དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-03

    ཟླ་11ཚེས་30ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་ལས་ཚབ་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། སྐབས་དགུ་པའི་ལྗོངས་ཏང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ། སྐབས་བཅུ་པའི་ལྗོངས་ཏང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལ་སྐུལ་སློང་དང་བཀོད་སྒྲིག་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་རང་བཞིན་གྱི་འབྲེལ་མཚམས་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་དུས་རབས་གསར་པའི་གསུང་སྒྲ་ཤུགས་ཆེན་གྲགས་པའི་འགག་རྩའི་དུས་མཚམས། བོད་ཀྱི་ལས་དོན་གྱི་འགོ་འཛུགས་ས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པའི་དུས་སྐབས་གལ་ཆེན་བཅས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ལས་དོན་སྙན་སྒྲོན་ནང“བོད་ཀྱི་འཆར་གཞི”བཏིངས་བ་དང་། “བོད་ཀྱི་ལམ་ཕྱོགས”ཁ་གསལ་བཟོས་པ། “བོད་ཀྱི་འགན་འཁྲི”འཁུར་སེམས་མངོན་པ་བཅས་བྱས་ཡོད་པས་དེ་ནི་འབྱུང་འགྱུར་ལ་ཁ་ཕྱོགས་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་དུས་རབས་གསར་པར་བསྐྱོད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཀྱང་རེད་ཅེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་།  དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་ལྗོངས་ཏང་ཨུད་ཀྱི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ་དང་། རང་འགུལ་ངང་སློབ་སྦྱོང་ཧུར་ཐག་བྱེད་པ། སྒྲོག་འགྲེལ་སྒྲིག་འཛུགས་ནན་ཏན་བྱེད་པ། གྲུབ་འབྲས་གཟེངས་སུ་ཐོན་པའི་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པར་བརྟེན་ནས་ལས་འགན་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས། ཏང་རྩ་བའི་རྩེ་ལ་བཟུང་ནས་ཏང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་རྒྱུ་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་འདོན་པ་དང་། ཐོག་མཐའ་བར་གསུམ་དུ་ཁ་ཞེ་གཉིས་མེད་ངང་ཁ་བཤད་ལག་བསྟར་བྱེད་པ། “གཏན་འཁེལ་གཉིས”བློ་ལ་བརྟན་པོར་འཆང་བ་དང“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་རང་འགུལ་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་སྐབས་བཅུ་པའི་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་བརྩི་སྲུང་དང་ལེན་དང་ཏང་ཀྲུང་དབྱང་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐད་བཀའ་གསུང་ཅི་སྒྲུབ་དང་འཕྲལ་དུ་བྱ་སྤྱོད་སྤེལ་དགོས། ལས་སྒྲུབ་གཙོ་བོར་བཟུང་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་ཐད་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་འདོན་པ་དང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ། འགོ་ཁྲིད་ལས་བྱེད་པས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི“སྐུལ་འདེད་གཏོང་ནུས་དང་པོའི”ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དོན་དངོས་ལ་གཞིགས་ནས་དམིགས་ཚད་འདོན་པ། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་པ་བཅས་བྱས་ནས་ལས་དོན་ཁག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། སྤྱོད་གཙང་རྨང་གཞིར་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་འདོན་དགོས། སྲིད་གཞུང་ཏང་ཙུའུ་ཡིས་སྣེ་ཁྲིད་དེ་ཆབ་སྲིད་དང་། བསམ་བློ། སྤྱོད་ཚུལ་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་སྣེ་ཁྲིད་ནས་ཤུགས་སྣོན་བརྒྱབ་སྟེ་སྲིད་བརྩོན་སྤྱོད་གཙང་དང་། དངོས་སྒྲུབ་འགན་འཁུར། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།