བློ་བཟང་རྒྱལ་མཚན་ཉིང་ཁྲིའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ལ་ཞུགས་པ།
ཚེས་27དང་28ཉིན། བློ་མཐུན་བློ་བཟང་རྒྱལ་མཚན་སྔ་རྗེས་སུ་གཞིས་རྩེ་དང་། ཉིང་ཁྲི། མངའ་རིས་བཅས་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་བློ་མཐུན་ཝང་ཅུན་ཀྲེང་གིས་སྐབས་དགུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱས་ཏེ་འདས་ཟིན་པའི་ལོ་ལྔར་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་ཉམས་མྱོང་བློ་འབྱེད་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་དང་ཕྱོགས་སྡོམ་གནང་བ་དང་། དུས་མཚམས་གསར་པ་དང་དུས་བབ་གསར་པར་དབྱེ་ཞིབ་གཏིང་ཟབ་གནང་སྟེ། སླད་ཕྱིན་ལོ་ལྔའི་འབད་འཐབ་དམིགས་ཚད་དང་། ལས་འགན་གཙོ་བོ། གཙོ་རྒོལ་ཁ་ཕྱོགས། བྱེད་ཐབས་གལ་ཆེན་བཅས་ཁ་གསལ་བཏོན་གནང་ཡོད་པ་དེ་ཏང་ཀྲུང་དབྱང་གི་དགོངས་དོན་དང་རྦད་དེ་འཚམ་པ་དང་། བོད་ཀྱི་དོན་དངོས་དང་རྦད་དེ་འཚམ་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་དང་རྦད་དེ་འཚམ་པས། དེ་ནི“གཏན་འཁེལ་གཉིས”མཐའ་འཁྱོངས་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་སྙན་སྒྲོན་ཞིག་དང་། དམ་པ་དོན་གཉེར་དང་། སྟོབས་ཤུགས་གཅིག་སྒྲིལ། དུས་བསྟུན་འཕེལ་རྒྱས། སྔ་འཛིན་ཕྱི་གཏོད་བཅས་ཀྱི་སྙན་སྒྲོན་ཞིག སླད་ཕྱིན་ལོ་ལྔའི་བོད་ཀྱི་ལས་དོན་ཁག་གི་མཛུབ་ཁྲིད་རང་བཞིན་དང་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་བཅས་ཡིན་པས། རྦད་དེ་མོས་མཐུན་ཡོད་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་པ་དང“མདུན་གྲལ་དུ་སྐྱོད་ཐུབ་པ་བཞི”ཧུར་ཐག་བསྒྲུབ་རྒྱུ་དེ་ནི“དོན་ཆེན་བཞི”དམ་འཛིན་ཡག་པོ་བྱེད་པ་དང“འགན་ལེན་བཞི”མངོན་འགྱུར་བྱ་རྒྱུར་དམིགས་ནས་བཟོས་པའི་གཞི་རྟེན་གལ་ཆེན་དང་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པ་དེ་ལས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པའི་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་ཡོད། ང་ཚོས་ངེས་པར་དུ་བསམ་བློའི་ངོས་འཛིན་གཅིག་གྱུར་དང་འོས་འགན་དང་འགན་འཁྲི་ཕྲག་ཏུ་འཁུར་ཏེ་ཐུན་མོང་ཐོག་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་གནང་བའི་དམིགས་ཚད་ཕྱོགས་སུ་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། ཐེག་པ་འཁུར་ལེན་ལ་ཤུགས་སྣོན་རྒྱག་པ་དང་སྙན་སྒྲོན་ནང་བཏོན་པའི“ལས་འགན་ཆེན་པོ་བརྒྱད”ཀྱི་བསམ་ཕྱོགས་བྱེད་ཐབས་སྒྲུབ་རྒྱུར་དམིགས་ཏེ། རྣམ་གྲངས་རེ་རེ་བྱས་ནས་དམིགས་སར་དོན་འཁྱོལ་དང་། འགན་འཁྲི་རེ་རེ་བྱས་ཏེ་ཁག་བགོས་བྱེད་པ། གོམ་པ་རེ་རེ་བྱས་ནས་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། བོད་ཀྱི་བྱ་གཞག་ཁག་སྐས་རིམ་གསར་པར་སླེབས་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “འཛུགས་སྐྲུན་ཆེ་གྲས་དྲུག”ལ་ཤུགས་སྣོན་རྒྱག་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྐྲུན་པ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་གོང་བུ་འགྲིལ་ཤུགས་དང་། དམག་འཐབ་ནུས་པ། འབོད་སྐུལ་བྱེད་ཤུགས་བཅས་སྔར་བས་ཆེ་རུ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་དང་ལྡན་པའི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།