆ་སྔོ་སྒྱུར་གྱི་ལས་འགུལ་སྤེལ་ནས“གཙང་གཉིས་ཆུ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་སྒྱུར་དང་བྱེ་འགོག་བྱེ་བཅོས་སོགས་གཙོ་གནད་ལས་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྷ་སའི་ལྷོ་བྱང་རི་བོ་སྔོ་ལྗང་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་ནགས་ཚལ་གྱི་ཁེབས་ཚད་12.51%བར་འཕར་བ་བྱེད་དགོས། རྩྭ་ཐང་སྲུང་སྐྱོབ་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་50%ཡན་འཕར་བ་བྱེད་དགོས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ལྡན་པའི་སྐྱེ་དངོས་འཁོར་འབྲེལ་བཟོ་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་རྐང་དུ་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་བཙུགས་ཏེ་ནགས་ཚལ་དང་། འདམ་ར། རྩྭ་ཐང་བཅས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། “མཐོ་གསུམ”ཁེ་ལས་དང་རྣམ་གྲངས་ལ་ཆོག་མཆན་གཅིག་ཀྱང་མི་སྤྲོད་རྒྱུ་དང་ནང་འདྲེན་གཅིག་ཀྱང་མི་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་འབྱུང་འཕྲོད་ཐཱན་ཉུང་གི་གོང་འཕེལ་ལ་སྐུལ་སྤེལ་གཏོང་དགོས།
ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་པ། རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་ཁྱབ་ཁོངས་ཆེན་པོ་གསུམ་ལ་གཙོ་གནད་དུ་དམིགས་ཏེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་གཏིང་ཟབ་ངང་ཡག་པོ་བསྒྲུབས་ནས་ཁོར་ཡུག་གི་སྦགས་བཙོག་འགོག་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་མཁའ་རླུང་སྤུས་ཚད་ལ་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གཙོ་གནད་སྦགས་བཙོག་དངོས་པོ་དང་དྲོད་ཁང་གི་རླུང་འབུད་བྱེད་ཚད་དེ་རྒྱལ་ཁབ་ཀྱི་ཞིབ་གཏན་བྱས་ཁོངས་ནང་ཚོད་འཛིན་ཐུབ་པ་བྱེད་དགོས། ཆུའི་སྦགས་བཙོག་འགོག་བཅོས་ཀྱི་ལས་འགུལ་ལ་སྐུལ་འདེད་ཤུགས་ཆེ་བཏང་ནས་གཅིག་སྡུད་ཅན་གྱི་འཐུང་ཆུའི་ཆུ་རྩ་སྲུང་སྐྱོབ་ཁུལ་དབྱེ་བཅད་དང་འཛུགས་སྐྲུན་བྱེད་རྒྱུ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་བསྡུ་རུབ་དང་གཙང་གསིང་བྱེད་པའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་སེལ་ནས་གཙང་ཆུར་བཙོག་སྙིགས་འབུད་ཁུང་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ཏེ། གཙོ་གནད་གཙང་ཆུ་དང་མཚེའུ་ཡི་ཆུ་སྤུས་དེ་ཆུ་རིགས་IIIཔའི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་ཁར་བསྡུར་ཚད་100%རྒྱུན་འཁྱོངས་ཐུབ་པ་བྱེད་དགོས། ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གང་མགྱོགས་བཏང་ནས་འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་གསིང་གི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་རྫོང་གྲོང་དང་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གཙང་བཟོ་བྱེད་ཚད་དང་བཙོག་ཆུ་གཙང་གསིང་བྱེད་ཚད་ཁག་སོ་སོར་98%དང་85%ཡན་ཟིན་ཐུབ་པ་བྱེད་དགོས། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བ་བྱེད་དགོས།
སྐྱེ་ཁམས་ཀྱི་དམངས་ཕྱུག་ལས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་སྐྱོང་གསབ་ལམ་སྲོལ་དོན་འཁྱོལ་བྱས་ནས་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་ཐོབ་ཐབས་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱི་གཙོ་གནད་སྐྱེ་ཁམས་ནུས་པ་ཐོན་ཁུལ་ལ་མ་དངུལ་སྒྱུར་སྤྲོད་བྱེད་པའི་བྱ་ཐབས་དག་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་སྐྱེ་ཁམས་ནུས་པ་ཐོན་ཁུལ་ལ་མ་དངུལ་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རྫོང(ཆུད)ཁག་74ཚང་མ་མ་དངུལ་གཏོང་སྤྲོད་བྱེད་ཁོངས་སུ་འཇུག་ཐུབ་པ་བྱས་ཏེ་སྐྱེ་ཁམས་ཀྱི་ལས་ཞུགས་ལས་གནས་ཀྱི་ཁ་གསབ་མང་དུ་འགྲོ་བ་བྱེད་དགོས། ནགས་ཚལ་དང་། འདམ་ར། རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་ཕན་འབྲས་སྐྱོང་གསབ་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་གཞུང་ཁོངས་སྤྱི་ཕན་ནགས་གླིང་དང་རྩྭ་ཐང་གི་སྐྱེ་ཁམས་སྐྱོང་གསབ་ཚད་གཞི་མཐོ་རུ་བཏང་ནས་སྲིད་ཇུས་དང་མཐུན་པའི་གསར་སྣོན་སྤྱི་ཕན་ནགས་ཚལ་དང་རྩྭ་ཐང་རྣམས་རྒྱལ་ཁབ་ཀྱི་སྐྱོང་གསབ་བྱེད་ཁོངས་སུ་འཇུག་རྒྱུར་སྐུལ་འདེད་གཏོང་དགོས། ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐྱོང་གསབ་ལམ་སྲོལ་བཙུགས་ནས་གཙང་ཆུ་ཆེ་མོ་རྒྱུག་ཁུལ་གྱི་ཁུལ་ཁོངས་བརྒལ་བར་སྐྱེ་ཁམས་སྐྱོང་གསབ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། བདག་མེད་སྲོག་ཆགས་ཀྱིས་རྩྭ་རའི་ཐོན་ཁུངས་བཙན་གནོད་བྱས་པར་གུན་གསབ་སྤྲོད་པའི་ལམ་ལུགས་འཛུགས་དགོས། སྐྱེ་ཁམས་ཀྱི་རིན་ཐང་ཞིབ་རྩིས་མ་ལག་དང་རིན་ཐང་བརྗེ་སྒྱུར་གྱི་སྒྲིག་སྲོལ་ལམ་སྲོལ་གང་མགྱོགས་བཙུགས་ནས་ཉེན་མེད་ཀྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི་ཆེད་དོན་ཞིབ་འཇུག་འབྲས་བུ་དངོས་སྒྱུར་བྱེད་པར་སྐུལ་སྤེལ་བཏང་ནས་ཐཱན་འདུས་དཔལ་འབྱོར་གོང་འཕེལ་ཧུར་ཐག་གཏོང་དགོས། ནགས་གསེབ་ཀྱི་ཐོན་ཁུངས་གསར་སྤེལ་བྱེད་པའི་སྐྱེ་ཁམས་ཀྱི་དམངས་ཕྱུག་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་མང་ཚོགས་རྣམས་སྐྱེ་ཁམས་འཛུགས་སྐྱོང་བྱེད་པའི་ནང་ཞུགས་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་རྒྱུ་དང་སྐྱེ་ཁམས་ལ་བརྟེན་ནས་འཚོ་ཐབས་ཐུབ་པ་བྱེད་དགོས།
སྐྱེ་ཁམས་ལམ་ལུགས་ཀྱི་མ་ལག་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་གཏོང་དགོས་པ། ཐོན་ཁུངས་རིན་དོད་བེད་སྤྱོད་དང་སྐྱེ་ཁམས་སྲུང་སྐྱོབ་བསྐྱར་གསོ་བྱེད་པའི་ལམ་ལུགས་ཚགས་ཚུད་དུ་གཏོང་དགོས། ཆུའི་ཐོན་ཁུངས་ལ་དོ་དམ་ནན་ཤོས་བྱས་ཏེ་ཆུའི་ཐོན་ཁུངས་ཀྱི་འགྱུར་མེད་གཅུན་སྡོམ་ལམ་ལུགས་བཟོ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་ནན་ཞིང་ཁ་གསལ་བཟོས་ཁར། ཆུ་དཔོན་ལམ་ལུགས་དང་། མཚོ་དཔོན་ལམ་ལུཌ། ནགས་དཔོན་ལམ་ལུགས་བཅས་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གཙང་ཆུའི་ཆུ་འགོ་དང“ཨེ་ཤ་ཡའི་ཆུ་གསོག་མཐོ་ལྕོག”དངོས་འབྲེལ་སྲུང་སྐྱོབ་ཡག་པོ་བྱེད་དགོས། ནགས་རྩྭའི་ཐོན་ཁུངས་བསྡུ་སྤྱོད་བཟུང་སྤྱོད་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྒྲིག་བཀོད་བཟོ་སྐྲུན་ལ་ཞིབ་མཆན་འགོད་རྒྱུ་ནན་དུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་ཁ་བྲལ་སྐབས(ལས་འགན་འཁུར་རིང་)རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལ་རྩིས་བཤེར་བྱེད་རྒྱུ་གཏིང་ཟབ་ཏུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་དཔྱད་ཞིབ་དང་འགན་འདེད་ནན་ཤོས་ལག་བསྟར་བྱེད་དགོས།
བློ་མཐུན་རྣམ་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་ནི་བྱས་རྗེས་དེང་འདིར་བཞག་ཅིང་། ཕན་འབྲས་སྐལ་བརྒྱར་ཐོན་པ་ཞིག་ཡིན་པས། ང་ཚོས་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་པ་དང་། ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཚེ། གཞི་ནས་བོད་ཀྱི་ནམ་མཁའ་དེ་བས་སྔོ་བ་དང་། རི་བོ་དེ་བས་སྔོ་ལྗང་ལྡན་པ། ཆུ་བོ་དེ་བས་དྭངས་བ། ཁོར་ཡུག་དེ་བས་མཛེས་པ་བཅས་ཡོང་ཐུབ་ངེས་རེད།
