དབུ་ཤོག>སྲིད་དོན།
  • བསྟན་ཁོ་དང་། ཅང་ཅེ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ་བཅས་ཁག་སོ་སོས་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཚོགས་པ་ཁག་གི་གྲོས་བསྡུར་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2021-11-30

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་བྱས་ཚུན། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་བསྟན་ཁོ་དང་། ཅང་ཅེ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ་བཅས་ཁག་སོ་སོས་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཚོགས་པ་ཁག་གི་གྲོས་བསྡུར་ལ་ཞུགས་པ་རེད།

    ཚང་མས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ནི་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་དུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། བློ་མཐུན་ཝང་ཅུན་ཀྲེང་གིས་གནང་བའི་སྙན་སྒྲོན་ནང་། འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཕྱོགས་ཡོངས་ལུགས་མཐུན་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ཕྱིར་དྲན་ཕྱོགས་སྡོམ་བྱས་པ་དང་། མ་འོངས་ལོ་ལྔའི་རིང་གི་ལས་དོན་གྱི་དམིགས་ཚད་ཁ་གསལ་གཏན་འཁེལ་དང་། གཙོ་གནད་འབུར་ཐོན། བྱ་ཐབས་ནུས་ལྡན་བཅས་བཀོད་སྒྲིག་བྱས་ཡོད་པ་དེ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་བོད་ཀྱི་ལས་ཀའི་དོན་དངོས་དང་རྦད་དེ་མཐུན་ཡོད་པའི་ངོས་འཛིན་གནང་བ་རེད། ཚང་མས་སྙན་སྒྲོན་འདིར་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།

    བསྟན་ཁོ་ནག་ཆུའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས། དྲིན་ཚོར་གྱི་བསམ་པས་འཕྱུགས་བཞིན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་མཐོར་བརྩེ་བ་ཟབ་མོ་བཅངས་ཤིང་ཐུགས་བློ་མི་དམངས་ལ་འཆང་བ་དང་། ང་ཚོར་འགོ་ཁྲིད་གནང་ནས་དུས་ཡུན་རིང་པོ་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཞིག་ཐག་གཅོད་གནང་བ། ང་ཚོར་བསྒྲུབས་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་སྒྲུབ་པར་རྒྱབ་སྐྱོར་གནང་བ་བཅས་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་ནས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་སྙིང་སྟོབས་རབ་འཕེལ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་། དྲིན་ཚོར་ཡར་བརྩོན་དང་དངོས་སྒྲུབ་ལ་བརྩི་མཐོང་བྱས་ཏེ་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དང་ཚད་གཞི་རྩེ་གྲའི་ཐོག་ནས་བློ་མཐུན་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གནང་བའི་སྙན་སྒྲོན་ནང་བཏོན་པའི་ལས་དོན་ཁག་སེམས་ལ་འཇོག་པ་དང་། ཕྲག་ཏུ་འཁུར་བ། ལག་ཏུ་དམ་འཛིན་བཅས་བྱེད་དགོས་པ་དང་། སེམས་ནུས་གཅིག་སྒྲིལ་གྱིས་བློ་མཐུན་ཝང་ཅུན་ཀྲེང་གིས་བཏོན་གནང་བའི“སློབ་གསོར་ཤུགས་སྣོན་དང་། དམ་པ་དོན་གཉེར། འགན་འཁུར་ཕོད་པ”བཅས་ཀྱི་ལས་ཀའི་བླང་བྱ་ལག་ལེན་ཏན་ཏིག་བསྟར་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།

