དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷོ་ཁ་གྲོང་ཁྱེར་དུ་མཐའ་སྟོབས་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2021-11-24

    ཚེས་18ཉིན་ནས་21ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ལྷོ་ཁ་གྲོང་ཁྱེར་གྱི་སྣེ་གདོང་ཆུས་དང་། ལྷུན་རྩེ་རྫོང་། མཚོ་སྣ་རྫོང་བཅས་སུ་ཕེབས་ནས་མཐའ་སྟོབས་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་དུ་ཡོད་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་1960ལོར་ཏང་ནང་ཞུགས་ཤིང་ད་ཆ་དགུང་ལོ་97ལ་ཕེབས་པའི་ཚེ་རིང་ལྷ་མོའི་ཁྱིམ་དུ། བློ་བཟང་རྒྱལ་མཚན་དང་ཁོང་བཀའ་མོལ་གནང་བ་དང་ཆབས་ཅིག བློ་བཟང་རྒྱལ་མཚན་གྱིས་ཚེ་རིང་ལྷ་མོར་བྱམས་བརྩེའི་སྨོན་འདུན་ཡང་ཞུས་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས། ཏང་ཡོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ནི་བོད་ཀྱི་གསར་བརྗེ་འཛུགས་སྐྲུན་བྱ་གཞག་ནང་ཞུགས་མཁན་དང་དཔང་པོ་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་ཡང་ཡིན། མིག་སྔར། རང་ལྗོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཚ་ཚ་འུར་འུར་ངང་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱེད་ཀྱི་ཡོད་པས། ཁྱེད་ཚོས་སོ་སོའི་མྱོང་བ་དངོས་ཀྱི་ཐོག་ནས་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་དེ། མི་རིགས་ཁག་གི་བུ་ཕྲུག་སྔར་བས་མང་པོར་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བྱ་གཞག་རླབས་པོ་ཆེའི་ནང་ཧུར་ཐག་ཞུགས་རྒྱུའི་ལྕག་སྐུལ་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་མཚོ་སྣ་རྫོང་ལམ་ཕུག་ཤང་ཞོགས་གྲོང་ཚོ་དང་སྐྱིད་པ་མོན་པ་མི་རིགས་ཤང་སྐྱིད་པ་གྲོང་ཚོའི་གྲོང་མིའི་ཁྱིམ་དུ་ཕེབས་ནས་དམངས་འཚོའི་སྐོར་བཀའ་འདྲི་དང་འགྱུར་ལྡོག་དང་འཕེལ་རྒྱས་སྐོར་གླེང་གནང་བ་དང་ཆབས་ཅིག་ཁོང་ཚོར་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱས་ཐོག་རྒྱལ་གཅེས་དང་ས་སྲུང་གི་འདུ་ཤེས་བརྟན་པོར་བཙུགས་ནས་མཐའ་མཚམས་ལ་གཞི་བཙུགས་ཏེ་ཁྱིམ་གཞིས་སྲུང་སྐྱོང་བྱ་རྒྱུའི་ལྕག་སྐུལ་ཡང་གནང་བ་རེད། ཁོང་གིས། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཤུགས་ཆེར་སྤེལ་ནས་གཞི་རིམ་གྱི་ཏང་རྩ་འཛུགས་ཁག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མཐའ་མཚམས་མངའ་ཁོངས་ས་ཆ་སྲུང་སྐྱོང་བྱེད་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།

    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་སྤེལ་གཏིང་ཟབ་གཏོང་བ་དང་། ཐོན་ཁུངས་ཀྱི་ལེགས་ཆར་གཞི་འཛུགས་པ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་བྱས་ཏེ། མཐའ་མཚམས་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཟབ་པ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད། བདེ་འཇགས་ཚོར་སྣང་སྔར་བས་འགན་ལེན་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་། བློ་བཟང་རྒྱལ་མཚན་བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཞང་ཚན་རྩལ་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིར་ཕེབས་ནས་ཁེ་ལས་ཁག་གི་ཐོན་སྐྱེད་གཉེར་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ད་དུང་མཚོ་སྣ་རྫོང་སླད་ཤང་གི་ཇ་ལོ་འདེབས་འཛུགས་དང་ཐོན་ལས་གསར་སྤེལ་ལས་དོན་ལ་རྟོག་ཞིབ་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ད་དུང་རང་རེ་དང་རྒྱ་གར་ས་མཚམས་ཀྱི་རང་སྲུང་རྒོལ་ལན་སྤྲོད་པའི་དམག་འཐབ་ཀྱི་འཐབ་ས་མདུན་མའི་བཀོད་འདོམས་སུའོ་ཡི་གནས་རྙིང་པར་ཞལ་མཇལ་ཞུས་ཤིང་། མཐའ་སྲུང་དཔོན་དམག་ཚོར་བྱམས་བརྩེའི་ངང་གཟིགས་པ་མ་ཟད། ད་དུང་ཁྲ་འབྲུག་དགོན་པར་བཅའ་སྡོད་ལས་བྱེད་པ་དང་དགོན་པའི་གྲྭ་པ་ཚོར་ཡང་གཟིགས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།