(ལྔ) མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་བརྟན་དུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་དགོས་པ། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་གྱིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་བབ་གསར་པའི་འོག་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པ་དང་། མི་རིགས་ལས་དོན་གྱི་སྤུས་ཚད་ལེགས་སུ་གཏོང་བ། དེ་བཞིན་མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་ཟབ་མོ་བཅས་ཡོང་བར་སྐུལ་འདེད་བཏང་སྟེ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་ཐུབ་པ་བྱེད་དགོས།
ཀྲུང་ཧྭ་མི་རིགས་ཐུན་མོང་ལ་ཡོད་པའི་བསམ་པའི་ཁྱིམ་གཞིས་སྔར་ལས་ལྷག་པ་སྐྲུན་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱོང་སྤེལ་དང་ལག་ལེན་བྱེད་པ་དང་། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གོང་འཕེལ་གཏོང་བའི་ལས་གཞི་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པའི་ལས་གཞི་གཏིང་ཟབ་སྤེལ་བ། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གཞི་རིམ་དུ་དར་ཁྱབ་གཏོང་བའི་བྱེད་སྒོ་སྤེལ་བ་བཅས་ལ་བརྟེན་ནས་མི་རིགས་ཁག་གི་སེམས་པ་གཅིག་ཏུ་སྒྲིལ་བ་དང་གཅིག་སེམས་གཅིག་གཏད་ཡོང་བ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རང་སྐྱོང་ལྗོངས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་ཞིབ་འཇུག་ལྟེ་གནས་བཙུགས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་ལས་གཞིར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་ཀྲུང་ཧྭ་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བརྗོད་དོན་གཙོ་བོའི་སྤྱི་གླིང་། བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བསྒྱུར་བཅོས་དྲན་གསོ་ཁང་བཅས་བསྐྲུན་ཐུབ་པ་བྱས་ཐོག ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་ཏང་ཡོན་ལས་བྱེད་པ་དང་། མང་ཚོགས། གཞོན་ནུ། ལོ་ཆུང་བཅས་ཀྱི་ཀློག་དེབ་ཁག་བཞི་བེད་སྤྱོད་ཡག་པོ་བྱས་ཏེ་ཀྲུང་ཧྭ་རིག་གནས་འདི་ཉིད་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་ཀྱི་སྦྲེལ་ཐག་ལྟ་བུ་དང་བསམ་པའི་རྟེན་སར་འགྱུར་ཐུབ་པ་དང་། བོད་ཀྱི་རིག་གནས་འདི་ཉིད་ཀྲུང་ཧྭ་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པའི་བསམ་བློ་མི་རིགས་ཁག་གི་མང་ཚོགས་ཚོའི་སེམས་ནང་ཟུག་ཐུབ་པ་བྱེད་དགོས།
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སྤེལ་རྒྱུ་དང་འཛུགས་གཏོད་བྱེད་རྒྱུ་སྔར་བས་གཏིང་ཟབ་དང་རྒྱ་སྐྱེད་གཏོང་དགོས་པ། མི་རིགས་མཐུན་སྒྲིལ་དང་། རྒྱལ་གཅེས་རིང་ལུགས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། བོད་གསར་རྙིང་བསྡུར་བ་བྱེད་པ། དེ་བཞིན་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”བཅས་ཀྱི་སློབ་གསོ་ཤུགས་ཆེ་སྤེལ་དགོས་པ་མ་ཟད། “ལོ་རྒྱུས་བཞི”དང་། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་རྒྱུན་མཐུད་སྤེལ་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་གྱིས་མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་པ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་བའི་ལམ་སྲོལ་ཚགས་ཚུད་དང་འཐུས་སྒོ་ཚང་དུ་བཏང་ནས་དེ་ལས་བྱེད་པར་སློབ་གསོ་དང་། ཏང་ཡོན་ལ་སློབ་གསོ། སྤྱི་ཚོགས་ཐོག་སློབ་གསོ་བཅས་གཏོང་བའི་ཁྱབ་ཁོངས་སུ་འཇུག་པ་དང་། སློབ་ཞུགས་མ་བྱས་གོང་གི་སློབ་གསོ་དང་། འགན་བབས་སློབ་གསོ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ། མཐོ་རིམ་སློབ་གསོ་བཅས་ཀྱི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ནང་འཇུག་དགོས། སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་རྒྱག་པ་དང་བློ་སྦྱོང་བསླབ་སྐྱོང་ལ་མཉམ་དུ་སྐུལ་འདེད་བཏང་ནས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་རིམ་རིགས་ཁག་གི་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་རྒྱུ་དང་། རང་རེའི་ཀྲུང་ཧྭར་དགའ་ཞེན་བྱེད་པའི་བསམ་བློའི་ས་བོན་དེ་གཞོན་ནུ་ལོ་ཆུང་མི་རེ་ངོ་རེའི་སེམས་ཀྱི་གཏིང་དུ་ཟུག་ཐུབ་པ་དགོས། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག་དང་འཆར་འགོད་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མི་ཆོས་ཅན་དང་། སྤྱི་བྱིངས་ཅན། དངོས་གཞི་ཅན་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུ་དེ་ལས་ཁུངས་དང་། ཤང་གྲོང་། གྲོང་ཚོ་གྲོང་ལྷན། སློབ་གྲྭ། ཆོས་ལུགས་བྱེད་སྒོ་སྤེལ་གནས། དམག་སྡེ། ཁེ་ལས། མཛེས་ལྗོངས་ཁུལ། ཁྱིམ་ཚང་བཅས་སུ་སྤེལ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ཐོག གུང་ཁྲན་ཏང་ཡག སྤྱི་ཚོགས་རིང་ལུགས་ཡག བསྒྱུར་བཅོས་སྒོ་དབྱེ་ཡག རླབས་ཆེན་མེས་རྒྱལ་ཡག མི་རིགས་ཁག་གི་མི་དམངས་ཡག་ཅེས་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་དགོས།
མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་དགོས་པ། སྲིད་ཇུས་ཀྱི་བྱེད་ཐབས་དང་། ལམ་ལུགས་ཀྱི་འགན་སྲུང་། གཟེངས་བསྟོད་སྐུལ་ལྕག་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་གྱི་མི་རིགས་ལས་དོན་ཡག་པོ་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོ་མཉམ་སྡོད་མཉམ་སློབ་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་རོལ། དེ་བཞིན་གནས་སྤོ་འགྲུལ་བཞུད་བཅས་བྱེད་པའི་སྤྱི་ཚོགས་ཀྱི་མཐུན་རྐྱེན་བསྐྲུན་དགོས། ལྗོངས་ཕྱིའི་དཔལ་འབྱོར་དང་། རིག་གནས། མི་སྣ་བཅས་ཕྱོགས་གཉིས་སུ་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་བྱེད་ཤུགས་དེ་བས་ཆེ་རུ་དང་མཛའ་བཤེས་དེ་བས་ཟབ་ཏུ་འགྲོ་ཐུབ་པ་བྱེད་དགོས།
བློ་མཐུན་རྣམ་པ། མི་ཡི་སྟོབས་ཤུགས་སེམས་ལ་ཡོད། གྲུ་ཡི་སྟོབས་ཤུགས་གྲུ་གཡོར་ལ་ཡོད། སྐུད་སྣེ་གཅིག་ལས་བསྒྲིལ་བའི་གྲུ་གུ་མེད། སྡོང་རྐང་གཅིག་ལས་གྲུབ་པའི་ནགས་ཚལ་མེད། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་རྒྱུན་ཆད་མེད་པ་བཏང་ཚེ། གཞི་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་དེ་རྟག་ཏུ་རྣམ་པར་བཀྲ་ཞིང་འདབ་བརྒྱ་ལྷུག་པོར་རྒྱས་ཐུབ་ངེས་རེད།
(དྲུག) ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་བྱེད་པ་དང་། “ཁྲིད་སྟོན”བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ། “ཕན་ཡོད་ལྔའི”ཚད་གཞི་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཆོས་ལུགས་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་བཏང་སྟེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།
ཆོས་ལུགས་ལས་དོན་གྱི་འགོ་ཁྲིད་བྱེད་དབང་ལ་སྟངས་འཛིན་ཏན་ཏིག་བྱེད་དགོས་པ། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས། རིམ་ཁག་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་བཞུགས་མོལ་བྱེད་པ་དང་། ཏང་སྲིད་ཀྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་གཙོ་གནད་དགོན་སྡེ་དང་འཐུས་ཚབ་མི་སྣ་དང་འབྲེལ་གཏུག་བྱེད་པ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ཏེ། གཏོགས་ཁོངས་དོ་དམ་དང་། རིམ་དབྱེ་འགན་འཁུར། དེ་བཞིན་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་ཞིབ་ཕྲའི་དོ་དམ་བཅས་བྱེད་པའི་འགན་འཁྲི་ནན་པོ་དཀྲི་དགོས།
དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་ཚགས་ཚུད་དུ་ཏན་ཏིག་གཏོང་དགོས་པ། ཁྲིམས་བཞིན་དོ་དམ་བྱེད་པ་དང་། དམངས་གཙོའི་ཐོག་ནས་དོ་དམ་བྱེད་པ། སྤྱི་ཚོགས་ཀྱིས་དོ་དམ་བྱེད་པ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་གཙོ་ཁྲིད་དོ་དམ་དང་། ཐེ་ཞུགས་དོ་དམ། རོགས་རེས་དོ་དམ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་དགོན་སྡེའི་དོ་དམ་ལ་ཁྲིམས་བཞིན་རྒྱུན་མཐུད་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས། དགོན་སྡེའི་གྲྭ་བཙུན་ལ་སློབ་གསོ་དང་། དོ་དམ། ཞབས་ཞུ་བཅས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྤྱི་པའི་ཞབས་ཞུ་དགོན་སྡེར་སྤེལ་རྒྱུར་སྐུལ་འདེད་བཏང་ནས་རྒྱ་ཆེའི་གྲྭ་བཙུན་ཚོའི་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ཏེ་གྲྭ་བཙུན་ཁྲོད་ཀྱི་རྒན་རྒོན་དང་། ཉམ་ཐག་རིགས། ནད་པ། དབང་པོ་སྐྱོན་ཅན་བཅས་ཀྱི་འཚོ་བའི་དཀའ་ངལ་སེལ་རོགས་བྱེད་དགོས།
ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དད་ལྡན་མང་ཚོགས་ཚོའི་རྒྱུན་གཏན་གྱི་ཆོས་ལུགས་དགོས་མཁོ་དང་ཁྲིམས་མཐུན་གྱི་ཆོས་ལུགས་བྱེད་སྒོར་ཁྲིམས་བཞིན་འགན་སྲུང་བྱེད་དགོས། ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་དང་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་ལག་ལེན་དོན་འཁྱོལ་ནན་ཏན་བྱེད་དགོས།
བོད་བརྒྱུད་ནང་བསྟན་ལ་ཁྲིད་སྟོན་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ནས། ཆོས་ལུགས་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་བྱས་ཏེ་ལྷག་བསམ་རྣམ་དག་གིས་ཀྲུང་གོ་གུང་ཁྲན་ཏང་ལ་གོང་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གོང་བཀུར། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་བྱེད་དགོས། དགོན་སྡེར་ཁྲིམས་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་སྟེ། ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་ཀྱི་ཆོས་ལུགས་ལས་རིགས་མི་སྣ་གསོ་སྐྱོང་ཤུགས་ཆེ་བྱེད་དགོས། རིམ་ཁག་ནང་བསྟན་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། དགོན་སྡེའི་གྲྭ་བཙུན་གྱི་སྣེ་ཁྲིད་དེ་གསར་དུ་བཟོ་བཅོས་བྱས་པའི་བོད་བརྒྱུད་ནང་བསྟན་དགོན་སྡེའི་བཅའ་ཡིག་དང་དགོན་ཆིངས་གྲྭ་སྲོལ་ལག་བསྟར་ཡག་པོ་བྱེད་དགོས། ཆོས་ལུགས་ཀྱི་གསུང་རབ་སློབ་སྦྱོང་བྱེད་རྒྱུ་ལེགས་སྒྱུར་གྱིས་བོད་བརྒྱུད་ནང་བསྟན་གྱི་རིམ་གསུམ་གནས་ཐོབ་ཀྱི་ལམ་ལུགས་ཚགས་ཚུད་དུ་གཏོང་བ་དང་། ཆོས་ལུགས་ཀྱི་བསྟན་དོན་དང་འདུལ་ཁྲིམས་ལ་འཆད་འགྲེལ་ཆ་ཚང་བ་རྒྱག་རྒྱུའི་འཆར་འགོད་བཟོས་ནས་དོན་འཁྱོལ་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་བསྟན་ཆོས་ལེགས་འདེམས་ཧྲག་སྒྲུག་དང་རྙིང་འདོར་གསར་འདོན་བྱེད་པ། གོ་བདེ་ལ་ཤེས་སླ་ཞིང་། དུས་བབ་དང་འཚམ་པའི་འཆད་འགྲེལ་རྒྱག་དགོས།
བློ་མཐུན་རྣམ་པ། བོད་བརྒྱུད་ནང་བསྟན་ནི་ནང་ཆོས་ཀྲུང་གོ་ཅན་གྱི་ཐོན་དངོས་ཤིག་ཡིན་པས་ང་ཚོས་ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། ཁྲིམས་མཐུན་སྲུང་སྐྱོབ་དང་། ཁྲིམས་མིན་བཀག་འགོག ཐལ་སྐྱོད་གཏན་འགོག སིམ་འཛུལ་ནན་འགོག ཉེས་གསོག་ལ་རྡུང་རྡེག་བཅས་མཐའ་འཁྱོངས་བྱས་ཚེ། གཞི་ནས་བོད་བརྒྱུད་ནང་བསྟན་དེ་ཉིད་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་ཐུབ་ངེས་རེད།
(བདུན) མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ནས་རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། མཐའ་མཚམས་བརྟན་ལྷིང་དང་སྲ་བརྟན་གཏོང་རྒྱུའི་དགོས་མཁོ་ཆེ་ཤོས་དང་། མུག་ཟས་ལ་འཐབ་རྩོད་བྱེད་པའི་མཁོ་དགོས་ཆེ་ཤོས། མཐའ་མཚམས་མང་ཚོགས་ཀྱི་རེ་སྒུག་ཆེ་ཤོས་བཅས་འཇུག་སྒོ་དང་འགག་གནད་སྒྲོལ་སར་བརྩིས་ཏེ། དཔལ་འབྱོར་སྤྱི་ཚོགས་དང་མཐའ་སྲུང་གི་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་སྦྲགས། མཐའ་མཚམས་སྲུང་སྐྱོང་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་འབྱོར་ཕྱུག མཐའ་མཚམས་སྟོབས་ལྡན་བཅས་ཡོང་བར་སྐུལ་འདེད་ཤུགས་ཆེ་གཏོང་དགོས།
མཐའ་མིར་ཁ་གསབ་རོགས་དངུལ་སྤྲོད་པའི་བབ་བསྟུན་ལེགས་སྒྲིག་ལམ་སྲོལ་འཛུགས་དགོས། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་སྤེལ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ལྷན་སྦྱར་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བ། མཐའ་མཚམས་ཀྱི་གཏེར་ལས་དང་ནུས་རྒྱུ་གཙང་མའི་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། ཆ་རྐྱེན་ཡོད་པའི་མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་མཛེས་སྡུག་ལྡན་པའི་མཐའ་མཚམས་གྲོང་ཁྱེར་ཁག་གཅིག་སྐྲུན་དགོས། མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་སེལ་རྒྱུ་དང་སྦྲགས། སློབ་གྲྭ་དང་། སྨན་ཁང་། རིག་གནས། ལུས་རྩལ། ཁྲོམ་ར་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གཅིག་གྱུར་འཆར་འགོད་བྱེད་དགོས། མཐའ་མཚམས་རྫོང་ལ་དམིགས་འཛུགས་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས།
མི་རིགས་ཤང་9ཡི་མི་འབོར་ཅུང་ཉུང་བའི་མི་རིགས་སྔོན་དུ་གོང་འཕེལ་གཏོང་རྒྱུར་མུ་མཐུད་རོགས་སྐྱོར་བྱེད་དགོས། སྒྲོལ་དཀར་དང་གཡང་འཛོམས་སོགས་རྒྱལ་གཅེས་མཐའ་སྲུང་གི་མིག་དཔེའི་སྔོན་ཐོན་བྱས་རྗེས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱེད་པ་དང་། མཐའ་མཚམས་ཏང་འཛུགས་སྐྱོང་གི་གསར་བརྗེའི་ཁྱམས་རིང་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་ནས། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”བྱེད་སྒོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས།
བློ་མཐུན་རྣམ་པ། མཐའ་མཚམས་ནི་གལ་འགངས་ཆེ་བ་དང་། རྒྱལ་ཁབ་ཡོད་ན་ཁྱིམ་ཚང་ཡོད། ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱེད་རྒྱུའི་འགན་འཁྲི་ལྗིད་པོ་མཐའ་གཅིག་ཏུ་ཁུར་ཐུབ་པ་བྱས་ཏེ། མཐའ་མཚམས་སྲུང་བའི་འགན་འཁྲི་ཡོད་པ་དང་། མཐའ་མཚམས་སྲུང་བའི་འགན་འཁྲི་འཁུར་བ། མཐའ་མཚམས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་བྱས་ཚེ། གཞི་ནས་ཏང་ལ་ལྷག་བསམ་ཟོལ་མེད་དང་མེས་རྒྱལ་ལ་བློ་དཀར་སེམས་དཀར་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་ས་ཆ་གང་སར་ཁྱབ་ཐུབ་པ་དང་ས་མཚམས་རྡོ་རིང་ཚང་མའི་ཐོག་འཁོད་ཐུབ་ངེས་རེད།
(བརྒྱད) སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་འཕེལ་གང་མགྱོགས་བཏང་ནས་བརྟན་ལྷིང་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་སྲ་བརྟན་གཏོང་དགོས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གཏོང་བའི་འགྲོ་ལམ་མཐའ་འཁྱོངས་བྱས་ཏེ། དམངས་གཙོའི་ལམ་ལུགས་ཚགས་ཚུད་དུ་གཏོང་བ་དང་། དམངས་གཙོ་བྱེད་སྟངས་སྣ་མང་དུ་གཏོང་བ། དམངས་གཙོའི་ཐབས་ལམ་རྒྱ་ཆེར་གཏོང་བ། བརྒྱུད་རིམ་ཧྲིལ་པོར་མི་དམངས་ཀྱི་དམངས་གཙོ་གོང་འཕེལ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་སྲུང་བྱེད་དགོས།
