དབུ་ཤོག>སྲིད་དོན།
  • ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-03

    1373555_yis_1638460800000_s.jpg

    ཟླ་12ཚེས་1ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྐབས་གསར་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་བཅས་ཀྱི་སྣེ་ཁྲིད་དེ་བོད་ཀྱི་ལས་དོན་ཨུ་ལྷན་གྱི་གནས་རྙིང་དུ་ཕེབས་ཤིང་། བོད་ལྗོངས་ལས་དོན་ཨུ་ལྷན་གྱི་ལོ་རྒྱུས་འཕེལ་རིམ་འགྲེམས་སྟོན་ཁང་དང་བོད་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཐོག་ཁང་ལ་གཟིགས་སྐོར་གནང་བ། ཀྲང་ཅིང་ཝུའུ་སོགས་གསར་བརྗེའི་སྔོན་བྱོན་པའི་སྔོན་ཐོན་གྱི་མི་སེམས་འགུལ་བའི་བྱས་རྗེས་ལ་གུས་མཇལ་ཞུས་པ། ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་གནང་བ། འདི་ནི་ཏང་ཞུགས་དམ་བཅའ་འཇོག་ཡུལ་ཡིན་པ། 

    ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་རྒྱལ་ཁའི་ངང་གྲོལ་མ་ཐག་ཡིན་པ་དང་། ཚེས་1ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྐབས་གསར་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་བཅས་ཀྱི་སྣེ་ཁྲིད་དེ་བོད་ལྗོངས་ལས་དོན་ཨུ་ལྷན་གྱི་གནས་རྙིང་དུ་ཕེབས་ཤིང་། བོད་ལྗོངས་ལས་དོན་ཨུ་ལྷན་གྱི་ལོ་རྒྱུས་འཕེལ་རིམ་འགྲེམས་སྟོན་ཁང་དང་བོད་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཐོག་ཁང་ལ་གཟིགས་སྐོར་གནང་བ། ཀྲང་ཅིང་ཝུའུ་སོགས་གསར་བརྗེའི་སྔོན་བྱོན་པའི་སྔོན་ཐོན་གྱི་མི་སེམས་འགུལ་བའི་བྱས་རྗེས་ལ་གུས་མཇལ་ཞུས་པ། ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་གནང་བ། སྐབས་གསར་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་པའི་ཆབ་སྲིད་ཀྱི་དད་སེམས་དང་། ཡིད་ཆེས། ཆོད་སེམས་བཅས་བརྟན་དུ་བཏང་ཡོད།

    ཀྲུང་གོ་གུང་ཁྲན་ཏང་བོད་ལྗོངས་ལས་དོན་ཨུ་ལྷན་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྔ་མིང་ཡིན་པ་དང་། རྒྱུན་ཨུ་ཚོས་བོད་ལྗོངས་ལས་དོན་ཨུ་ལྷན་གྱི་ལོ་རྒྱུས་འཕེལ་རིམ་འགྲེམས་སྟོན་ཁང་དང་བོད་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཐོག་ཁང་དུ་ཕེབས་ནས་འགྲེམས་སྟོན་ལ་ཞིབ་ཕྲ་གཟིགས་པ་དང་ངོ་སྤྲོད་ནན་ཏན་ངང་གསན་པ་མ་ཟད། ཕེབས་མཚམས་ཡང་ཡང་བཞག་ནས་གཟིགས་སྐོར་གནང་བ་རེད།

    ལྟ་སྐོར་མཇུག་འགྲིལ་རྗེས་རྒྱུན་ཨུ་ཚོ་ཐོག་སོ་དང་པོའི་དམ་འཇོག་ཚོམས་ཆེན་དུ་ཕེབས་ནས་དམར་མདངས་བཀྲ་བའི་ཏང་དར་ལ་ཕྱོགས་ཏེ་ཝང་ཅུན་ཀྲེང་གིས་ཁུ་ཚུར་གཡས་པ་བཏེགས་ནས་རྒྱུན་ཨུ་ཚོའི་སྣེ་ཁྲིད་དེ“ངས་རང་མོས་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ཏེ་ཏང་གི་རྩ་འཛིན་ལ་བརྩི་བཀུར་དང་། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་། ཏང་ཡོན་གྱི་འོས་འགན་སྒྲུབ་པ། ཏང་གི་གཏན་འབེབས་ལག་བསྟར། ཏང་གི་སྒྲིག་ཁྲིམས་ནན་སྲུང་། ཏང་གི་གསང་དོན་དམ་སྲུང་། ཏང་ལ་ལྷག་བསམ་རྣམ་དག ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་གུང་ཁྲན་རིང་ལུགས་ཀྱི་ཆེད་དུ་ཚེ་གང་འབད་འཐབ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་རྒྱུའི་གྲ་སྒྲིག་བྱས་ཐོག་ནམ་ཡང་ཏང་ལ་རྒྱབ་གཏོད་བྱེད་ཀྱི་མིན”ཞེས་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་གནང་བ་དང་། སྙན་ཞིང་འཇེབས་ལ་ཤུགས་དང་ལྡན་པའི་དམ་འཇོག་འབོད་སྒྲ་ལས་གངས་ལྗོངས་ས་མཐོའི་གུང་ཁྲན་ཏང་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལ་ཕྱོགས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པའི་བརྗིད་ཆེའི་བློ་སྟོབས་དང་དད་སེམས་བརྟན་པོ་རྔམ་བརྗིད་ལྡན་པའི་ངང་གསལ་བསྒྲགས་བྱས་ཡོད།

