དབུ་ཤོག>སྲིད་དོན།
  • བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་བླངས་ཏེ་ཁ་ཕྱོགས་གསལ་སྟོན་དང་། ཡིད་ཆེས་བརྟན་པོ། དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བཅས་བྱས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-04

    ཟླ་12ཚེས་2ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྐབས་བཅུ་པའི་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཀྲོང་ཡན། ཁྲེན་ཡུང་ཆི། ཀྲང་ཞུའེ་ཅེ། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་བཅས་ཀྱིས་ཁག་སོ་སོར་སྤེལ་རེས་གཏམ་བཤད་གནང་བ་རེད།

    ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཝང་ཅུན་ཀྲེང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ནང་བོད་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་མཛུབ་ཁྲིད་དགོངས་པ་དང་། སྤྱིའི་བླང་བྱ། གཙོ་གནད་ལས་འགན་བཅས་ཁ་གསལ་བཏོན་གནང་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་གནང་ཡོད། དེ་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཞིག་ཡིན་པས་ངེས་པར་དུ་ཇི་མ་ཇི་བཞིན་དང་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་བླངས་ཏེ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་ཡོང་བར་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ང་ཚོས་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་དང་བྱས་པའི་རྗེས་དང་འདྲུད་པའི་ཤུལ་གྱི་སྤྱོད་ཚུལ་ཐོག་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཚེ། བོད་ཀྱི་ལས་དོན་དེ་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་ཐུབ་ངེས་རེད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཀྱི་བོད་ཀྱི་འཐབ་ཇུས་གནས་བབ་ལ་ཚན་རིག་དང་མཐུན་ལ་ཡང་དག་པའི་སྒོ་ནས་སྟངས་འཛིན་བྱས་ཏེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རང་རྟོགས་རང་བཞིན་དང་། བློ་བརྟན་འགྱུར་མེད་རང་བཞིན། འགན་འཁྲི་ཁུར་སེམས། ལས་འགན་སྒྲུབ་སེམས་བཅས་ཆེ་རུ་གཏོང་དགོས། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཡིན་པས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་ཕུལ་བ་ཞིག་རེད། ངེས་པར་དུ“སྤྱི་ཡོངས་གཉིས”ལ་གཅིག་འདོམས་བྱེད་པའི་མཐོ་ཚད་ཐོག་ནས། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་གསལ་པོར་ངེས་པ་དང་། ཁོང་དུ་གསལ་པོ་ཆུད་པ། ལག་ལེན་དུ་འཁྱོལ་བ་བཅས་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ནས་བོད་ཀྱི་འཐབ་ཇུས་ཀྱི་ངེས་གནས་དང་དམིགས་བསལ་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་དང་སྟངས་འཛིན་ཡང་དག་བྱས་ཏེ་རང་རྟོགས་ངང་སྤྱི་ཡོངས་ལ་བསམ་ཤེས་ཀྱིས་ཁྱབ་ཁོངས་གཅིག་དོན་གཉེར་བྱས་ཏེ་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བཞག་ནས་ཞིབ་འཇུག་དང་། བསམ་གཞིག ཇུས་འགོད་བཅས་བྱས་ཏེ་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་ལས་དོན་ཡག་པོ་བསྒྲུབས་ཏེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་ཆེད་གཟི་བརྗིད་བརྩོན་ལེན་བྱེད་དགོས་ལ། བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་ཆེད་གཟི་བརྗིད་བརྩོན་ལེན་དེ་བས་ཀྱང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱིས་ལྗོངས་ཡོངས་ཀྱི་ལས་དོན་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱས་ཏེ་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ལས་ཀའི་སྔ་ལྟས་ཕྱི་བསམ་རང་བཞིན་དང་མ་འོངས་སྔོན་དཔག་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་ཏན་ཏིག་བཅས་བྱེད་དགོས། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་གཏོང་དགོས་ཕྱིན་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་དང་། ཚང་མར་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་བཅས་ལྡན་དགོས་ལ། ཚང་མར་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བར་ཕན་པ་ཡོད་པ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