    ཅང་ཅེ་ཆབ་མདོའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས། སྙན་སྒྲོན་ནི་མཐོ་གཟིགས་འོག་བསྐྱངས་དང་། དངོས་ཐོག་བདེན་འཚོལ། བསམ་ཕྱོགས་གསལ་བ། མི་སེམས་ཡར་སྐུལ་བཅས་ཡོད་པ་དང་། གྲུབ་འབྲས་ཕྱོགས་སྡོམ་ལུགས་དང་མཐུན་ལ་བདེན་པ་བདེན་ཐུབ་དང་། མི་སེམས་ལ་སྐུལ་མ་ཐེབས་པ། དོན་དངོས་དང་གྲངས་གཞི་ཁ་གསལ་བ་བཅས་ཡོད་པས་འདས་ཟིན་པའི་ལོ་ལྔའི་རིང་རང་ལྗོངས་ལ་འཕྲད་པའི་དུས་བབ་གསར་པ་དང་འགྱུར་ལྡོག་གསར་པ་དང་། སྤྱད་པའི་བྱ་ཐབས་ནུས་ལྡན། ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་བཅས་མཚོན་པར་བྱས་ཡོད། མ་འོངས་འཆར་འགོད་བྱས་པ་དེའང་མིག་རྒྱང་རིང་བ་དང་དོན་སྙིང་ཟབ་པས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བདེན་འཚོལ་དང་། དོན་གཉེར། དྲང་བདེན་བཅས་ཀྱི་ཉམས་འགྱུར་མངོན་ལ་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འདོད་ཚུལ་ཡང་མཚོན་པས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་རྒྱ་ཁྱབ་བསྒྲིལ་ཏེ་འཕེལ་རྒྱས་མགྱོགས་མྱུར་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ངེས་རེད། རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལས་ཆབ་སྲིད་ཀྱི་ཚུགས་གནས་ཧ་ཅང་མཐོ་བ་དང་། བསམ་བློའི་གཏན་ཚིགས་དང་ལས་དོན་གྱི་མ་ལག་ཚགས་དམ་པ། འཐབ་རྩོད་ཀྱི་སྙིང་སྟོབས་ཆེན་པོ་དང་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་བཅས་མངོན་པ་དང་། ལས་དོན་ལ་ཕྱིར་དྲན་དང་། ལས་ཀའི་མྱོང་ཚོར། ལས་དོན་གྱི་གྲོས་འགོ་བཅས་ཀྱི་བཀོད་ཇུས་ཁྲོད་ཕྱོགས་གང་ཅིའི་ཐད་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་སྤྱིའི་རྩ་འཛིན་དུ་བཟུང་བ་དང་ཞིབ་ཅིང་ཕྲ་བའི་གྲངས་གཞི་འབོར་ཆེན་གྱི་ཐོག་ནས་ཕྱོགས་བརྒྱད་ཐད་ཀྱི་གྲུབ་འབྲས་ཕྱོགས་སྡོམ་བྱས་ཏེ་བོད་ཀྱི་དོན་དངོས་དང་འཚམ་པའི་ལས་ཀའི་གྲོས་འགོ་བཏོན་པ་དེ་ནི་ལས་ཀའི་རྒྱུགས་ལན་ཕུལ་དུ་བྱུང་བ་ཞིག་རེད་ཅེས་གསུངས་པ་རེད།

    པད་མ་དབང་འདུས་གཞིས་རྩེའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས། སྙན་སྒྲོན་ཧྲིལ་པོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱས་པ་དང་། སྐབས་དགུ་པའི་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག ལྗོངས་ཡོངས་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ། “ངེས་པར་དུ་བཅུའི”ཉམས་མྱོང་དང་མྱོང་ཚོར་གྱི་སྙིང་པོ་བསྡུས་པ། སླད་ཕྱིན་ལོ་ལྔའི་རིང་གི་ལས་དོན་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་པ་བཅས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་། གྲུབ་འབྲས་ཀྱི་ཕྱོགས་སྡོམ་ཏན་ཏིག འབད་འཐབ་ཀྱི་དམིགས་ཚད་ལས་མི་སེམས་ལ་སྐུལ་མ་ཐེབས་པ། ལས་ཀའི་བྱེད་ཐབས་ཞིབ་ཅིང་ཕྲ་ལ་ཚན་རིག་དང་མཐུན་པ་བཅས་ཡོད་པས་ཆབ་སྲིད་རང་བཞིན་དང་། རིགས་པའི་གཞུང་ལུགས་རང་བཞིན། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལྡན་པའི་སྙན་སྒྲོན་ཡག་པོ་ཞིག་རེད། ང་ཚོས་ངེས་པར་དུ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། གོ་བ་ཡག་པོ་ལེན་པ། ལག་ལེན་ཡག་པོ་བསྟར་བ་བཅས་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་མཐའ་གཅིག་ཏུ་འཁྱོལ་བར་བྱས་ནས་དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་གསུངས་པ་རེད།

    ལིའུ་ཅང་མངའ་རིས་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གནང་བའི་སྙན་སྒྲོན་ནི་སེམས་ནུས་གཅིག་སྒྲིལ་དང་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད་པས་ངས་རྦད་དེ་མོས་མཐུན་ཡོད་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ང་ཚོས་ངེས་པར་དུ་བློ་རྩེ་གཅིག་སྒྲིམ་དང་བརྩེ་བ་ཟབ་མོས་སྙན་སྒྲོན་སློབ་སྦྱོང་བྱས་ཏེ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སྐྱོད་ཐུབ་པ་བཞི”སོགས་བསམ་ཕྱོགས་གསར་པ་དང་། བྱེད་ཐབས་གསར་པ། བླང་བྱ་གསར་པ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་། སེམས་ཤུགས། བྱ་སྤྱོད་བཅས་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། འགན་ཤེས་ཁུར་ལེན་གྱིས་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ཁོང་དུ་ཆུད་པར་བྱས་ཏེ་སྔར་བས་འབད་འབུངས་དང་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“ཞིབ་བཤེར་བཞིའི”སློབ་གསོ་གཏིང་ཟབ་སྤེལ་ཏེ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་ཡོང་བར”འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཝུའེ་ཏུང་ལྷོ་ཁའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་གཏིང་ཟབ་དང་མཐར་ཕྱིན་པ་བྱེད་པ་དང་། གཞི་རིམ་དུ་བསྐྱོད་ནས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་དང་དྲིལ་བསྒྲགས་ཡག་པོ་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།