    ཝང་ཅུན་ཀྲེང་གིས་བསྟན་གནང་དོན། ལོ་ངོ་70ཡི་གོང་རང་རེའི་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཞི་བས་བཅིངས་འགྲོལ་བཏང་བ་དང་བོད་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས་ཡོད། ལོ་ངོ་70སོང་རྗེས་ཀྱི་ད་ཆ་བོད་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། བོད་དུ་ཏང་གི་ལོ་རྒྱུས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅིངས་འགྲོལ་དང་བདེ་སྐྱིད་དོན་གཉེར་བྱེད་པའི་ལོ་རྒྱུས་ཤིག་དང་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་ལོ་རྒྱུས་ཤིག་རེད། 

    ང་ཚོས་བོད་དུ་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཁྲོད་ནས་རང་རེའི་ཏང་གི་འགྱུར་བ་མེད་པའི་ཐོག་མའི་བསམ་འདུན་མྱོང་ཚོར་དང་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྐབས་གསར་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གིས་མཉམ་སྡེབ་བྱེད་སྒོ་ཐེངས་དང་པོ་སྤེལ་ནས། བོད་ལྗོངས་ལས་དོན་ཨུ་ལྷན་གྱི་ལོ་རྒྱུས་འཕེལ་སྒྱུར་བཤམས་སྟོན་ཁང་དང་བོད་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཐོག་ཁང་དུ་གཟིགས་སྐོར་དུ་ཕེབས་ནས་ཀྲང་ཅིང་ཝུའུ་སོགས་གསར་བརྗེའི་སྔོན་བྱོན་པ་ཚོའི་མི་སེམས་འགུལ་བའི་སྔོན་ཐོན་གྱི་བྱས་རྗེས་བསྐྱར་དྲན་གནང་བ་དང་། ཏང་གཤིས་ཀྱི་སློབ་གསོ་དང་ལེན་ཞུས་པ། ཏང་ཞུགས་དམ་བཅའ་བསྐྱར་འཇོག་བཅས་གནང་དོན་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་ཡོང་བར་བྱེད་པ་དང་། ཏང་གི་ལོ་རྒྱུས་ཁྲོད་ནས་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱེད་པ་དང་། ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་བྱེད་དགོས་པ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་གསར་བརྗེའི་སྔོན་བྱོན་པ་ཚོར་སློབ་སྦྱོང་བྱས་ནས། “ལམ་གཉིས”ཀྱི་སྙིང་སྟོབས་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། “རྡོག་ཐོན་བྱེད་དགོས་དོན་གང་ཡིན་པ”ཤེས་པར་བྱེད་པ། ཡུན་རིང་བོད་སྐྲུན་གྱི་བསམ་བློ་བརྟན་པོ་འཛུགས་པ། བློ་གཅིག་སེམས་གཅིག་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་བདེ་སྐྱིད་དོན་གཉེར་བཅས་བྱས་ནས། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་དེ་རེད།

    རྒྱུན་ཨུའི་བློ་མཐུན་ཚོས་མགྲིན་གཅིག་ཏུ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བོད་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་པས། ང་ཚོས་ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་པོ་ཁུར་ཏེ་ངེས་པར་དུ་རང་དཔེ་གཞན་སྟོན་དང་། སྣེ་ཁྲིད་མིག་དཔེ་འདོན་པ། རང་འགན་ནན་སྒྲུབ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་ཏང་ཀྲུང་དབྱང་དང་བོད་མི་དམངས་ལ་ཚད་ལོན་པའི་དུས་རབས་གསར་པའི་རྒྱུགས་ལན་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།