དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-04

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་བླང་བྱ་སློབ་སྦྱོང་ལག་བསྟར་བྱས་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཁྲེན་ཡུང་ཆིས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་འགག་རྩ་རེད་ལ། དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད་ཅེས་གསུངས་པ་རེད། ཁོང་གིས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་སྔར་བས་ཆེ་རུ་གཏོང་བ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། དཔལ་འབྱོར་བཀོད་སྒྲིག་བྱེད་རིང་ཁྲོམ་རས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་ཐུབ་པ་དང་། སྲིད་གཞུང་གི་ནུས་པ་སྔར་བས་ཡག་པོ་འདོན་ཐུབ་པ། ཁྲོམ་རའི་བྱེད་པོ་དེ་བས་མང་བ་སྐྱེད་སྲིང་བྱས་ཏེ་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་སྐྲུན་ནུས་པ་ཆེ་རུ་གཏོང་དགོས། རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བར་དབང་ཆ་གང་ལེགས་སྤྲད་དེ“གཅིག་སྡུད་གཉིས་དང་གནད་ལ་འཁེལ་བ་གཉིས”བྱེད་ཐུབ་པ་དང་གཅིག་སྡུད་རྣམ་པའི་ཞབས་ཞུ་དོན་འཁྱོལ་བྱེད་དགོས་པ་མ་ཟད། དེ་བས་དུས་བསྟུན་འཕེལ་རྒྱས་དང་རྗེས་ཐོན་ལེགས་ཆ་འདོན་སྤེལ་བྱེད་པ། ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཆ་འཕྲིན་དྲ་རྒྱའི་ལས་སྟེགས་ཡག་པོ་སྤྱོད་པ། “དྲ་གཅིག་ཀུན་སྒྲུབ”ཐུབ་པ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བཏོན་པའི“སྲིད་དོན་ཞབས་ཞུའི་དོན་ཚན་དྲ་ཐོག་ནས་སྒྲུབ་གཉེར་ཐུབ་ཚད་100%ཟིན་དགོས་པའི”དམིགས་ཚད་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ། “ཞིང་ཆེན་སྒྲོལ་ནས་ཚང་མ་སྒྲུབ་གཉེར་ཐུབ་པའི”དོན་ཚན་གཅིག་ཀྱང་མ་ལུས་པར་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།