དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་ཁོངས་གཏོགས་དང་ལྷ་ས་གྲོང་ཁྱེར་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2021-11-28

    ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་ཁོངས་གཏོགས་དང་ལྷ་ས་གྲོང་ཁྱེར་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད། ཁོང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་དང་ངོས་འཛིན་གཅིག་མཐུན་དང་། འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན། འགྲོ་ལམ་གྱི་ཐུན་མོང་ངོས་འཛིན། མདུན་ལྗོངས་ཀྱི་ཐུན་མོང་ངོས་འཛིན་བཅས་ཟམ་མི་ཆད་པར་གཅིག་ཏུ་བསྒྲིལ་ནས“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ཏེ་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར”བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཏང་དབུ་བརྙེས་ནས་ལོ་བརྒྱ་ཡི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་འགག་རྩ་གལ་ཆེན་དུས་སུ་འཚོགས་པའི་དུས་རབས་འབྱེད་པ་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་གཟབ་རྒྱས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅིའི་སྙན་སྒྲོན་གལ་ཆེན་ནི་ཕྱོགས་སྡོམ་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། སྤྱི་ཡོངས་སྤྱི་འདོམས་བཅས་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནི་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་དང་། ནང་དོན་ཟབ་པ། མི་སེམས་ལ་སྐུལ་ལྕག་ཐེབས་པ་བཅས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་ཆོད》ནང་ལོ་རྒྱུས་དང་། ད་ཆ། འབྱུང་འགྱུར་བཅས་འབྲེལ་མཐུད་བྱས་ཡོད་པ་དང་། “གཏན་འཁེལ་གཉིས”ཀྱི་འོད་སྟོང་ལས་མི་རྣམས་ཀྱི་དད་སེམས་འཕེལ་བ་དང་། “གྲུབ་འབྲས་རླབས་པོ་ཆེ་བཞི”ཡིས་སེམས་ཤུགས་སྐུལ་སྤེལ་གྱིས་མི་རྣམས་ལ་རྒྱལ་ཁའི་ཡིད་ཆེས་འཕེལ་བ། “ལོ་རྒྱུས་ཀྱི་དོན་སྙིང་ལྔ”ཡི་མཐོ་འཛེགས་རྒྱང་གཟིགས་ཀྱིས་མི་རྣམས་ལ་བློ་སྒོ་ཟབ་མོ་ཕྱེ་ཡོད། “མཐའ་འཁྱོངས་བཅུ”ཡི་སྔ་འཛིན་ཕྱི་གཏོད་ཀྱིས་མི་རྣམས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཅེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་ཡག་པོ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་ཁོངས་གཏོགས་དང་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་གསར་གཏོད་ཀྱི་སྒུལ་ཤུགས་གལ་ཆེན་དུ་འགྱུར་བར་བྱེད་པ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སྐྱོད་པ་དང་ཁག་བགོས་དོ་དམ་གྱི་ཁྱབ་ཁོངས་སུ་བསྐྱོད་དེ་རང་དཔེ་གཞན་སྟོན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་དགོས་པ། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ་དང་། བསམ་ཕྱོགས་གསལ་བཟོ། ལས་ཀ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།