    དབང་ཧའེ་ཀྲོའུ་ཉིང་ཁྲིའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་གཙོ་གནད་དང་། སྒུལ་ཤུགས། ཁ་ཕྱོགས་བཅས་ལ་བརྩིས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ཆད་ལུས་མེད་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ་དང་སྒྲོག་འགྲེལ་རྒྱ་ཁྱབ་བྱས་ཏེ་ཚོགས་འདུའི་དགོངས་དོན་གངས་ལྗོངས་ས་མཐོར་ཁྱབ་ནས་རྩ་བ་ཚུགས་པ་དང་། འདབ་མ་རྒྱས་པ། འབྲས་བུ་འདོགས་ཐུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ལའེ་ཅའོ་ལྷ་སའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས། བློ་མཐུན་ཝང་ཅུན་ཀྲེང་གིས་གནང་བའི་སྙན་སྒྲོན་ནི་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་འཆང་བ་དང་། དུས་རབས་ཀྱི་འབོད་སྒྲར་ལན་སློག་པ། མང་ཚོགས་ཀྱི་རེ་སྒུག་སྐོང་བ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད། ང་ཚོས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་པ་དང་། སྔོན་གཏན་འཁེལ་བའི་ལས་ཀའི་བསམ་ཕྱོགས་ལ་དམ་འཛིན་བྱ་རྒྱུར་ལྷོད་གཡེང་མི་གཏོང་བ། གཙོ་གནད་ལས་འགན་ཁག་བརྒྱད་དམ་པོར་འཛིན་རྒྱུ་མཚམས་འཇོག་མི་བྱེད་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་བཀོད་པའི་བརྗིད་ཆེའི་འཆར་གཞི་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མཛེས་སྡུག་ལྡན་པའི་མངོན་སུམ་དུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

    ཀརྨ་ཚེ་བརྟན་མངའ་རིས་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས། ང་ཚོས“ངེས་པར་དུ་བཅུའི”ལོ་རྒྱུས་ཀྱི་ཉམས་མྱོང་དང་། བོད་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དབྱེ་ཞིབ་དང་བརྡར་གཅོད། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སྐྱོད་ཐུབ་པ་བཞིའི”བྱེད་ཐབས་དང་ཐབས་ལམ་དང་དེ་བཞིན་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་ཀྱི་རྩ་བའི་འགན་ལེན་བཅས་སྐོར་གྱི་སྙན་སྒྲོན་གྱི་ཆོད་གཏམ་ལ་གོ་བ་གཏིང་ཟབ་བླངས་ཏེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དཔའ་ངར་ཆེར་སྐྱེད་ཀྱི་ཉམས་འགྱུར་ལ་བརྟེན་ནས་རྒྱུན་མཐུད་འབད་འཐབ་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཤའོ་ཡིའུ་ཚའེ་ནག་ཆུའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས། སྙན་སྒྲོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བརྗོད་དོན་གཙོ་བོར་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཙོ་རྐང་དུ་བྱེད་པ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུ་དགོངས་གཞི་གཙོ་བོར་བྱེད་པ་བཅས། སྐབས་གོང་མའི་ཏང་ཨུད་ཚན་ཁག་གི་ལས་དོན་ལ་གདེང་འཇོག་བྱས་པ་དང་། མིག་སྔའི་ལས་དོན་ཁྲོད་འཕྲད་པའི་ཉེན་ཁ་དང་འགྲན་སློང་དང་ཞིབ་ཕྲའི་དཀའ་ངལ་དང་གནད་དོན་བཏོན་ཡོད་ལ། ཉམས་མྱོང་ལ་ཕྱོགས་སྡོམ་དང་བློ་སྒོ་ཡང་ཕྱེ་ཡོད་པ་མ་ཟད་འབྱུང་འགྱུར་བོད་ཀྱི་ལོ་ལྔའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་འབད་འཐབ་ཀྱི་དམིགས་ཚད་ཁ་གསལ་བཏོན་ཡོད། གོམ་སྟབས་རྗེས་མའི་ལས་དོན་ཁྲོད་ང་ཚོས་ངེས་པར་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱར་གཞིགས་ཏེ་ནན་ཏན་ངང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།