དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ལྷ་སའི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-29

    1356400_yis_1638115200000_s.jpg

    ཡན་ཅིན་ཧའེ་ལྷ་སའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ལ་ཞུགས་པ། 

    ཚེས་27དང་28ཉིན། བློ་མཐུན་ཡན་ཅིན་ཧའེ་ཡིས་ལྷ་སའི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོཌ་ཡོངས་ནས་ལག་བསྟར་བྱེད་པ། བློ་མཐུན་ཝང་ཅུན་ཀྲེང་གིས་གནང་བའི་སྙན་སྒྲོན་གྱི་ཕུན་སུམ་ཚོཌ་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ། “འཛུཌ་གཏོད་བཞི”དང“མདུན་གྲལ་དུ་སྐྱོད་ཐུབ་པ་བཞིར”དམ་པོར་དམིགས་ཏེ། དངོས་ཐོག་བདེན་འཚོལ་དང་། དངོས་འཛིན་དངོས་སྒྲུབ། འགན་འཁྲི་འཁུར་ཕོད་པ། ལས་དོན་སྒྲུབ་མཁས་པ་བཅས་བྱས་ནས། གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་བློ་མཐུན་ཝང་ཅུན་ཀྲེང་གིས་སྐབས་དགུ་པའི་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་བྱས་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ། བོད་ཀྱིས་འབྱུང་འགྱུར་གྱི་འཕེལ་རྒྱས་འཆར་འགོད་བྱེད་པའི་དུས་བབ་དང་གོ་སྐབས། གཏན་ཚིགས་དང་རྒྱབ་ལྗོངས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་པ། ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་ལས་འགན་ཆ་ལག་ཚང་བའི་སྒོ་ནས་རྒྱས་བཤད་བྱས་པས། ཁ་ཕྱོགས་བསྟན་ཡོད་ལ་ཐབས་ལམ་ཡང་གསལ་སྟོན་བྱས་ཡོད་པ་དང་། དམིགས་ཚད་གཏན་འཁེལ་བྱས་ཡོད་ལ་སྲིད་ཇུས་ཀྱང་བཏོན་ཡོད་པ། བླང་བྱ་བཏོན་ཡོད་ལ་བྱེད་ཐབས་ཀྱང་བཏོན་ཡོད་པ་བཅས་ནི་བོད་ཀྱི་དོན་དངོས་དང་མཐུན་ཞིང་མི་དམངས་ཀྱི་འདོད་བློ་མཚོན་པ་དང་། སྙན་སྒྲོན་གྱི་ཡིག་འབྲུ་མི་རེ་ངོ་རེའི་ནང་དངོས་སྒྲུབ་གཙོ་བོར་འཛིན་པ་དང་། བྱ་བ་དངོས་སྒྲུབ་པ། དངོས་ཕན་དོན་གཉེར་བཅས་ཀྱི་སྤྱོད་ཚུལ་བཟང་པོས་ཕྱུག་ཅིང་། ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང“སྲུང་སྐྱོང་གཉིས”ལག་ལེན་མཐའ་གཅིག་ཏུ་བསྟར་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། ཐོག་མའི་བསམ་འདུན་བརྟན་སྲུང་དང་འབད་འབུངས་ཡར་བརྩོན་གྱི་ཆབ་སྲིད་ལས་འགན། སྔ་འཛིན་ཕྱི་གཏོད་དང་རྣམ་པ་གསར་པ་གཏོད་པའི་ཆབ་སྲིད་འགན་འཁྲི་བཅས་གང་ལེགས་མངོན་པ་དང་། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། འཐབ་ཇུས་རང་བཞིན། ལག་ལེན་རང་བཞིན། གསར་གཏོད་རང་བཞིན་བཅས་ཤུགས་ཆེན་ལྡན་པ་དེ་ནི་འབྱུང་འགྱུར་ལ་ཁ་ཕྱོགས་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་དུས་རབས་གསར་པའི་ཕྱོགས་སུ་སྐྱོད་པའི་བྱ་སྤྱོད་ཀྱི་ཕྱོཌ་སྟོན་ཞིག་ཡིན་པས་ངས་རྦད་དེ་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་འཐུས་མི་རྣམ་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་གཏིང་ཟབ་དང་རང་འགུལ་ངང་སློབ་སྦྱོང་ཧུར་ཐག་བྱས་ཏེ་འཕྲལ་མ་ཉིད་དུ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོཌ་ཆེན་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་ཡག་པོ་བྱེད་པ་དང་སློབ་སྦྱོང་གི་ཚ་རླབས་མྱུར་དུ་འཕྱུར་བར་བྱས་ནས་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་ལ་གཏིང་ཟབ་ཟུག་པར་བྱེད་དགོས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་ཐུབ་པ་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུཌ་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུཌ་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།