དབུ་ཤོག>སྲིད་དོན།
  • དམག་དཔུང་སྟོབས་ཆེར་གཏོང་བའི་ཞི་ཅིན་ཕིང་གི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་གྱིས་དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-30

    1361262_yis_1638201600000_s.jpg

    ཟླ་11ཚེས་29ཉིན་གྱི་སྔ་དྲོ། བློ་མཐུན་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་གི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ། 

    ཚེས་29ཉིན་གྱི་སྔ་དྲོ། བློ་མཐུན་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་གི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ་རེད།

    ངག་དབང་དང་། ཏང་དབྱི་མིང་། ཧྥང་ཡུན་ཕིང་། ཚེ་རིང་བག་གྲོ ཀྲང་ཨའེ་དབྱིང་། ཀྲང་ཁྲེང་། ཐང་པིན་སོགས་འཐུས་མིས་སྔ་རྗེས་སུ་གཏམ་བཤད་གནང་ནས། བློ་མཐུན་ཝང་ཅུན་ཀྲེང་གིས་སྐབས་དགུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་གནང་བའི་སྙན་སྒྲོན་ནང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་ཕྱོགས་མང་གི་སྒོ་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་ལས་འགན་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་བ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ། དམིགས་ཚད་དང་བྱེད་ཐབས་ཏན་ཏིག ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ་ཐབས་ལམ་ཡང་ཁ་གསལ་སྟོན་གནང་བ། དམིགས་ཚད་གཏན་འཁེལ་གནང་ཡོད་ལ་སྲིད་ཇུས་ཀྱང་སྤྲད་གནང་བ། བླང་བྱ་བཏོན་ཡོད་ལ་བྱེད་ཐབས་ཀྱང་བསླབས་གནང་བ་བཅས་དེ་དག་བོད་ཀྱི་དོན་དངོས་དང་མཐུན་པ་དང་མི་དམངས་ཀྱི་འདུན་པ་མཚོན་པའི་ངོས་འཛིན་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསན་ཞོར་དུ་ཟིན་ཐོ་ཡང་བསྐྱོན་པ་དང་ཆབས་ཅིག་འཐུས་མི་ཚོ་དང་མཉམ་དུ་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་ཀྱང་གནང་ཞིང་། ཁོང་གིས་གསུངས་དོན། བོད་སྡོད་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་ནི་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཇུས་སྟོབས་ཤུགས་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་སྡོད་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་རྒྱ་ཆེའི་དཔོན་དམག་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ལ་དམིགས་པ་དང་། བྱང་ཚད་དང་འཇོན་ཐང་ཆེ་རུ་གཏོང་བ། ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ། ས་གནས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་བོད་ཀྱི་མཐའ་སྲུང་སྲ་བརྟན་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དམག་དཔུང་སྟོབས་ཆེར་གཏོང་བའི་ཞི་ཅིན་ཕིང་གི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་དང་། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་དང་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། ཆབ་སྲིད་ལ་བརྟེན་ནས་དམག་འཛུགས་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་པར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་བཞིན་དམག་དཔུང་བཅོས་སྐྱོང་བཅས་མཐའ་འཁྱོངས། སྤྱི་ཁྱབ་བཀོད་འདོམས་པའི་བཀའ་རྒྱ་མཐའ་གཅིག་ཏུ་ཉན་པ་བཅས་བྱས་ཏེ། དཔུང་སྡེས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་དང་། “སྲུང་སྐྱོང་གཉིས”བྱ་སྤྱོད་ཞིབ་ཕྲར་དོན་འཁྱོལ་དང་དཔུང་སྡེའི་ལས་དོན་གྱི་ཕྱོགས་ཁག་ཏུ་དོན་འཁྱོལ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་རླབས་པོ་ཆེར་དམིགས་ནས་ལས་འགན་ཁག་་བདེ་བླག་ངང་འགྲུབ་པའི་འཇོན་ཐང་ཆེ་རུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཞི་ཅིན་ཕིང་གི་དགོངས་པས་དཔོན་དམག་གི་བསམ་བློར་དྲག་ཆས་སྤྲོད་རྒྱུ་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་དེང་སྐབས་གསར་བརྗེའི་དམག་མིའི་ལྟེ་བའི་རིན་ཐང་ལྟ་བ་རྒྱུན་མཐུད་སྐྱེད་སྲིང་། བླ་སྲོག་དང་། འཇོན་ཐང་། བློ་དཀར་གཞུང་དྲང་གི་རང་གཤིས། ཀུན་སྤྱོད་བཅས་ཀྱིས་ཕྱུག་པའི་དུས་རབས་གསར་པའི་གསར་བརྗེའི་དམག་མི་གསོ་སྐྱོང་བཅས་བྱས་ཏེ། འགྱུར་མེད་ཀྱི་དད་པ་དང་། འགྱུར་མེད་ཀྱི་བློ་སེམས། འགྱུར་མེད་ཀྱི་སྒྲིག་ཁྲིམས། འགྱུར་མེད་ཀྱི་འགན་སེམས་བཅས་ཀྱི་ཉམས་སད་ཐེག་པའི་དཔུང་སྡེ་ཞིག་སྐྲུན་དགོས། འཐབ་ནུས་ཀྱི་ཚད་གཞི་བརྟན་པོར་འཛུགས་པ་དང་། “རྒྱལ་ཁ་འཐོབ་ངེས”ཡིན་པར་གཞི་ཚུགས་པ། དམག་དོན་འཐབ་རྩོད་གྲ་སྒྲིག་རྒྱ་སྐྱེད་དང་ཟབ་ཏུ་གཏོང་བར་ཤུགས་སྣོན། རྒྱལ་སྲུང་སྐུལ་སློང་དང་དམག་དཔུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཉམས་སད་ཐེག་པའི་འཇོན་ཐང་ལ་ཞུན་བརྡར་ཐུབ་པ་དང་དམག་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས། དྲུད་པའི་ཤུལ་དང་བྱས་པའི་རྗེས་ཡོད་པའི་ངར་ཤུགས་དང་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་སྒྲིག་ཁག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དམག་དཔུང་དང་ས་གནས་ཀྱི་མཉམ་ལས་འཕེལ་རྒྱས་ཟབ་ཏུ་བཏང་ནས་མཐའ་བརྟན་མཐའ་སྟོབས་གྱི་ལྕགས་རི་རིང་པོ་སྐྲུན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དང་། “དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་བརྟན་པོར་འཛུགས་པ། དཔུང་སྡེས་བོད་ལྗོངས་འཛུགས་སྐྲུན་དང་བོད་ལྗོངས་སྲུང་སྐྱོང་བྱེད་པའི་ནུས་པ་གལ་ཆེན་འདོན་པ། ས་གནས་ཀྱི་དགོས་མཁོའམ་མང་ཚོགས་ཀྱི་རེ་སྒུག་དང་དཔུང་སྡེས་སྒྲུབ་ཐུབ་པ་ཟུང་འབྲེལ་ནུས་ལྡན། “ཐུན་མོང་ལྔ་དང་བརྟན་པོ་ལྔའི”བྱེད་སྒོ་མུ་མཐུད་ཟབ་ཏུ་གཏོང་བ། དམག་དམངས་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། བརྟན་ལྷིང་སྲུང་སྐྱོང་དང་འཕྲལ་སྡོམ་ཉེན་འགོག་གེགས་སེལ་བྱེད་རིང་འགན་ལྕི་འཁུར་ཕོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་འཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་རིང་གདོང་ལེན་པ་བྱེད་ཕོད་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་རིང་འགན་འཁྲི་འཁུར་ཕོད་པ། མཐའ་མཚམས་འཕེལ་རྒྱས་དང་། མཐའ་སྲུང་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་འགན་ལེན་བྱེད་རིང་གདོང་མཆོང་བྱེད་ཐུབ་པ་བཅས་བྱས་ནས། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སྐྱོད་ཐུབ་པ་བཞིར”གཞོགས་འདེགས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་དཔུང་སྡེའི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས། དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། སྤྲོ་སེམས་ཆེན་པོས་དཔུང་སྡེའི་དཔོན་དམག་གི་འཚོ་བ་དང་ལས་ཀའི་ཁྲོད་ཀྱི་དཀའ་ངལ་ཐག་གཅོད་ཡག་པོ་བྱེད་པ། བུ་ཕྲུག་དང་། ཁྱིམ་ཚང་། དམག་ཞབས་ཐིམ་རྗེས་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བཅས་ཀྱིས་བོད་སྡོད་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་སྒྱུར་བཅོས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་མཐུན་རྐྱེན་བསྐྲུན་ནས་རྒྱ་ཆེའི་དཔོན་དམག་ཚོ་སྙིང་སྟོབས་རབ་འཕེལ་ངང་རྒྱལ་སྲུང་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཞུགས་སུ་འཇུག་དགོས། དམག་འཐབ་རུ་ཁག་དང་། ལས་དོན་རུ་ཁག ཐོན་སྐྱེད་རུ་ཁག དྲིལ་བསྒྲགས་རུ་ཁག་བཅས་ཀྱི་མི་དམངས་དམག་དཔུང་གི་ནུས་པ་གང་ལེགས་བཏོན་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས།

    ལིའུ་ཅང་གྲོས་བསྡུར་ལ་ཞུགས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།