དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ལྗོངས་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-26

    ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་ལྟར། ཚེས་24ཉིན། རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་རེད།

    ཚོགས་འདུའི་ཐོག སྲིད་གཞུང་ཏང་ཙུའི་ཁོངས་མིས་སློབ་སྦྱོང་དང་ལས་ཀའི་དོན་དངོས་ཟུང་འབྲེལ་བྱས་ནས་སྤེལ་རེས་གཏམ་བཤད་སྤེལ་བ་རེད། ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། གཅིག་ནས་སྣེ་ཁྲིད་ཀྱིས་སློབ་སྦྱོང་བྱས་ཏེ་ཟབ་སྦྱོང་མཐིལ་རྟོགས་ཀྱི་སྣེ་ཁྲིད་པ་བྱེད་དགོས་ཤིང་། གཙོ་གནད་ཁ་གསལ་གྱིས་སློབ་སྦྱོང་གཏིང་ཟབ་དང་། གོ་དོན་མཐིལ་རྟོགས་ཀྱིས་བརྒྱུད་རིམ་ཧྲིལ་པོ་སློབ་སྦྱོང་། ཤེས་སྤྱོད་ཟུང་འབྲེལ་གྱིས་ནུས་ལྡན་ངང་སློབ་སྦྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་སྒྲོན་གལ་ཆེན་དང་གསུང་བཤད་གལ་ཆེན་ནན་ཏན་དང་། ཇི་མ་ཇི་བཞིན་དང་ཡང་སྐོར་བསྐྱར་སྐོར་གྱིས་སློབ་སྦྱོང་དང་། 《གྲོས་ཆོད》ཀྱི་དགོངས་དོན་སློབ་སྦྱོང་བྱས་ནས་སློབ་སྦྱོང་གི་ཕན་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་བསམ་བློ་གཏོང་སྟངས་དང་། འཇོན་ཐང་། སྒུལ་ཤུགས་ཆེན་པོ་བཅས་སུ་ཏན་ཏིག་བསྒྱུར་བ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཀའ་གནད་ལས་སྒྲོལ་བ་དང་རྣམ་པ་གསར་པ་གཏོད་དགོས། 

    གཉིས་ནས་སྣེ་ཁྲིད་དེ་གསལ་འགྲེལ་བྱས་ཏེ་འཆད་འགྲེལ་གྱི་སྣེ་ཁྲིད་པ་བྱེད་དགོས་ཤིང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་ཁག་བགོས་དོ་དམ་ཁྱབ་ཁོངས་སུ་བསྐྱོད་དེ་གསོན་ཉམས་དོད་པ་དང་སྟབས་བསྟུན་སྣ་མང་གི་བྱེད་ཐབས་སྤྱད་དེ་དོན་ཆུང་དྲངས་ནས་བརྗོད་དོན་ཆེན་པོ་མངོན་པ་དང་། གཏམ་རྒྱུད་ཆུང་ཆུང་ལ་བརྟེན་ནས་གནད་ལུགས་ཆེན་པོར་འགྲེལ་བཤད་རྒྱག་པ། ཐུན་མོང་གི་ངོས་འཛིན་ཟམ་མི་ཆད་པར་གཅིག་ཏུ་འགྲིལ་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཉེ་འགྲམ་གྱི་འགྱུར་ལྡོག་དང་དཔེ་མཚོན་བརྒྱུད“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་ཕན་པ་གང་ནས་བྱུང་བ་དང་། སུ་ལ་ཕན་པ་ཐོབ་པ། སུ་ལ་དྲིན་ལན་འཇལ་དགོས་པ་བཅས་དེ་བས་གསལ་པོ་ཤེས་པར་བྱེད་དགོས།

    གསུམ་ནས་སྣེ་ཁྲིད་དེ་བསམ་བློ་བཏང་ནས་བསམ་གཞིག་ཡང་ཡང་བྱེད་མཁན་གྱི་ལག་ལེན་པ་བྱེད་དགོས་ཤིང་། མིག་སྔར་གཞི་ཚུགས་ནས་འདི་ལོ་གཏན་འཁེལ་བྱས་པའི་ལས་འགན་དང་དམིགས་ཚད་ལ་གཞིགས་ཏེ་སང་ལོའི་མ་འཇོག་འཆར་གཞི་དང་སྔོན་རྩིས་འཆར་གཞི་སྔ་སྣུར་དུ་བཟོ་བ་དང་། རྒྱལ་ཁབ་པུའུ་ཨུད་ལ་སྙན་སེང་ཞུ་བ་དང་འབྲེལ་མཐུད་ཡག་པོ་བྱས་ནས་མ་དངུལ་དང་རྣམ་གྲངས་ལ་རྒྱབ་སྐྱོར་སྔར་བས་ཆེ་བ་ཐོབ་རྒྱུའི་བརྩོན་ལེན་བྱེད་པ། གནད་དོན་ལ་དབྱེ་ཞིབ་མཁས་པོ་བྱས་ནས་གནད་དོན་རྒྱུན་ཆད་མེད་པར་ཤེས་རྟོགས་དང་། ཉམས་མྱོང་ཕྱོགས་སྡོམ། ལས་དོན་ལེགས་བཅོས་བཅས་བྱེད་དགོས། ཕུགས་ལ་དམིགས་ཏེ་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཆ་ཚང་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་དང་། སྔ་སྣུར་ནས་འཆར་འགོད། བཀོད་སྒྲིག་ཚགས་ཚུད་བཅས་བྱས་ནས་དུས་མཚམས་མི་འདྲ་བའི་ལས་ཀའི་བྱེད་ཐབས་ལ་དམིགས་སའི་རང་བཞིན་ཡོད་པ་དང་ཇུས་གཞི་དོན་འཁྱོལ་དང་བཀོལ་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།

    བཞི་ནས་སྣེ་ཁྲིད་ནས་ལས་དོན་བསྒྲུབས་ཏེ་དངོས་སུ་ལག་ལེན་བསྟར་མཁན་བྱེད་དགོས་ཤིང་། “དོན་ཆེན་བཞི”ལ་དམ་འཛིན་ཡག་པོ་དང་། “ལས་འགན་ཆེན་པོ་བརྒྱད”ལེགས་སྒྲུབ། “འགན་ལེན་བཞི”མངོན་འགྱུར་བཅས་ལ་དམིགས་ནས། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཐག་གཅོད་འོས་འཚམ་དང་། སྤུས་ཚད་དང་ཆུ་ཚད་མཐོ་བ་དང་ལས་ཕྱོད་ཆེན་པོས་གཙོ་གནད་ལས་འགན་ལེགས་སྒྲུབ། སེམས་ནུས་ཡོད་རྒུ་བཏོན་ནས་དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ་པ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ། མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།