མི་དམངས་རང་ཁྱིམ་རང་བདག་ཡོང་བར་ལམ་ལུགས་ཐོག་ནས་འགན་སྲུང་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་རྒྱག་དགོས་པ། ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་སྦྲགས། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་། ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་སྲིད་དོན་མཛད་ཕྱོགས་ཆེ་མོ་ལག་བསྟར་དོན་འཁྱོལ་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་བཟོ་དང་ལྟ་སྐུལ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། ལས་དོན་གྱི་སྤྱི་ཡོངས་ཕན་འབྲས་ཆེ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱེད་པ་བཅས་དང་། དེ་བཞིན་མང་ཚོགས་དང་འབྲེལ་འདྲིས་དང་། དམངས་ཀྱི་གནས་ཚུལ་ལ་ཞིབ་བཤེར། དམངས་ཀྱི་བློ་གྲོས་གཅིག་སྡུད་བཅས་བྱས་ཏེ་ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་ཀྱི་ཁེ་དབང་འགན་སྲུང་དང་དམངས་འཚོར་བདེ་སྐྱིད་ལྡན་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས།
སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་གལ་ཆེའི་ནུས་པ་འདོན་སྤེལ་ཟམ་མི་ཆད་པ་བྱེད་དགོས་པ། ཏང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་སྦྲགས། མི་དམངས་སྲིད་གྲོས་ཀྱི་འཐབ་ས་གལ་ཆེན་དང་། ལས་སྟེགས་གལ་ཆེན། ཐབས་ལམ་གལ་ཆེན་བཅས་ཀྱི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་རྒྱ་ཁྱབ་ངང་ངོས་འཛིན་གཅིག་མཐུན་གཅིག་སྒྲིལ་བྱེད་རྒྱུ་དེ་ལྟེ་བའི་ལས་ཀའི་ལྷུ་ཚིགས་སུ་བརྩི་བ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་མཐའ་འཁྱོངས་ཀྱིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ངོས་འཛིན་གཅིག་མཐུན་གཅིག་སྒྲིལ་ཡོང་བ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་དོན་འཁྱོལ་ཐུབ་པ་བྱེད་རྒྱུ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་པ་བྱེད་དགོས།
ཁྲིམས་སྐྱོང་གི་བོད་ལྗོངས་འཛུགས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་ཟམ་མི་ཆད་པར་གཏོང་དགོས་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྩ་ཁྲིམས་ཀྱི་ཟིལ་ཤུགས་དང་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ཁྲིམས་བཞིན་བོད་སྐྱོང་དང་། ཁྲིམས་བཞིན་སྲིད་སྐྱོང་། ཁྲིམས་བཞིན་སྲིད་འཛིན་བཅས་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང། ཁྲིམས་སྐྱོང་བོད་ལྗོངས་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་དུ་འཛུགས་སྐྱོང་བྱས་ཏེ། ཁྲིམས་བཟོའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་མ་ཟད། ཁྲིམས་བཟང་ལ་བརྟེན་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་སྐྱོང་མཁས་ཡོང་བར་འགན་སྲུང་བྱེད་དགོས། “ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་གྱི་འཆར་འགོད་ལག་བསྟར་བྱེད་པ་དང་། ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་རྒྱུ་དེ་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཚོར་བཅའ་ཁྲིམས་ཀྱི་ལམ་ལུགས་ཚང་མ་དང་། ཁྲིམས་སྒྱུར་གྱི་ཆོད་དོན་ཚང་མ། ཁྲིམས་འཛིན་གྱི་གྱོད་གཞི་ཚང་མ་དྲང་བཞག་དྲང་བདེན་ཡིན་པ་ཚོར་ཐུབ་པ་བྱེད་དགོས།
རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་ཟམ་མི་ཆད་པ་གཏོང་དགོས་པ། མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོ་མཐའ་འཁྱོངས་དང་། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་མཐའ་འཁྱོངས་ཀྱིས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ་དང་། སྐུལ་སློང་བྱེད་ཐུབ་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་བྱས་ཏེ། ཏང་ཕྱིའི་ཤེས་ལྡན་པ་དང་། སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣ། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ཏང་ཕྱིའི་འཐུས་ཚབ་མི་སྣ་གསོ་སྐྱོང་དང་གདམ་གསེས་བཀོལ་སྤྱོད་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁོངས་ཕྱིའི་བོད་རིགས་སྤུན་ཟླའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་བཅས་བྱས་ཁར། ཁྱབ་རྒྱ་ཆེ་ཤོས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་ཟམ་མི་ཆད་པ་བཏང་སྟེ། མཐུན་ཆ་ཆེ་ཤོས་ཀྱི་ཐོག་ནས་ཀུན་སེམས་གཅིག་ཏུ་སྒྲིལ་གང་ཐུབ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་པ་བྱེད་དགོས།
ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་ཤུགས་སྣོན་ཟམ་མི་ཆད་པ་རྒྱག་དགོས་པ། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱེད་པ་དང་། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་འཁྱོངས་དང་ཤུགས་ཆེར་གཏོང་རྒྱུར་སྐུལ་སྤེལ་བཏང་སྟེ། བཟོ་པའི་གྲལ་རིམ་གྱི་གཙོ་ཤུགས་དཔུང་ཁག་དང་། ན་གཞོན་གྱི་སྟོབས་ཤུགས་གསར་པ། བུད་མེད་ཀྱི་གནམ་ཕྱེད་ཀ་འདེགས་པ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱས་ཐོག མི་རིགས་ཁག་གི་མང་ཚོགས་ཚོའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ནས་ཚད་གཞི་མཐོ་ཤོས་ངང་ཏང་གི་གྲལ་རིམ་རྨང་གཞི་སྲ་བརྟན་དང་ཏང་གི་མང་ཚོགས་རྨང་གཞི་རྒྱ་ཆེར་ཏན་ཏིག་གཏོང་དགོས།
བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་ནི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས། དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་ནས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་དཔུང་སྡེ་འཛུགས་སྐྱོང་བྱེད་རྒྱུར་ཞབས་ཞུ་བསྒྲུབས་ཏེ། ནང་མི་དམག་བཅར་གྱིས་ལས་ཞུགས་བྱེད་རྒྱུ་དང་། དམག་མིའི་བུ་ཕྲུག་སློབ་གྲྭར་འགྲོ་རྒྱུ། དམག་ཞབས་ཐིམ་པའི་དམག་མི་བཀོད་སྒྲིག་བྱེད་རྒྱུ། གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། རྒྱལ་སྲུང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཡུལ་དམག་གི་གྲ་སྒྲིག་དམག་ཞབས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྤྱི་ཚོགས་ཡོངས་སུ་རྒྱལ་སྲུང་འཛུགས་སྐྱོང་ལ་སེམས་ཁུར་དང་། རྒྱབ་སྐྱོར། ཐེ་ཞུགས་བཅས་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་དམག་འཐབ་རུ་ཁག་དང་། ལས་དོན་རུ་ཁག ཐོན་སྐྱེད་རུ་ཁག་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་དམག་དམངས་མཉམ་འདྲེས་ཟབ་མོའི་ངང་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་དགོས།
བློ་མཐུན་རྣམ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ནི་རང་རེའི་ཏང་དང་མི་དམངས་ཀྱི་གསར་གཏོད་རླབས་པོ་ཆེ་ཞིག་ཡིན། ང་ཚོས་མི་དམངས་ཀྱི་འདོད་བློ་གང་ལེགས་མཚོན་པར་བྱེད་པ་དང་། མི་དམངས་ཀྱི་ཁེ་དབང་འགན་སྲུང་ཏན་ཏིག་བྱེད་པ། མི་དམངས་ཀྱི་གསར་གཏོད་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བ་བཅས་བྱས་ཚེ། གཞི་ནས་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་ཐུབ་ངེས་ཡིན་པ་དང་། རྒྱལ་ཁའི་ཕྱོགས་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་ཐུབ་ངེས་རེད།
བཞི། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པ།
བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རིམ་ཁག་ཏང་ཨུད་ཀྱི་འགོ་ཁྲིད་ཀྱི་ནུས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བྱེད་པའི་གནས་བབ་དང་ཏང་གིས་བོད་དུ་སྲིད་སྐྱོང་བྱེད་པའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས།
