དབུ་ཤོག>སྲིད་དོན།
  • རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་ཀྱི་གཤིས་རྒྱུད་ཞུན་བརྡར་སྤྲོས་པ། དངོས་སྒྲུབ་འགན་འཁུར་གྱི་སྙིང་སྟོབས་བཅས་ཀྱི་ཐོག་ནས་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-25

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཁོངས་གཏོགས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་ཕྱོགས་བསྡུས་ཁྲུའུ་གཉིས་པའི་ཏང་ཀྲི་པུའི་བྱེད་སྒོར་ཞུགས་ནས་ཀྲི་པུའི་ཏང་ཡོན་ཡོངས་དང་ཁག་བགོས་དོ་དམ་སྡེ་ཚན་ཁག་གི་ལས་ཁུངས་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

    ཀྲོང་ཡན་གྱིས་གསོན་ཉམས་ལྡན་པའི་དཔེ་མཚོན་དང་བབ་ཆགས་པའི་སྐད་ཆའི་ཐོག་ནས་ཕྱོགས་དྲུག་ཐད་ནས་དོན་ཟབ་གོ་སླའི་ངང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གསལ་འགྲེལ་གནང་བ་རེད།

    ཀྲོང་ཡན་གྱིས་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན། བོད་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཟབ་སྦྱོང་མཐིལ་རྟོགས་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། ཚང་འཛོམས་གྲོས་ཚོགས་ཀྱི་ལྟེ་བའི་དགོངས་དོན་དང་ལག་ལེན་བླང་བྱ་སྟངས་འཛིན་ཡང་དག་བྱེད་པ། དགོངས་དོན་ནང་བསྡུས་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ཁོང་དུ་ཆུད་པ་བྱེད་པ། ཤེས་སྦྱོར་གཅིག་མཐུན་ཁྲོད་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྡེ་ཚན་ལས་དོན་གྱི“དོན་ཆེན་བཞི”དང“འགན་ལེན་བཞིར”ཞབས་འདེགས་ཞུ་བའི་ཁྲོད་འགན་འཁྲིའི་ངེས་གནས་གནད་ལ་འཁེལ་པོས་བཙལ་འཚོལ་བྱེད་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཇི་མ་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྲད་པའི་ལས་འགན་ཁག་ནུས་ཤུཌ་ཡོད་རྒུས་ལེཌ་པར་སྒྲུབ་དགོས། ཚན་རིག་དང་མཐུན་པའི་བྱ་ཐབས་ཁོང་དུ་ཆུད་པ་བྱས་ནས་ལས་ཀའི་རྩིས་ཐོ་དང་། དམིཌ་ཚད། གནད་དོན། ལག་བསྟར། མཐའ་ཚད་བཅས་ཀྱི་གསལ་ཐོ་བཟོ་བ་དང་། སྤྱོད་ཚུལ་ལ་ཞིབ་བཤེར་དང་། འགན་འཁྲིར་ཞིབ་བཤེར། ཞན་ཆར་ཞིབ་བཤེར། དོན་འཁྱོལ་ལ་ཞིབ་བཤེར་བཅས་བྱས་ཏེ་ཕན་འབྲས་དངོས་ལ་བརྟེན་ནས་ལས་དོན་ལ་ཞིབ་བཤེར་བྱེད་དགོས། དངོས་སྒྲུབ་ཀྱི་སྤྱོད་ཚུལ་འཛུགས་པ་དང་། དངོས་སྒྲུབ་ལ་བརྩི་མཐོང་དང་བྱ་བ་དངོས་སྒྲུབ་འདོད་པ། དངོས་སྒྲུབ་བྱེད་མཁས་པ་དང་བྱ་བ་དངོས་སྒྲུབ་ཤེས་པ། དངོས་སྒྲུབ་དམ་འཛིན་དང་བྱ་བ་དངོས་སྒྲུབ་ཐུབ་པ་བཅས་གོང་ལ་བཀུར་བ་དང་། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་བྱས་པའི་རྗེས་དང་འདྲུད་པའི་ཤུལ་གྱི་ངར་ཤུགས་ལ་བརྟེན་ནས་ལས་དོན་ཁག་གི་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཏང་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་གཏོང་མི་རུང་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།