དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་གཞི་རིམ་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-06

    ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཡན་ཅིན་ཧའེ་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་མདའ་གྲོང་ཚོར་ཕེབས་ནས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

    སྒྲོག་འགྲེལ་གནང་རིང་། ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70སོང་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་སྟེ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཟུང་འབྲེལ་བྱས་ཏེ། ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་། གསོན་ཉམས་དོད་པའི་དཔེ་མཚོན། གོ་བདེ་བའི་སྐད་ཆ་བཅས་ལ་བརྟེན་ནས“སྲོག་ཤིང་གིས་ཏང་གོང་བུ་གཅིག་ཏུ་སྒྲིལ་ཞིང་ཏང་ལ་སྲོག་ཤིང་མཁོ་བ”དང་། “ལོ་རྒྱུས་ཀྱིས་ཏང་བདམས་པ་དང་ཏང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྣེ་ཁྲིད་བྱེད་པ” “མི་དམངས་ལས་ཏང་བྱུང་བ་དང་ཏང་གིས་མི་དམངས་ལ་བདེ་སྐྱིད་སྐྲུན་པ”བཅས་ཕྱོགས་གསུམ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་གནང་ཞིང་། ཁོང་གིས། དེད་དཔོན་ལ་མིག་ལྟོས་དང་གཙོ་རྐང་བརྟན་དུ་བཏང་ནས་ཐོག་མཐའ་བར་གསུམ་དུ་སྲོག་ཤིང་ལ་གོང་བཀུར་དང་། སྲོག་ཤིང་ལ་ཡིད་ཆེས། སྲོག་ཤིང་ལ་ལྷག་བསམ་རྣམ་དག སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱས་ཏེ“གཏན་འཁེལ་གཉིས”“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་ཚད་མཐོའི་རང་རྟོགས་སུ་ཏན་ཏིག་འགྱུར་བར་བྱེད་དགོས། སེམས་མཐུན་ཤུགས་སྒྲིལ་གྱིས་མཐུན་སྒྲིལ་ལ་སྐུལ་འདེད་དང་སེམས་ནུས་གཅིག་སྒྲིལ་གྱིས་བྱ་གཞག་སྒྲུབ་པའི་ཁར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ་བརྩེ་སེམས་བཅངས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་དང་། སྤུས་ཚད་ལེགས་པའི་གཞི་རིམ་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་ལེགས་པའི་གྲོང་གསེབ་དར་རྒྱས་ལ་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

    ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་གནང་བར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ནས་ས་གནས་ས་ཐོག་ཏུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད། ཚང་མས། ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་འཚོ་བའི་འགྱུར་ལྡོག་བརྒྱུད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་ཚོར་བ་མ་ཟད། ད་དུང་ཕན་པ་གང་ནས་ཐོབ་པ་དང་དྲིན་ལན་སུ་ལ་འཇལ་དགོས་པ་ཡང་སྔར་བས་གསལ་པོ་ཤེས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ངེས་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་དང་། ཡན་ཅིན་ཧའེ་ཡིས་ཁོ་ཚོར་ཚན་རིག་ཤེས་དཔལ་ལ་བརྩི་མཐོང་དང་། ཡ་རབས་སྲོལ་བཟང་དར་སྤེལ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་བྱས་ནས། ཐོན་མདའ་གྲོང་ཚོ་འབྱོར་ཕྱུག་གྲོང་ཚོ་དང་ཤེས་དཔལ་གྲོང་ཚོ་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱེད་རྒྱུའི་སྐུལ་ལྕག་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།