(གཅིག) ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས་པ། ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུ་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ཞིག་ཡིན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུ་སྤྱི་འདོམས་སུ་བྱེད་དགོས། ང་ཚོས“གཏན་འཁེལ་གཉིས”ལས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་རྒྱུ་དེ་ཆབ་སྲིད་འཛུགས་སྐྱོང་གི་རྩ་བའི་གནད་དོན་ཞིག་ལ་བརྩི་བ་དང་། འཁྲི་འགན་གྱི་འཁུར་བབ་དང་། ཆབ་སྲིད་ཀྱི་སྤྱོད་ལམ། ལྷག་བསམ་རྣམ་དག་གི་གསལ་འགྲེལ་བཅས་ལ་བརྩིས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་དགོས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱེད་རྒྱུ་མ་ཟད། བྱ་སྤྱོད་མཐའ་དག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བཀའ་དགོངས་དང་བཀོད་འདོམས་ལ་ཉན་དགོས།
ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་དགོས་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་དང་། དོན་གྲོས་ལམ་སྲོལ་དང་ཐབས་ཇུས་ཀྱི་གོ་རིམ་ཚགས་ཚུད་དུ་གཏོང་བ། འགོ་ཁྲིད་ཚན་ཁག་གི་སྤྱི་ཡོངས་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱས་ཏེ། ཐབས་ཇུས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ཡིན་པ་དང་། ལག་བསྟར་བློ་ཐག་ཆོད་ཅིང་ནུས་ལྡན་ཡིན་པ། ལས་སྒྲུབ་ཁྲིམས་དང་མཐུན་ཞིང་ནུས་ཕྱོད་ཆེ་བ་བཅས་དངོས་འབྲེལ་ཐུབ་པ་བྱེད་དགོས། རྒྱུན་དུ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པའི་ཐོག་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། དམག་འཐབ་རང་བཞིན་བཅས་ཤུགས་ཆེར་གཏོང་དགོས།
ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་དགོས་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་ཆབ་སྲིད་ཀྱི་རྩ་དོན་ཆེན་པོའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་དང་། ཁ་གསངས་ཕོད་པ་དང་དཔའ་དམ་གཤོམ་ཕོད་པ། ངོས་འཛིན་གཅིག་མཐུན་དང་ཁ་ཞེ་གཉིས་མེད། རྣམ་འགྱུར་གསལ་པོ་དང་གོམ་སྟབས་གཅིག་མཐུན་བཅས་བྱེད་ཐུབ་པ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཀྱི་དོན་རྟོགས་པ་དང་གཞུང་དྲང་བ་ཞིག་བྱེད་ཐུབ་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།
(གཉིས) ཏང་གི་བསམ་བློ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས་པ། ཆབ་སྲིད་ཐད་ཀྱི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་ཡིན་པ་ནི་རིགས་པའི་གཞུང་ལུགས་ལ་བྱང་ཆུབ་པ་དང་རང་རྟོགས་བྱས་པ་ལས་བྱུང་བ་ཞིག་ཡིན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩི་རྒྱུ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དེ་ནང་དོན་གལ་ཆེན་ཞིག་ཏུ་བརྩི་རྒྱུ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་དམ་འཛིན་བྱེད་ས་གཙོ་བོར་བརྩི་རྒྱུ་བཅས་མཐའ་འཁྱོངས་བྱས་ནས་རྒྱུན་རྣམ་དང་ཕུགས་ཕན། རྒྱུན་སྦྱོང་རྒྱུན་ཤེས་ཐུབ་པ་བྱེད་རྒྱུ་མ་ཟད། སེམས་ནུས་གཅིག་སྒྲིལ་དང་བློ་སྦྱོང་བསླབ་སྐྱོང་བྱས་ཏེ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་གནད་སྨིན་ཡོང་རྒྱུར་སྐུལ་སྤེལ་ཏན་ཏིག་གཏོང་དགོས།
རྒྱུན་རྣམ་ཅན་གྱི་ཐོག་ནས་སློབ་སྦྱོང་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ། རང་སྐྱོང་ལྗོངས་དང་། ས་གནས་གྲོང་ཁྱེར། རྫོང(ཆུད)བཅས་རིམ་གསུམ་ཏང་ཨུད་ཀྱི་རྒྱུན་རྣམ་ཅན་གྱི་གཅིག་སྡུད་སློབ་སྦྱོང་བྱེད་ལམ་འཐུས་སྒོ་ཚང་དུ་བཏང་ནས་དོན་འཁྱོལ་བྱེད་རྒྱུ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་ཐོག་སློབ་སྦྱོང་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཁག་གིས་རྒྱ་ཁྱབ་ཏུ་སློབ་སྦྱོང་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་འགུལ་ངང་སློབ་སྦྱོང་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་སློབ་སྦྱོང་གི་དགོངས་དོན་ལ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་ཐུབ་པ་བཅས་བྱེད་དགོས།
རྒྱུན་རྣམ་ཅན་གྱི་ཐོག་ནས་དྲིལ་བསྒྲགས་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ། རིམ་རིགས་ཁག་གི་སྨྱན་སྦྱོར་ཚན་པར་གཅིག་གྱུར་ཇུས་འགོད་དང་སྒྲིག་འཛུགས་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་མཐའ་ཀུན་ནས་དྲིལ་བསྒྲགས་དང་ཕྱོགས་གང་ས་ཅི་ཐད་ནས་གསར་འགྱུར་སྤེལ་གཏོང་བྱེད་རྒྱུ་མ་ཟད། སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཆེད་དོན་ཡིག་སྒྲོམ་བཟོས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། གངས་ལྗོངས་ས་མཐོའི་ཐོག་དྲང་ནུས་ཆེན་པོ་ཞིག་འདུས་ཐུབ་པ་བྱེད་དགོས།
རྒྱུན་རྣམ་ཅན་གྱི་ཐོག་ནས་སྒྲོག་འགྲེལ་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ། རིམ་ཁག་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་སྒྲོག་འགྲེལ་བྱེད་རྒྱུ་མཐའ་འཁྱོངས་དང་སྣེ་ཁྲིད་དེ་གཞི་རིམ་ལ་ཟབ་འཇུག་བྱས་ནས། རིམ་ལྔའི་སྒྲོག་འགྲེལ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་མ་ཟད། ལས་ཁུངས་དང་། ཁེ་ལས། ཞིང་འབྲོག་ཁུལ། སློབ་གྲྭ། སྡེ་ཁུལ། དགོན་སྡེ་བཅས་སུ་སྒྲོག་འགྲེལ་བྱེད་པ་དང་སྦྲགས། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱིས་སྒྲོག་འགྲེལ་བྱས་ཏེ། སྒྲོག་འགྲེལ་གྱི་ཕན་འབྲས་ཐོན་ཤུགས་ཆེ་རུ་གཏོང་དགོས།
རྒྱུན་རྣམ་ཅན་གྱི་ཐོག་ནས་སྦྱོང་བརྡར་སྤྲོས་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ། ལྗོངས་ཡོངས་ཀྱི་རྫོང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པར་གཅིག་སྡུད་ཐོག་རེས་སྐོར་སྦྱོང་བརྡར་སྤྲོས་རྒྱུ་དང་། དུས་བགོས་ཁག་བགོས་ཀྱིས་ཏང་ཡོན་ལས་བྱེད་པར་བརྒྱུད་རིམ་ལྡན་པའི་སྦྱོང་བརྡར་སྤྲོས་དགོས།
རྒྱུན་རྣམ་ཅན་གྱི་ཐོག་ནས་ཁྱབ་གདལ་གཏོང་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དམངས་ཡོངས་ལ་དྲིལ་བསྒྲགས་དང་སློབ་གསོ་སྤེལ་བའི་མ་ལག་ཚགས་ཚུད་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་གཙོ་བོ་གཞི་རིམ་མང་ཚོགས་ཁྲོད་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་སྟེ། མང་ཚོགས་ལ་ལྟ་འདོད་ཉན་སྤྲོའི་རྣམ་པའི་ཐོག་ནས་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་ནས་གཞི་རིམ་མང་ཚོགས་ཀྱིས་རྟོགས་ཐུབ་པ་དང་། གོ་བ་ལེན་ཐུབ་པ། དོན་ཐོག་ཏུ་འཁྱོལ་ཐུབ་པ་བཅས་བྱེད་དགོས།
རྒྱུན་རྣམ་ཅན་གྱི་ཐོག་ནས་ཞིབ་འཇུག་གྲོས་བསྡུར་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ། འགོ་ཁྲིད་ལས་བྱེད་པ་དང་། ཆེད་ལས་མཁས་དབང་། ཤེས་ཡོན་ཅན་བཅས་སྒྲིག་འཛུགས་བྱས་ནས་ཆེད་དོན་ཞིབ་འཇུག་གྲོས་བསྡུར་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་གཙོ་གནད་ཀྱི་དཔྱད་གཞི་འགའ་ཞིག་བདམས་ནས་སྤུས་ཚད་མཐོ་བའི་ཞིབ་འཇུག་འབྲས་བུ་ཁག་གཅིག་འདོན་དགོས།
(གསུམ) འགོ་ཁྲིད་ཚན་ཁག་དང་། ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། ལྷག་བསམ་རྣམ་དག་དང་། སྤྱོད་པ་གཙང་བ། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་དང་ཤེས་ལྡན་པར་ལས་སྟེགས་རྒྱ་ཆེན་པོ་ཞིག་མཁོ་འདོན་བྱེད་དགོས་པ། མི་སྣ་འདེམས་སྤྱོད་བྱེད་རྒྱུ་ནི་རླུང་ཕྱོགས་སྟོན་རྟགས་ཤིག་ཡིན་ཞིང་། མཁས་པ་གཅིག་སྤྱད་ན་མཁས་པ་གཞན་རྣམས་ངང་གིས་འདུ། མིག་ལྟོས་ཡར་འདྲེན་བྱས་ན་སྲོལ་རྒྱུན་བཟང་པོ་ངང་གིས་དར་ཞེས་པ་ལྟར། ང་ཚོས་མི་རབས་རྒྱུན་འཛིན་བྱེད་མཁན་ཡོད་པའི་གཙོ་བོའི་ཇུས་ཆེན་དེར་དམ་འཛིན་ཡག་པོ་བྱེད་རྒྱུ་དང་། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱེད་རྒྱུ་མ་ཟད། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་མཐའ་འཁྱོངས་དང་། “ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཤིན་ཏུ་གསལ་པོ། ཡིན་མིན་ཆེན་པོ་གསལ་འབྱེད་ཀྱི་ལངས་ཕྱོགས་ཤིན་ཏུ་བརྟན་པོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བྱ་སྤྱོད་ཤིན་ཏུ་ཐག་ཆོད་པོ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་གྱི་བརྩེ་སེམས་ཤིན་ཏུ་ཟབ་མོ”བཅས་ཡོད་པའི་མི་རིགས་ས་ཁུལ་གྱི་ལས་བྱེད་པའི་ཆབ་སྲིད་ཀྱི་ཚད་གཞི་མཐའ་འཁྱོངས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་དངོས་ལ་གཞིགས་ཏེ་དཔའ་བོ་ཡིན་མིན་དཔྱད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་པ་གཙང་བ། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་བྱེད་རྒྱུར་ཤུགས་རྒྱག་པ་དང་། རྒྱལ་གཅེས་དང་ལེགས་སྐྱེས་འབུལ་མཁན་ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་གཅིག་འདུས་ཡོང་རྒྱུར་ཤུགས་བརྒྱབ་ནས་བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པ་དང་ཤེས་ལྡན་པའི་མི་ཚེའི་བཀྲག་མདངས་རྒྱས་རྒྱུར་གོ་སྐབས་སྤྲོད་པ་དང་། ཕུལ་བྱུང་ཤེས་ལྡན་པ་མངོན་པར་འཕགས་ཐུབ་པའི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས།
འགག་རྩ་དམ་འཛིན་བྱས་ཏེ་རིམ་ཁག་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། རྒྱུན་འཁྱོངས་ལྷོད་མེད་ངང་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཐད་ཀྱི་མྱོང་བརྡར་སྤྲོས་རྒྱུ་མངོན་ཆེར་བཟུང་སྟེ། ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་རྒྱུན་རྣམ་ཅན་གྱི་དབྱེ་འབྱེད་ངོས་འཛིན་བྱེད་དགོས། ཚན་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བར། ལས་ཀའི་དགོས་མཁོ་དང་ལས་བྱེད་པའི་སྤྱོད་ཡོན་གྱི་བྱང་ཚད་ལ་གཞིགས་ཏེ། འགོ་ཁྲིད་ཚན་ཁག་དྲག་འདེམས་ཧྲག་སྒྲིག་བྱེད་རྒྱུ་དང་། ཚན་ཁག་བསྐོ་སྒྲིག་བྱེད་སྐབས་ཏང་སྲིད་ཀྱི་འགོ་ཁྲིད་རྒན་པ་གཙོ་གནད་དུ་བཟུང་ནས་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པ་དང་། སྤྱོད་ཡོན་གཉིས་ལྡན། འགན་འཁྲི་འཁུར་ཕོད་པ། མང་ཚོགས་ཀྱིས་ཁས་ལེན་པ་བཅས་ཀྱི་ཕུལ་བྱུང་ལས་བྱེད་པ་འདེམས་སྒྲུག་བྱེད་རྒྱུར་དོ་སྣང་བྱས་ཏེ། ཚན་ཁག་སྤྱི་ཡོངས་ཀྱི་འཇོན་ནུས་ཆེ་རུ་གཏོང་དགོས། ཕྱོགས་བཞི་མཚམས་བརྒྱད་ནས་ཤེས་ལྡན་པ་གཅིག་ཏུ་བསྡུ་རྒྱུ་མཐའ་འཁྱོངས་དང་། ལོ་ཚོད་མི་འདྲ་བའི་ལས་བྱེད་པའི་ཧུར་སེམས་འདོན་སྤེལ་བྱེད་རྒྱུར་དོ་སྣང་བྱས་ནས། ལས་བྱེད་པའི་དཔུང་ཁག་ཡོངས་ལ་སེམས་ཤུགས་དང་། ཕུགས་བསམ། རེ་བ་བཅས་ཡོད་པ་བྱེད་དགོས།
རྐང་འཛིན་པ་སྟོབས་ཆེར་བཏང་སྟེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ཉམས་མྱོང་ནི་ལག་ལེན་ཐོག་ནས་བྱུང་བ་དང་། འཇོན་ཐང་ནི་མྱོང་བརྡར་སྤྲས་ནས་འཕེལ་བ་ཡིན། རྙོག་འཛིང་ཆེ་བའི་ཁོར་ཡུག་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོ་དང་། དེ་བཞིན་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་གཞི་རིམ་དང་དཀའ་ངལ་ཆེ་བའི་ཐག་རིང་ས་ཁུལ་དུ་ལས་ཀ་བྱེད་པའི་ནང་ནས་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། སྦྱོང་བརྡར། གདམ་གསེས། བཀོལ་སྤྱོད་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞི་རིམ་ལ་མཐོང་ཆེན་དང་། ལག་ལེན་ལ་མཐོང་ཆེན། བྱ་བ་དངོས་སྒྲུབ་པར་མཐོང་ཆེན། ལས་རྗེས་ལ་མཐོང་ཆེན། འཁུར་ལེན་ལ་མཐོང་ཆེན་བཅས་བྱེད་པའི་ཁྲིད་ཕྱོགས་གསལ་པོ་འཛུགས་དགོས། ལས་བྱེད་པར་གསོ་སྐྱོང་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་། གྲང་ངར་ཆེ་ས་དང་ཆུང་སའི་ལས་བྱེད་པ་ཕན་ཚུན་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། བུད་མེད་ལས་བྱེད་པ་དང་ཏང་ཕྱིའི་ལས་བྱེད་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བོད་ལྗོངས་དང་ཞིང་ལྗོངས་གྲོང་ཁྱེར་གཞན་དག་དབར་ལས་བྱེད་པ་ཕན་ཚུན་གནས་སྦྱར་ལས་ཁུར་བྱེད་རྒྱུར་སྐུལ་འདེད་བཏང་ནས་ལས་བྱེད་པ་དཀའ་སྡུག་བཟོད་ཐུབ་པ་དང་། མཐོང་རྒྱ་ཆེ་རུ་འགྲོ་ཐུབ་པ། སྟོབས་ཤུགས་འཕེལ་ཐུབ་པ། འཇོན་ཐང་ཆེ་རུ་འགྲོ་ཐུབ་པ་བཅས་བྱེད་དགོས། ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་ཤེས་ལྡན་པར་ཐུགས་ཁུར་གཟབ་བཞེས་གནང་བའི་སྲིད་ཇུས་བཟང་པོ་བེད་སྤྱོད་ཡག་པོ་བྱེད་པ་དང་། ལས་བྱེད་ལས་བཟོའི་གླ་ཕོགས་ཡོང་འབབ་དང་། སྡོད་ཁང་། སྨན་བཅོས། བུ་ཕྲུག་གི་སློབ་ཞུགས། རྒན་ཡོལ་ཞུས་པའི་མི་སྣ་བཀོད་སྒྲིག་སོགས་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་མ་ཟད། བདེ་ཐང་འགན་སྲུང་གི་ལས་དོན་ལ་མཐོང་ཆེན་བྱེད་དགོས། ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ནན་སྒྲུབ་ཡག་པོ་བྱེད་དགོས།
ཤེས་ཡོན་རྨད་བྱུང་ཅན་གཅིག་ཏུ་བསྡུས་ནས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ཤེས་ལྡན་པ་སྟོབས་ཆེའི་ཁུལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་ལ་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཤེས་ལྡན་པ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་དང་སྲིད་ཇུས་ཀྱི་མ་ལག་ཚགས་ཚུད་དུ་གཏོང་དགོས། ཤེས་ལྡན་པར་ཆབ་སྲིད་ཐད་ནས་ཁྲིད་སྟོན་དང་ཆབ་སྲིད་ཐད་ནས་བློ་འགུགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཤེས་ལྡན་པ་ནང་འདྲེན་དང་། གསོ་སྐྱོང་། བཀོལ་སྤྱོད། གདེང་འཇོག སྐོར་སྐྱོད། སྐུལ་ལྕག་སོགས་བྱེད་པའི་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སེམས་གནས་པ་དང་གཞིས་ཆགས་ཐུབ་པའི་ཁོར་ཡུག་ཅིག་བཏོད་དེ་འདྲེན་འགུགས་ཐུབ་པ་དང་། གཞིས་ཆགས་ཐུབ་པ། བཀོལ་སྤྱོད་ཡག་པོ་ཐུབ་པ་བཅས་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཤེས་ལྡན་པའི་འཆར་གཞི་ལག་བསྟར་བྱས་ནས་ཚན་རྩལ་སྣེ་ཁྲིད་ཀྱི་ཤེས་ལྡན་པ་དང་། རྐང་འཛིན་ཤེས་ལྡན་པ། ཕུལ་བྱུང་གི་ན་གཞོན་ཤེས་ལྡན་པ་བཅས་གསོ་སྐྱོང་དང་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། གསར་གཏོད་ཚོགས་པ་དང་། ཁེ་ལས་གཉེར་སྐྱོང་གི་དོ་དམ་ཤེས་ལྡན་པ། ཆེད་ལས་ལག་རྩལ་ཤེས་ལྡན་པ། རྩལ་ནུས་ཆེ་བའི་ཤེས་ལྡན་པ་བཅས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་། གསར་གཏོད་རྣམ་པ་དང་། མཁོ་ཆོད་རྣམ་པ། རྩལ་ནུས་རྣམ་པ་བཅས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱེད་དགོས། རིམ་མཐོའི་ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། “ཁས་ལེན་གཙོ་འགན”སོགས་ཀྱི་བྱ་ཐབས་འཚོལ་ཞིབ་བྱས་པ་བརྒྱུད་བོད་ལྗོངས་དང་ཞིང་ལྗོངས་གྲོང་ཁྱེར་གཞན་དག་གི་ཤེས་ལྡན་པ་མཉམ་སྤྱོད་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་མ་ཟད། ནང་འདྲེན་བྱས་པའི་ཤེས་ལྡན་པ་དཀའ་ངལ་ཆེ་བའི་ཐག་རིང་ས་ཁུལ་དང་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་རྒྱུར་སྐུལ་མ་གཏོང་དགོས།
