དབུ་ཤོག>སྲིད་དོན།
  • ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏུ་བཏང་སྟེ་དུས་རབས་གསར་པའི་རྒྱུགས་འབུལ་ལམ་བུར་ཡག་པོ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-26

    རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་ཏང་སྐྱོང་བར་ངེས་པར་དུ་ཏང་ནན་པོས་སྐྱོང་དགོས།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་སྐབས་རིམ་བྱུང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཟམ་མི་ཆད་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ལྟ་སྐུལ་གྱི་འགན་འཁྲི་དང་གཞོགས་འདེགས་ཀྱི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་བས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་རྒྱག་པའི་ཐད་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་དུ་ཕྱིན་ཡོད།

    སྦྱངས་པ་གོ་ཆོད་མཐའ་འཁྱོངས་ཀྱིས“སྲུང་སྐྱོང་གཉིས”དོན་འཁྱོལ་གནད་སྨིན་ལ་སྐུལ་འདེད་བཏང་བ།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་མཐའ་འཁྱོངས་བྱེད་པ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་པ་དང་། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ“གྲོས་གཞི་ཨང་དང་པོར”བརྩིས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་གིས་གང་ལ་དོ་ཁུར་བྱེད་པ་དང་ནན་བཤད་གང་ཞིག་བྱེད་པར་དོ་སྣང་བྱས་ནས་ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་བྱེད་རིང་འགན་ནུས་ཡག་པོ་བཏོན་ཡོད།

    ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཟབ་སྦྱོང་མཐིལ་རྟོགས་བྱེད་རིང་། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་བཏང་བ་དང་འགན་འཁྲིའི་ངེས་གནས་གནད་འཁེལ་བྱས་ཡོད། མཉམ་སྡེབ་སློབ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཚན་ཁག་གི་དཔེ་ཀློག་འཛིན་གྲྭ་ཐོག་མར་གཉེར་བ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མཛད་ཕྱོགས་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། རིགས་ཁག་གི་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་ནས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་སྤྱོད་ལམ་ལ་ཞུན་བརྡར་བཏང་ཡོད།

    ཆབ་སྲིད་ཀྱི་ལྟ་སྐུལ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་གནད་སྨིན་འགན་ལེན་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྐོར་གཟིགས་ཀྱི་བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ལག་བསྟར་ལ་ལྟ་སྐུལ་བྱེད་པ་ཆབ་སྲིད་སྐོར་གཟིགས་ཀྱི་རྩ་བའི་ལས་འགན་ལ་བརྩིས་ནས“དོན་འཁྱོལ་བཞི”ལ་དམ་པོར་དམིགས་པ་དང“དོན་ཆེན་བཞི”མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་སྐོར་གཟིགས་རེས་སྐོར་10བྱས་པ་དང་། རྒྱུན་གཏན་གྱི་སྐོར་གཟིགས་དང་། ཆེད་དོན་སྐོར་གཟིགས། “ཕྱིར་མིག་ལྟ་བ” རིམ་སྤོར་སྐོར་གཟིགས་སོགས་ཁོང་དུ་ཆུད་པ་དང་བཀོལ་སྤྱོད་བྱས་པ། ཆབ་སྲིད་ཀྱི་ཧེ་བག་ཤེས་རྟོགས་དང་ཡོ་བསྲང་ལ་ཤུགས་སྣོན་བརྒྱབ་ནས་གསོན་ཉམས་དོད་ལ་ནུས་ལྡན་ངང་ཁྱབ་པར་སྐུལ་འདེད་བཏང་ཡོད།

    ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་བཏང་ཞིང་། ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་གཞི་རྩའི་རྩ་དོན་དང་ལས་འགན་ཨང་དང་པོར་བརྩིས་ཏེ། “ཡོད་པ་བདུན”ལ་དམིགས་པ་དང་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལ་ཆད་པ་གཅོད་པའི་གཏན་འབེབས་ལ་བཟོ་བཅོས་བརྒྱབ་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་གློག་ཆེན་བཙུགས་པ་དང་ནན་པོ་ཡོང་བར་བྱས་ཡོད།