་སྟེ་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དེ་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་ལོ་ལྟར་དམངས་འཚོའི་བྱ་བ་དངོས་ཁག་གཅིག་ཡག་པོ་བསྒྲུབས་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་སྐོང་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་དང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། བློ་བརྟན་འགྱུར་མེད་ངང་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་པར་ཤུགས་སྣོན་བརྒྱབ་ནས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། འགོ་ཁྲིད་ལས་བྱེད་པའི་མིག་དཔེའི་ནུས་པ་གང་ལེགས་འདོན་པ་བཅས་བྱས་ཏེ། ལས་དོན་ཁག་དོན་འཁྱོལ་ཞིབ་ཕྲ་ཡོང་བར་སྐུལ་འདེད་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་བསྡུར་བ་དང་མིག་ལྟོས་བྱེད་པ། བྱ་སྤྱོད་དངོས་དང་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། ཟབ་སྦྱོང་མཐིལ་རྟོགས་ཡོང་བ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ཕྱོགས་ཡོངས་དང་ཆ་ལག་ཚང་བའི་སྒོ་ནས་ཁོང་དུ་ཆུད་པ། དེའི་ཁྲོད་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། ཐབས་ཤེས་བཅས་ཁོང་དུ་ཧུར་ཐག་ཆུད་པ་བྱེད་པ། རང་རྟོགས་ངང་དེའི་ཁྲོད་ནས་ཁ་ཕྱོགས་དང་། བསམ་ཕྱོགས། བཀོད་པ། ཐབས་ཤེས་བཅས་ཤེས་པ་བཅས་བྱས་ཏེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་དགོས། འགན་འཁྲི་ནན་དུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། འགན་འཁྲིའི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ། ལས་དོན་གང་ཞིག་སྒྲུབ་དགོས་པ་དང་། ཇི་ལྟར་སྒྲུབ་དགོས་པ། གང་འདྲ་བྱས་ཚེ་གཞི་ནས་ཡག་པོ་སྒྲུབ་ཐུབ་པ་བཅས་གསལ་པོ་ཤེས་པར་བྱེད་པ། འགན་འཁྲི་གསལ་པོ་ཤེས་པ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། འགན་འཁྲི་ལག་ལེན་ཐོག་འཁྱོལ་བ་བཅས་བྱེད་པ། རང་འགུལ་ངང་བྱས་རྗེས་འཇོག་པ་དང་འགན་འཁྲི་འཁུར་ཕོད་པ་བྱེད་པ། ལས་འགན་དང་འགན་འཁྲི་ནན་ཏན་ངང་སྒྲུབ་པ། རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ། སློབ་སྦྱོང་ཐད་རིམ་པ་བཞིན་དུ་མིག་དཔེ་འདོན་པ་དང་ལག་ལེན་ཐད་རིམ་པ་བཞིན་དུ་སྣེ་ཁྲིད་བཅས་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། ལས་རིགས་ཀྱི་ཁྱབ་ཁོངས་དང་ཁག་བགོས་དོ་དམ་ཁྱབ་ཁོངས་དང་ཟུང་འབྲེལ་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། བརྟག་དཔྱད་ཞིབ་འཇུག་ནན་ཏན་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་གནས་ཚུལ་མཐིལ་རྟོགས་དང་དུས་བབ་ལ་དབྱེ་ཞིབ་བྱེད་པ། དངོས་སྒྲུབ་གོ་ཆོད་ཀྱི་བྱ་ཐབས་སྤྱོད་པ་བཅས་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དོན་ཐོག་ཏུ་འཁྱོལ་བ་དང་མེ་ཏོག་བཞད་ནས་འབྲས་བུ་འདོགས་ཐུབ་པའི་འགན་ལེན་བྱེད་དགོས། སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ཕུགས་བསམ་ལྡན་དགོས་ལ་ཏན་ཏན་ཏིག་ཏིག་ཀྱང་བྱེད་དགོས་པ་དང་། མཐོ་སར་ལངས་ཐུབ་པ་དང་། རྒྱང་རིང་མཐོང་ཐུབ་པ། གསལ་པོ་ཤེས་ཐུབ་པ། གསལ་པོར་ཤོད་ཐུབ་པ་བཅས་བྱེད་དགོས་ལ་ཐབས་ཇུས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་པ་དང་། ལག་བསྟར་ནུས་ལྡན་མཐའ་གཅིག་ཏུ་བྱེད་པ། ལས་དོན་སྒྲུབ་སྐབས་ཁྲིམས་མཐུན་དང་ལས་ཕྱོད་ཆེ་བ་བཅས་ཀྱང་དངོས་འབྲེལ་ཐུབ་པ་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་མིག་དཔེའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་མི་གཞན་ལ་སྒྲུབ་ཐུབ་པ་བྱེད་དགོས་པའི་རེ་བ་བཏོན་པ་རྣམས་རང་ཉིད་ཀྱིས་སྔོན་ལ་སྒྲུབ་ཐུབ་པ་བྱེད་པ་དང་མི་གཞན་ལ་སྒྲུབ་མི་ཆོག་པའི་རེ་བ་བཏོན་པ་རྣམས་རང་ཉིད་ཀྱིས་མཐའ་གཅིག་ཏུ་མི་སྒྲུབ་པར་སེམས་ནུས་ཡོད་དོ་ཅོག་དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐོག་ཡག་པོ་བཞག་སྟེ་དུས་རབས་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པ། ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་བྱས་རྗེས་ཏན་ཏིག་བཞག་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།