སྟོབས་ཤུགས་ཆེ་རུ་བཏང་ནས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་བཀོལ་སྤྱོད་ཡག་པོ་བྱེད་དགོས་པ། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་ཆབ་སྲིད་ཐད་སྐུལ་ལྕག་གཏོང་བ་དང་། ལས་ཀའི་ཐད་རྒྱབ་སྐྱོར་བྱེད་པ། ཐོབ་ཐང་ཐད་འགན་སྲུང་བྱེད་པ། འཚོ་བའི་ཐད་སེམས་ཁུར་བྱེད་པ། སེམས་ཁམས་ཐད་དོ་ཁུར་བྱེད་པ་བཅས་ཀྱི་ཐོག་ནས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་ལས་འགན་དངོས་འཁུར་དུ་འཇུག་རྒྱུ་དང་། ལས་ཀ་དངོས་སུ་སྒྲུབ་ཏུ་འཇུག་རྒྱུ་མ་ཟད། འགན་འཁྲི་ལྕི་པོ་དཀྲི་བ་དང་བློ་རྒྱ་ཡངས་པོས་བཀོལ་སྤྱོད་བྱས་ཏེ། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་གཟི་བརྗིད་ཚོར་སེམས་དང་། གཏོགས་སེམས། ཐོབ་སྣང་། གྲུབ་འབྲས་ཐོབ་སེམས་བཅས་ཆེ་རུ་གཏོང་དགོས། འདོད་མོས་ཡོད་པའི་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་དེ་བས་མང་བ་བོད་དུ་ལས་དོན་སྒྲུབ་པ་དང་མཐའ་མཚམས་སུ་ལེགས་སྐྱེས་འབུལ་རྒྱུར་སྐུལ་ལྕག་གཏོང་དགོས།
(བཞི) གཞི་རིམ་ཏང་རྩ་འཛུགས་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྩ་བ་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་པ། ཏང་གི་འཐབ་ནུས་ཐམས་ཅད་ཀྱི་རྨང་གཞི་ནི་གཞི་རིམ་དུ་ཡོད་པ་དང་། བོད་ཀྱི་ལས་ཀའི་སྟོབས་ཤུགས་ཆེ་ཤོས་ཀྱི་འདེགས་སྐྱོར་ནི་གཞི་རིམ་དུ་ཡོད་པ། མངོན་གསལ་དོད་ཤོས་ཀྱི་འགལ་ཟླ་དང་གནད་དོན་ཡང་གཞི་རིམ་དུ་ཡོད། ང་ཚོས་རྩ་འཛུགས་ཀྱི་ནུས་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་ཆབ་སྲིད་ཀྱི་བྱེད་ནུས་མངོན་ཆེར་བཟུང་སྟེ། རྒྱུན་འཁྱོངས་ལྷོད་མེད་ངང་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས།
ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལམ་ལུགས་མཐའ་འཁྱོངས་བྱེད་དགོས་པ། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་སྤེལ་བ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་དང་། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དོན་དངོས་ཀྱི་དགོས་མཁོ་ཞིག་དང་། ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་སྤྲོས་སའི་ལས་སྟེགས་གལ་ཆེན་ཞིག་ཀྱང་ཡིན་པས། དེར་རྒྱུན་མཐུད་ནས་ཤུགས་རྒྱག་རྒྱུ་དང་ཡུན་རིང་མཐའ་འཁྱོངས་བྱེད་དགོས། དགོས་མཁོར་གཞིགས་ཏེ་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དྲག་འདེམས་མངགས་གཏོང་བྱེད་རྒྱུ་དང་། ལས་དོན་རུ་ཁག་གི་རུ་དཔོན་དྲག་འདེམས་ཧྲག་སྒྲིག་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ། མང་ཚོགས་ལས་དོན། ལས་ཞུགས་འབབ་འཕར་ལ་སྐུལ་འདེད། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན། གྲོང་གསེབ་དར་རྒྱས་ལ་ཕན་སྐུལ། གཞི་རིམ་གྱི་ཏང་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་སོགས་གཙོ་གནད་ལས་འགན་ཁག་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པར་ཤུགས་བརྒྱབ་ཐོག གཞི་རིམ་བརྟན་ལྷིང་དང་གོང་འཕེལ་ཡོང་བའི་རྩ་བ་བརྟན་པོ་འཛུགས་དགོས། ཧྲུའུ་ཅི་ཨང་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་གྲོང་ཚོ་རིམ་པའི་ལས་ཀའི་སྟོབས་ཤུགས་གཅིག་གྱུར་ཐོག་བཀོལ་སྤྱོད་གང་ལེགས་བྱེད་དགོས།
དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ། དོ་དམ་དང་། སློབ་གསོ། ཞབས་ཞུ་བཅས་ཀྱི་འགན་འཁྲི་ཡག་པོ་བསྒྲུབ་རྒྱུ་མ་ཟད། རང་འགུལ་ངང་གྲྭ་བཙུན་དང་གྲོགས་པོ་ཡག་པོ་སྒྲིག་དགོས།
གཞི་རིམ་གྱི་ཏང་རྩ་འཛུགས་སྟོབས་ཆེར་གཏོང་དགོས་པ། འགག་གནད་ཆེ་ས་དང་གཙོ་གནད་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཏང་རྩ་འཛུགས་དང་། ཏང་གི་འགོ་ཁྲིད། ཏང་གི་ནུས་པ། ཏང་གི་ལས་དོན་བཅས་གཞི་རིམ་གྱི་ཚན་པ་ཁག་ནང་ཡོངས་སུ་ཁེབས་ཐུབ་པ་བྱས་ནས་ཏང་གི་དར་ཆ་དེ་གཞི་རིམ་གྱི་འཐབ་ས་ཚང་མའི་ནང་མཐོན་པོར་གཡོ་ཐུབ་པ་བྱེད་དགོས། གྲོང་ཚོ་གྲོང་ལྷན་ཏང་རྩ་འཛུགས་དང་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། གྲོང་ཚོ་རིམ་པའི་རྗེས་གྲབས་སྟོབས་ཤུགས་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱེད་པ། ལོ་ལྟར་གྲོང་ཚོ་གྲོང་ལྷན“ཨུ་ལྷན་གཉིས”ཀྱི་ཁོངས་མིར་གཅིག་སྡུད་ཐོག་རེས་སྐོར་སྦྱོང་བརྡར་སྤྲོས་པ་བཅས་བྱས་ནས་སྤྱི་ཡོངས་ཀྱི་བྱང་ཚད་དང་ནུས་པ་ཆེ་རུ་གཏོང་བ་དང་སྦྲགས། དུས་ནམ་ཡང་གནས་ཐུབ་པའི་ལས་དོན་རུ་ཁག་ཅིག་གཏོད་དགོས། ནུས་མེད་ཟབ་ཟོབ་ཡིན་པའི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་བཅོས་སྒྲིག་བྱས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་པོར་འགྱུར་བ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མཐའ་མཚམས་ཀྱི་ས་ཁོངས་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་ཀྱི་མཁར་རྫོང་ཞིག་ཏུ་འགྱུར་བ་བྱེད་དགོས།
ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཡག་པོ་སྒྲུབ་དགོས་པ། ཆབ་སྲིད་དང་། ལས་རིམ། གསོ་སྐྱོང་བཅས་ཀྱི་འགག་སྒོ་ནན་སྲུང་བྱས་ནས་ཏང་ཡོན་འཕེལ་རྒྱས་གཏོང་བའི་སྤུས་ཚད་མཐོ་རུ་གཏོང་དགོས་པ་དང་སྦྲགས། ཏང་ཡོན་གྱི་གདོང་ལེན་དང་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཡོན་དཔུང་ཁག་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འགན་ལེན་བྱེད་དགོས།
(ལྔ) སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། དམ་པ་དོན་གཉེར་གྱི་སྤྱོད་བཟང་དར་སྤེལ་ཤུགས་ཆེ་གཏོང་དགོས་པ། ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་ཡིན་ལ། ཏང་དང་མང་ཚོགས་ཀྱི་འབྲེལ་བ་དང་། ཏང་དང་ལས་བྱེད་པའི་འབྲེལ་བ། བློ་ཁ་གཏད་ཕྱོགས་བཅས་ལ་ལྟ་ཞིབ་བྱེད་པའི་དཔྱད་ཆས་ལྟ་བུའང་ཡིན། ལས་བྱེད་པའི་སྤྱོད་ཚུལ་ནན་པོ་མེད་པ་ནི་ང་ཚོའི་ལས་ཀའི་འགོག་རྐྱེན་ཆེ་ཤོས་དེ་ཡིན། རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་ཤུགས་ཆེ་གཏོང་བ་དང་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུད་རབས་རྒྱུན་འཛིན་བྱེད་པ།“ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་ལག་ལེན་བསྟར་ཏེ་སྤྱོད་བཟང་ལ་བརྟེན་ནས་དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་དགོས།
སློབ་གསོར་ཤུགས་སྣོན་དང“སྤྱོད་ཚུལ་བཞི”བཅོས་སྒྲིག་བྱེད་དགོས་པ། ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་སློབ་གསོ་རྒྱུན་མཐུད་སྤེལ་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་ངང་སྤེལ་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཁྲོད་ནས་རྒྱུན་ཆད་མེད་པར་སྙིང་བཅུད་བསྡུ་ལེན་དང་། གསར་བརྗེའི་ས་བོན་རྒྱུན་འཛིན། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བཅས་བྱས་ཏེ། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་དེ་བས་བློ་རྩ་བརྟན་པོ་དང་དེ་བས་རང་རྟོགས་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་གཏོད་བྱེད་དགོས། ཏང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་དང་། “སྤྱོད་ཚུལ་ལ་ཞིབ་བཤེར། འགན་འཁྲིར་ཞིབ་བཤེར། ཆད་ལུས་ལ་ཞིབ་བཤེར། དོན་འཁྱོལ་ལ་ཞིབ་བཤེར་བཅས་བྱེད་པའི”སློབ་གསོ་གཏིང་ཟབ་སྤེལ་ནས་རྒྱུན་འཁྱོངས་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བཅོས་སྒྲིག་བྱེད་དགོས།