    ཆད་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྲུང་སྐྱོང་བྱས་པ།

    “སྟག་སྦྲང་མཉམ་རྡུང”མཐའ་འཁྱོངས་བྱས་ཏེ་གནད་དོན་རེ་རེ་བཞིན་ཐག་གཅོད་དང་། ཁྱབ་ཁོངས་རེ་རེ་བཞིན་བཅོས་སྒྲིག བྱ་སྤྱོད་ཆུང་ངུར་བརྟེན་ནས“སྤྱོད་ཚུལ་བཞིའི”གཅོང་ནད་བཅོས་སྒྲིག་ཆེན་མོར་སྐུལ་འདེད། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་རྒྱུན་མཐུད་ཡོ་བསྲང་དང་བཅོས་སྐྱོང་བཅས་བྱས་པས། གྱོད་གཞི་ཞིབ་གཅོད་ལ་འགག་སྒྲོལ་གལ་ཆེན་དང་གྲུབ་འབྲས་གལ་ཆེན་ཐོབ་ནས་མི་དམངས་མང་ཚོགས་ཀྱིས་སྤྱོད་བཟང་དང་རུལ་རྒོལ་ལ་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ལ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་རང་བཤེར་གཙང་བཤེར་དང་བཅོས་སྒྲིག་གི་ལས་དོན་སྤེལ་བར་གཞོགས་འདེགས་བྱས་ནས། “སྤྱོད་ཚུལ་བཞིའི”གནད་དོན་ལྷག་ཚད་ཉུང་དུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཏང་ཨུད(ཏང་ཙུའུ)ཀྱིས་སྤྱོད་ཚུལ་ལ་དམ་འཛིན་བྱེད་པའི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ཡོད། གཞུང་དངུལ་སྤྱད་དེ་བཟའ་བཏུང་དང་གཞུང་འཁོར་སྒེར་སྤྱོད་སོགས་ཀྱི་གནད་དོན་རྙིང་པ་ཐོན་མ་ཐག་རྡུང་རྡེག་བཏང་ཡོད། བག་མེད་ལོངས་སྤྱོད་དང་སྐྱིད་འདོད་རིང་ལུགས་ལ་ཆད་གཅོད་བྱས་ཡོད། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་རིང་གི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ཡོ་བསྲང་བྱེད་ཤུགས་ཆེ་རུ་བཏང་ཡོད།

    ཆད་གཅོད་དང་བཅོས་སྐྱོང་ནན་པོ་བྱེད་རིང་ཆབ་སྲིད་ཀྱི་ཁོར་ཡུག་གཙང་དུ་བཏང་ཞིང་། འགག་རྩ་ཉུང་ཤས་ལ་དམ་པོར་དམིགས་པ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་བ་དང་། མ་དངུལ་མང་པོ་བཏང་བ། ཐོན་ཁུངས་གཅིག་སྡུད་བཅས་ཀྱི་ཁྱབ་ཁོངས་དང་ལྷུ་ཚིགས་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མཚམས་དང་ཚོད་མི་བྱེད་པ་དང་ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་དུ་འདྲེས་པའི་རུལ་སུངས་ཀྱི་གནད་དོན་ལ་དམིགས་ནས་གྱོད་གཞི་ཞིབ་གཅོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་ཆེ་རུ་བཏང་ཡོད། གྱོད་གཞི་ཐོན་སའི་ཚན་པའི་ཏང་ཨུད(ཏང་ཙུའུ)ཀྱིས་བསླབ་བྱ་དང་ལེན་གཏིང་ཟབ་དང་གནད་དོན་བཙལ་འཚོལ་གཏིང་ཟབ་བྱས་ཏེ་ཟུར་བལྟས་ལེབ་མཐོང་གི་དག་ཐེར་ལ་སྐུལ་འདེད་བཏང་ཡོད། གྱོད་གཞི་ཐོན་སའི་ཚན་པའི་འགན་འཁྲི་དོན་འཁྱོལ་དང་། ནང་ཁུལ་ཚོད་འཛིན་ལམ་སྲོལ། དབང་ཆར་ལྟ་སྐུལ་སོགས་བྱེད་པའི་ཐད་ལྷག་པའི་སྲིད་གཙང་གི་ཉེན་ཁའི་གནས་དང་ལྟ་སྐུལ་དོ་དམ་གྱི་སྐྱོན་ཆར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་སྒྲིག་བཤེར་དང་ལྟ་ཞིབ་ཀྱི་གྲོས་འགོའི་ཡི་གེ་བཟོས་ནས་བཀྲམ་པས། ཞིབ་ཕྲའི་གནད་དོན་འཕྲལ་སྒྲུབ་འཕྲལ་བཅོས་ལ་སྐུལ་འདེད་བཏང་ཡོད་ལ། རྒྱབ་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་ཐག་གཅོད་པར་ཡང་དོ་སྣང་བྱས་ནས་རུལ་སུངས་བྱ་མི་རུང་བའི་རླུང་ཙེ་དམ་དུ་བཏང་ཡོད།

    སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་བཏང་བ།

    ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ཅིང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རང་རྟོགས་ངང་ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་རང་འགན་གཙང་སྒྲུབ་དང་ལས་དོན་སྤེལ་ཏེ། རུལ་སུངས་ཀྱི་གྱོད་དོན་ཞིབ་གཅོད་བྱེད་སྐབས་གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོར་འཛིན་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས། དོན་དག་གལ་ཆེན་དང་གནས་ཚུལ་གལ་ཆེན་ཡིན་ཕྱིན་དུས་ཐོག་ཏུ་རང་འགུལ་ངང་གོང་རིམ་ལ་མཇུག་འབྲས་དང་བརྒྱུད་རིམ་གཉིས་ཀ་དགོངས་སྐོར་དང་སྙན་སེང་ཞུས་ཏེ། ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ཞིབ་ཕྲ་ཅན་ལ་སྐུལ་འདེད་བཏང་ཡོད།

    “སྒྱུར་བཅོས་ཁག་གསུམ་”ལ་མཉམ་དུ་སྐུལ་འདེད་བཏང་སྟེ། རྒྱུད་ཁོངས་འདུས་གྲུབ་དང་། མཉམ་སྒྲུབ་ལས་ཕྱོད་ཆེ་བའི་ལྟ་སྐུལ་ལམ་སྲོལ་བཙུགས་ཤིང་། སྒྱུར་བཅོས་ཀྱིས་སྣེ་ཁྲིད་དང་སྒུལ་ཤུགས་བྱས་ནས་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་མ་བརྟན་པོ་བཏང་སྟེ་ཆུས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་ལྟ་ཞིབ་ཨུ་ལྷན་བཙུགས་པ་དང་། རྫོང་རིམ་པའི་ལྟ་ཞིབ་ཨུ་ལྷན་གྱིས་ཤང་དང་གྲོང་རྡལ(ཁྲོམ་གཞུང)ལ་ལྟ་ཞིབ་ཁང་བཙུགས་པ། སྒྲིག་བཤེར་ཨུ་ལྷན་དང་མཉམ་དུ་གཞུང་དོན་བསྒྲུབས་ནས་གཞུང་གི་དབང་ཆ་སྤྱོད་མཁན་གཞུང་ལས་པ་ཚང་མར་ལྟ་ཞིབ་ཁྱབ་པར་བྱེད་པ། ཁྲིམས་སྒྲིག་གཉིས་མཐུད་དང་ཁྲིམས་རིགས་དམ་སྦྲེལ་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་ཁྲིམས་སྒྲིག་གཉིས་ཀ་ལག་བསྟར་དང་གཉིས་ཀར་བརྩི་སྲུང་ཞུ་རིང་སྒྲིག་སྐྱོང་ཁྲིམས་འཛིན་ལ་ལྟ་སྐུལ་བྱེད་པའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ཡོད།

    རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམག་ཧྲག་ཅིག་བཏོད་པ།

    སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་ཏུ་མཐའ་འཁྱོངས་བརྩིས་ཏེ། རང་ཉིད་ལ་ལྟ་སྐུལ་དང་འཆུན་འདོམས་ནན་པོ་དང་ཏན་ཏིག་བྱས་ཏེ། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ། ཆེད་ལས་ཅན་གྱི་འཇོན་ཐང་ཆེ་བ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་ཧྲག་ཅིག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ཡོད།

