དབུ་ཤོག>སྲིད་དོན།
  • ཅང་ཅེས་རང་ལྗོངས་ཀྱི་དམངས་འཚོའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་འཕེལ་རིམ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-25

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་བོད་ལྗོངས་མཛེས་རྩལ་ཁང་དང་བོད་ལྗོངས་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་ཀྱི་ཨར་སྐྲུན་བྱ་ཡུལ་དུ་ཕེབས་ཏེ། རྣམ་གྲངས་ཀྱི་འཕེལ་རིམ་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་དང་ཆབས་ཅིག ས་གནས་ས་ཐོག་ཏུ་གཞུང་དོན་བསྒྲུབས་ནས་རྣམ་གྲངས་སྐྲུན་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་དང་ཐག་གཅོད་གནང་བ་རེད།

    ཅང་ཅེས། བོད་ལྗོངས་མཛེས་རྩལ་ཁང་དང་བོད་ལྗོངས་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་རིག་གནས་སྒྱུ་རྩལ་བྱ་གཞག་འཕེལ་རྒྱས་ལ་བཀོད་སྒྲིག་དང་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་དང་། བོད་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཁྱབ་ཁོངས་ཀྱི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་པས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་རྣམ་གྲངས་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་བྱས་ཏེ་ལས་འགན་སྒྲུབ་སེམས་དང་། འགན་འཁྲིའི་བསམ་པ། དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཆེ་རུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩི་བ་དང་། ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་དུས་ཐོག་དང་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་འཛུགས་སྐྲུན་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཅང་ཅེས། འབྲེལ་ཡོད་སྡེ་ཚན་དང་ཨར་སྐྲུན་ཚན་པ་ཁག་གིས་དུས་ཚོད་ཀྱི་མཚམས་ཚིགས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་དང་ཡང་ཡང་བསྡུར་བ་དང་། ལས་ཀའི་སྒྲིག་འཛུགས་ལ་ཤུགས་སྣོན་རྒྱག་པ། ཨར་སྐྲུན་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།