ཟླ་11ཚེས་30ཉིན་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིར་བདམས་ཐོན་བྱུང་བ་དང་། བློ་བཟང་རྒྱལ་མཚན(བོད་རིགས)དང་། ཡན་ཅིན་ཧའེ(བོད་རིགས) ཀྲོང་ཡན། ཁྲེན་ཡུང་ཆི་བཅས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པར་བདམས་ཐོན་བྱུང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལ་བདམས་ཐོན་བྱུང་བའི་གྲས་སུ་ད་དུང་ཀྲང་ཞུའེ་ཅེ་དང་། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ(བོད་རིགས) ཀརྨ་ཚེ་བརྟན(བོད་རིགས) ཤའོ་ཡིའུ་ཚའེ(བོད་རིགས) ཟླ་བ་ཚེ་རིང(བོད་རིགས)བཅས་ཡོད་པ་རེད། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཝང་ཝུའེ་ཏུང་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅིར་བདམས་པ་དང་ཀུང་ཧུའེ་ཚའེ་དང་། སྟོབས་ཆེན(བོད་རིགས) ཏང་ཝན་ཅུན། ལིའུ་ཐའོ་ཉན་བཅས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པར་བདམས་ཡོད་པ་རེད།