དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་རྒྱ་སྐྱེད་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བོད་ལྗོངས་ཡན་ལག་ཚོགས་རར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2021-11-25

     ཚེས་23ཉིན་གྱི་སྔ་དྲོ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་རྒྱ་སྐྱེད་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་རྒྱ་སྐྱེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བཏོན་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས། ཚད་མཐོའི་མཐོང་ཆེན་བྱས་ནས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་འཐབ་ཇུས་ཀྱི་ནུས་པར་ངོས་འཛིན་གང་ལེགས་བྱེད་པ། གསར་བརྗེའི་སློབ་གསོའི་གཡུལ་སའི་ངོ་བོ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལས་དོན་གྱི་གཙོ་རྐང་ཁོང་དུ་ཆུད་པ་བཅས་བྱས་ཏེ། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ལ་དྲིལ་བསྒྲགས་དང་། སྐུལ་སློང་། ཞབས་ཞུ་བཅས་ཀྱི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པར་བྱེད་དགོས། ཤེས་དཔལ་ལག་ལེན་ལས་དོན་མང་ཚོགས་ལ་ཕྱོགས་པའི་རྩ་བའི་བླང་བྱར་གཞི་ཚུགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་སོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། བདེ་ཐང་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་འཇགས་རྒྱུར་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་དགོས། ཤེས་དཔལ་ལག་ལེན་ལས་དོན་གྱི་བརྒྱུད་རིམ་རང་བཞིན་དང་སྤྱི་ཡོངས་རང་བཞིན་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བརྟན་པོ་འཛུགས་པ། དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་ཐུན་མོང་ཐོག་ཕུན་སུམ་ཚོགས་པོ་ཡོང་བར་སྐུལ་འདེད་གཏོང་བ། ཞབས་ཞུའི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཕུགས་ཕན་ལས་ཀའི་ལམ་སྲོལ་ཆགས་པ་བཅས་བྱས་ནས་རང་ལྗོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་དེ་བས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།