དབུ་ཤོག>སྲིད་དོན།
  • ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་སྣེ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-04

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ་རེད།

    ཝང་ཅུན་ཀྲེང་གིས“བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་བཏང་ཚུན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་རྩ་ཁྲིམས་ལྟེ་བར་བྱས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་གི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བས་ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ། སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་འགན་གལ་ཆེན་ཞིག་ཡིན་ལ་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་སྣེ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང“སུས་བཅའ་ཁྲིམས་ལག་བསྟར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུ”མཐའ་འཁྱོངས་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་དང་། རྣམ་པ་གསར་གཏོད་ཧུར་ཐག་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་དྲིལ་བསྒྲགས་དང་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། སྐབས་བསྟུན་གྱི་ཁྲིམས་ལུགས་ཁྱབ་གདལ་དང་། སྤྱི་ཕན་གྱི་ཁྲིམས་ལུགས་ཁྱབ་གདལ། གནད་སྨིན་གྱི་ཁྲིམས་ལུགས་ཁྱབ་གདལ། དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་བཅས་ལ་སྐུལ་འདེད་བཏང་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུ་དེ་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། བཅའ་ཁྲིམས་ཞབས་ཞུ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ཚན་རིག་རང་བཞིན་དང་། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་བཏང་སྟེ་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། ཁྲིམས་སྐྱོང་གི་སྙིང་སྟོབས་འཕེལ་བར་བྱེད་པ། ཁྲིམས་ལྟར་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། ཁྲིམས་སྐྱོང་སྤྱི་ཚོགས་ཀྱི་གཞི་རྩ་བརྟན་དུ་གཏོང་བ་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་བྱེད་དགོས། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་དང་། དང་ལེན་བྱེད་སླ་བའི་བྱེད་ཐབས་སྤྱད་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ་མང་ཚོགས་ཀྱི་ཞུགས་སེམས་དང་། ཉམས་ལེན་གྱི་བསམ་པ། ཐོབ་སྣང་བཅས་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཡོངས་སུ་རང་རྟོགས་ངང་ཁྲིམས་སྲུང་བ་དང་། ཁྲིམས་ལྟར་བྱ་བ་སྒྲུབ་པ། གནད་དོན་འཕྲད་སྐབས་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ་བཅས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱས་ནས་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་བོད་བཅོས་སྐྱོང་དང་། བོད་བརྟན་ལྷིང་། བོད་དར་རྒྱས་བཅས་ཀྱི་ནུས་པ་ཆེ་རུ་བཏང་ནས་ཁྲིམས་ལྟར་བོད་སྐྱོང་གི་སྒྲིག་འཛུགས་བྱེད་མཁན་དང་སྐུལ་འདེད་གཏོང་མཁན་གལ་ཆེན་ཞིག་བརྩོན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཟླ་12ཚེས་1ཉིན་གྱི་ཕྱི་དྲོ། ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཚོགས་འདུ་ཐེངས་བརྒྱད་པ་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཅི་གོ་ཀང་དང་བསོད་དར་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག 2016ལོ་ཚུན་དུ། ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་ལས་དོན་གྱི་འཐབ་ཕྱོགས་དང་རྒྱ་ཆེའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་གཞི་རིམ་ལ་ཁ་ཕྱོགས་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། ལས་གཅེས་ལས་བཀུར། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་མཐའ་འཁྱོངས་ཀྱིས“བདུན་ལྔའི”བཅའ་ཁྲིམས་ཁྱབ་གདལ་གྱི་འཆར་འགོད་ལག་ལེན་བསྟར་བར་སྐུལ་འདེད་བཏང་བས་རྩ་ཁྲིམས་དྲིལ་བསྒྲགས་རྒྱ་ཁྱབ་དང་གཏིང་ཟབ་བྱུང་ནས“སུས་བཅའ་ཁྲིམས་ལག་བསྟར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད། ལས་ཁུངས་དང་། ཞིང་འབྲོག་ཁུལ། སློབ་གྲྭ དགོན་སྡེ། སྡེ་ཁུལ། ཚན་པ། ཁེ་ལས་བཅས་སུ་བརྗོད་དོན་གཙོ་བོའི་བཅའ་ཁྲིམས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བས་རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་ཁྲིམས་ལྟར་བཅོས་སྐྱོང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང་། ཁྲིམས་སྐྱོང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ། ལས་རིགས་ཁག་ཏུ་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ཁག་གཅིག་ཐོན་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དེ་དམངས་ཡོངས་ཀྱིས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་རྩ་བའི་གཞི་འཛིན་སར་བརྩི་བ་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ་དེ་དམངས་ཡོངས་ཀྱིས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་རྩ་བའི་འགན་ལེན་དུ་བརྩི་བ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་རྒྱུ་དེ་དམངས་ཡོངས་ཀྱིས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་རྩ་བའི་ལངས་ཕྱོགས་སུ་བརྩི་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུ་མཐའ་འཁྱོངས་བྱེད་རྒྱུ་དེ་དམངས་ཡོངས་ཀྱིས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་རྩ་བའི་ཁ་ཕྱོགས་སུ་བརྩི་བ་བཅས་བྱས་ནས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ནང་དོན་གཙོ་བོ་དང་དམིགས་ཡུལ་གཙོ་བོར་དམིགས་ཏེ་བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ཟུང་འབྲེལ་དམ་ཟབ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་བརྟན་པོ་འཛུགས་དགོས་པའི་དྲིལ་བསྒྲགས་དང་སློབ་གསོ་རྒྱག་དགོས། གཞུང་དྲང་གསར་གཏོད་མཐའ་འཁྱོངས་ཀྱིས་བཅའ་ཁྲིམས་ཁྱབ་གདལ་གྱི་འདུ་ཤེས་དང་། ལམ་སྲོལ། བྱེད་སྟངས་བཅས་ཟམ་མི་ཆད་པར་གསར་གཏོད་བྱས་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། འགན་ལེན་བྱ་ཐབས་ལ་ཤུགས་སྣོན། “བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ལས་དོན་ལ་གྲུབ་འབྲས་ཏན་ཏིག་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།