གཞི་རིམ་གྱི་ཁུར་པོ་རྒྱུན་མཐུད་ཡང་དུ་གཏོང་ཆེད་ཚོགས་འདུ་དང་། ཡིག་ཆ། ལྟ་སྐུལ་ཞིབ་བཤེར་བྱེད་པའི་དཔྱད་ཞིབ་ཀྱི་དོན་གནད་རིགས་སྔར་བས་གཙང་སེལ་དང་ཚད་ལྡན་བཟོས་ཏེ། གཞི་རིམ་གྱིས་དུས་ཚོད་མང་ཆེ་བ་དང་སེམས་ནུས་ཡོད་ཚད་བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་ཀྱི་ལས་དོན་ཁག་ལ་སྤྱོད་ཐུབ་པ་བྱེད་དགོས།
དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱེད་དགོས་པ། དོན་དངོས་ལ་མཐོང་ཆེན་དང་དངོས་ཐོག་བདེན་འཚོལ་བྱེད་པ་དང་། སྐད་ཆ་བདེན་པ་དང་དྲང་པོ་ཤོད་པ། བྱ་བ་དངོས་སྒྲུབ་པ་དང་ཕན་འབྲས་དངོས་ཐོན་པ་བཅས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཕར་ཆིན་རྒྱག་པའི་སྙིང་རུས་དང་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་རང་ས་གནས་དང་རང་སྡེ་ཚན་གྱི་ཞིབ་ཕྲའི་བྱ་ཐབས་སུ་བཟོ་བ་དང་། དོན་འཁྱོལ་དམ་འཛིན་བྱེད་པའི་བྱ་སྤྱོད་དངོས་ལ་བསྒྱུར་ཏེ། བྱས་པར་རྗེས་དང་དྲུད་པར་ཤུལ་ཡོད་པའི་ལས་ཀའི་སྤྱོད་ཚུལ་ཐོག་ནས་ལས་དོན་རེ་རེ་བཞིན་སྐུལ་འདེད་དང་། ལྷུ་ཚིགས་རེ་རེ་བཞིན་དམ་འཛིན། གནད་དོན་རེ་རེ་བཞིན་ཐག་གཅོད། རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ། བྱ་བ་རེ་རེ་བཞིན་ལེགས་གྲུབ་ཡག་པོ་བཅས་བྱས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱིས་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས།
འགན་འཁུར་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པ་དགོས་པ། མིག་སྔར། བོད་ཀྱི་ལས་དོན་འདི་ཨ་རི་དང་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ཀྱིས་ཁུངས་ལུང་མེད་པར་འགོག་གནོན་དང་། ཚུར་རྒོལ། སྐུར་འདེབས་བཅས་བྱེད་པ་དང་། ཏཱ་ལའི་རུ་ཚོགས་ཁ་ཕྲལ་ཕྱོགས་གཏོགས་ཀྱིས་གཏོར་བཤིག་དང་ཕུང་དཀྲུག་སློང་བའི་རྙོག་འཛིང་གི་དུས་བབ་དང་འཕྲད་ཡོད་པས། ང་ཚོས་ངེས་པར་དུ་ངེས་ཤུགས་རྒྱུན་འཁྱོངས་དང་། འགན་འཁྲི་ཁུར་ཕོད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། གུང་ཁྲན་ཏང་མིར་དུས་ནམ་ཡང་ལོག་བཤད་ལ་ཡིད་ཆེས་མི་བྱེད་པ་དང་། གདོན་འདྲེར་མི་སྐྲག་ཅིང་སྡར་མ་མི་བྱེད་པའི་དཔའ་ཉམས་དང་། ལ་རྒྱ། སྙིང་སྟོབས་བཅས་ཡོད་དགོས་ལ། དེ་བས་ཉེན་ཁས་དཔའ་མི་ཞུམ་པ་དང་། འགྲན་སློང་གིས་བློ་མི་ཕམ་པ། འགལ་རྐྱེན་གྱིས་མགོ་མི་འཐོམ་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་བཅས་ཀྱི་ཐོག་ནས་ཤུགས་ཆེའི་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་། ཚབས་ཆེའི་ཉེན་ཁ་སྔོན་འགོག ཤུགས་ཆེའི་འགོག་ཤུགས་ཁྱད་གསོད། ཚབས་ཆེའི་འགལ་བ་ཐག་གཅོད་བཅས་བྱེད་པའི་ཁྲོད་གུང་ཁྲན་ཏང་མིའི་འཐབ་རྩོད་བྱེད་ཕོད་པའི་བློ་སྟོབས་དང་། ལ་རྒྱ། གདེང་སྤོབས་བཅས་མངོན་ཐུབ་པ་བྱས་ཏེ། ཡིན་མིན་ཆེན་པོའི་མདུན་དུ་དཔའ་དམ་གཤོམ་ཕོད་པ་དང་། འགལ་བ་འཕྲད་སྐབས་དཀའ་སྤྱད་མདུན་སྐྱོད་བྱེད་ཕོད་པ། ཉེན་ཁ་འཕྲད་སྐབས་གདོང་མཆོངས་བྱེད་ཕོད་པ། ནོར་འཁྲུལ་བྱུང་སྐབས་འགན་འཁྲི་ཁུར་ཕོད་པ། ཚུལ་མིན་སྤྱོད་ཚུལ་འཕྲད་སྐབས་འཐབ་རྩོད་མཐའ་གཅིག་ཏུ་བྱེད་ཕོད་པ་བཅས་བྱས་ཏེ་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་བྱ་གཞག་ཁྲོད་གདོང་ལེན་བྱེད་ཐུབ་པ་དང་། མིག་དཔེ་འདོན་ཐུབ་པ། བྱས་རྗེས་གསར་པ་འཇོག་ཐུབ་པ་བཅས་བྱེད་དགོས།
(དྲུག) ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་གཏོད་དགོས་པ། རང་རེའི་ཏང་གི་ངོ་བོ་དང་དམིགས་ཡུལ་གྱིས་ཏང་དང་རིགས་འདྲ་མིན་གྱི་རུལ་སུངས་སྣང་ཚུལ་དབར་མེ་ཆུ་ལྟར་མཉམ་གནས་ཐུབ་ཐབས་མེད་པ་ཞིག་ཡིན་པ་གཏན་འཁེལ་བྱས་ཡོད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནི་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། བོད་ལྗོངས་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མ་དང་འཐབ་ས་གཙོ་བོར་གནས་པས། བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ལྗིད་པོ་ཡོད་མོད། འོན་ཀྱང་ང་ཚོས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནད་དོན་ཐད་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་པོ་བཙུགས་ཏེ། ཕྱོགས་གཅིག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས།
བསམ་བློའི་འགོག་རགས་བརྟན་དུ་གཏོང་དགོས་པ། སློབ་གསོ་སྔོན་སྤེལ་དང་། ཉེན་བརྡ་སྔོན་གཏོང་། སྔོན་འགོག་སྔོན་འགྲོ་བཅས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཕུགས་བསམ་དད་སེམས་ཀྱི་སློབ་གསོ་དང་། བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ། གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ། ཏང་སྒྲིག་རྒྱལ་ཁྲིམས་ཀྱི་སློབ་གསོ། སྤྱོད་གཙང་གི་སློབ་གསོ་བཅས་གཏིང་ཟབ་སྤེལ་ཏེ། ཉེན་བརྡའི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་ནས་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་དང་། དེ་བཞིན་དབང་ཆའི་ལྟ་བ་དང་། གོ་གནས་ཀྱི་ལྟ་བ། ཁེ་ཕན་གྱི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས།
སྐོར་གཟིགས་དང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཆབ་སྲིད་ཐད་ཀྱི་སྐོར་གཟིགས་དང་སྐོར་ཞིབ་བྱེད་པའི་ངེས་གནས་མཐའ་འཁྱོངས་བྱས་ཏེ། གོང་འོག་མཉམ་འགུལ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། དབང་ཆ་དང་འགན་འཁྲིར་དམ་པོར་དམིགས་ཤིང་། འགོ་ཁྲིད་ཚན་ཁག་དང་འགག་རྩའི་ཉུང་ཤས་མངོན་ཆེར་བཟུང་ནས་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི“ཆབ་སྲིད་ཀྱི་བརྟག་དཔྱད”ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས།
རུལ་སུངས་ལ་ཆད་པ་ནན་པོ་གཅོད་དགོས་པ། “སྟག་སྦྲང”མཉམ་རྡུང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་བ་དང་། དབང་ཆ་གཅིག་སྡུད་ཡིན་པ། མ་དངུལ་རུབ་འདུས་ཆེ་བ། ཐོན་ཁུངས་སྣ་འདུས་ཆེ་བ་བཅས་ཀྱི་སྡེ་ཚན་དང་། ལས་རིགས། ཁྱབ་ཁོངས་བཅས་ལ་དམིགས་པ་དང་། དབང་ཆ་སྤྱོད་པའི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས“ཐབས་རྣམ་བཞི”གནད་འཕིགས་བེད་སྤྱོད་བྱས་ཐོག མཚམས་དང་ཚོད་མི་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་ཕན་ཚུན་སྣོལ་འཛིང་ཐེབས་པའི་རུལ་སུངས་ཀྱི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱེད་པ། ཏང་ཡོན་ལས་བྱེད་པའི་དཔུང་ཁག་ཁྲོད་ཀྱི“མགོ་གཉིས་མར”སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བཅས་བྱས་ཏེ། མང་ཚོགས་ཉེ་འཁོར་གྱི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་རིགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་དེ་ཕྱོགས་ཡོངས་ནས་སྲ་བརྟན་གཏོང་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་གི་ཐོག་ནས་སྐུལ་འདེད་བཏང་སྟེ། ཏང་གིས་བོད་དུ་སྲིད་སྐྱོང་བྱེད་པའི་རྨང་གཞི་དེ་བྲག་རྡོ་ལས་མཁྲེགས་པ་དང་རི་བོ་བཞིན་བརྟན་པོར་གནས་ཐུབ་པ་བྱེད་དགོས།
བློ་མཐུན་རྣམ་པ། རྒྱང་སྐྱོད་བགྲོད་ལམ་ཤིན་ཏུ་རིང་། འབད་འཐབ་བྱས་ན་གཞི་ནས་སླེབས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང། ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་འཐབ་ཀྱི་སྒོ་ནས་གངས་ལྗོངས་ས་མཐོ་འདི་ཉིད་ཡུན་རིང་བདེ་འཁོད་ཡོང་བ་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་ལེའུ་གསར་པ་རྩོམ་པ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་རྒྱུར་བསུ་བ་ཞུ་དགོས།
(ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