    ཆབ་སྲིད་དང་ལས་སྒོའི་འཇོན་ཐང་ཆེ་རུ་ཧུར་ཐག་བཏང་ཞིང་། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཟབ་སྦྱོང་མཐིལ་རྟོགས་བྱས་ནས། ཆེད་དོན་གསོ་སྦྱོང་དང་། རིགས་པའི་གཞུང་ལུགས་འཆད་འགྲེལ་དང་གསལ་འགྲེལ། ལས་ཁུངས་ཀྱི་ངོ་འཕྲད་ཚོགས་འདུ་དང་གཟའ་འཁོར་གཉིས་ཀྱི་མཉམ་སྡེབ་སློབ་སྦྱོང་སོགས་ཀྱི་བྱ་ཐབས་སྤྱད་དེ་ཆབ་སྲིད་ཀྱི་ཚུགས་གནས་དང་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། རིམ་པ་དང་རིགས་དབྱེ་ནས་ལས་བཟོ་ཡོངས་རྫོགས་ལ་གསོ་སྦྱོང་བྱེད་པར་སྐུལ་འདེད་མཐའ་འཁྱོངས་བཏང་སྟེ། རིགས་ཁག་གི་ཆབ་སྲིད་དང་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་ཐེངས་80ལྷག་ཙམ་གཉེར་བར་ལས་བྱེད་པ་མི་ཐེངས་ཁྲི་1.7ཙམ་གསོ་སྦྱོང་ལ་ཞུགས་པ་དང་། ལས་བྱེད་པ་མི་ཐེངས་1700ལྷག་ཙམ་ཀྲུང་གོ་སྒྲིག་བཤེར་ལྟ་ཞིབ་སློབ་གླིང་སོགས་སློབ་གླིང་དང་སློབ་གྲྭར་གསོ་སྦྱོང་ལ་མངགས་པ། གཞི་རིམ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་མི་ཐེངས་3200ལྷག་ཙམ་རང་སྐྱོང་ལྗོངས་སུ་ཟུར་ཞུགས་སློབ་སྦྱོང་དང་། གྱོད་གཞིར་གཞིགས་ནས་སྦྱོང་བརྡར། སྐོར་གཟིགས་ལས་དོན་ལ་ཞུགས་པ་བཅས་བྱས་པས། ལས་བྱེད་པའི་དཔུང་ཁག་གི་བསམ་པའི་ཉམས་འགྱུར་དང་འཇོན་ཐང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    གྲི་དངོ་ནང་དུ་ཕྱོགས་ནས“སྒྲོན་འོག་མུན་པ”ནན་སེལ་མཐའ་འཁྱོངས་བྱས་ཤིང་། དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་ལྟ་སྐུལ་ལས་ཀར་ཤུགས་སྣོན་རྒྱག་པའི་ལག་བསྟར་བསམ་འཆར་དང་། ནོར་འཁྲུལ་ལ་ལྟ་ཞིབ་དང་བརྟག་དཔྱད་བྱེད་པའི་འགན་འཁྲི་བདའ་འདེད་བྱེད་ཐབས་སོགས་ཀྱི་ལམ་ལུགས་དང་གཏན་འབེབས་བཟོས་ཏེ། ལམ་ལུགས་ལ་བརྟེན་ནས་དབང་ཆ་དང་མིར་དོ་དམ་བྱས་ཡོད། སྒྲིག་སྐྱོང་ཁྲིམས་འཛིན་གྱི་དབང་ཆ་ཚད་ལྡན་སྤྱད་དེ་འཆུན་འདོམས་དང་ལྟ་སྐུལ་ནན་ཤོས་དང་ལེན་བྱེད་པ་དང་སྒྲིག་སྐྱོང་སྒྲིག་འགལ་དང་ཁྲིམས་འཛིན་ཁྲིམས་འགལ“ཐར་པར་གཏན་ནས་མི་གཏོང་བར”སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་གཟུགས་བརྙན་བཟང་པོ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།