དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་མལ་གྲོ་གུང་དཀར་རྫོང་དུ་གྲོང་གསེབ་དར་རྒྱས་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-23

     ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་གཞིར་བཟུང་། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཡན་ཅིན་ཧའེ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ཏེ་གྲོང་གསེབ་དར་རྒྱས་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་ཞིང་། ཁོང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གྲོང་གསེབ་དར་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། ཐོན་ཁུངས་ཀྱི་ལེགས་ཆར་གཞིགས་པ། འཕེལ་རྒྱས་ཀྱི་ལམ་བུ་འཚོལ་བ་བཅས་བྱས་ཏེ་ཞིང་འབྲོག་ལས་སྤུས་མཐོ་ཕན་ཆེ་དང་། གྲོང་གསེབ་ཀྱི་སྡོད་མལ་དང་ལས་རིགས་གཏོད་རྒྱུར་འཚམས་པ། ཞིང་འབྲོག་པ་ཕྱུག་འགྱུར་བཅས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་སྔ་རྗེས་སུ་མཛོ་མོ་ཤག་སྲོལ་རྒྱུན་སྒྱུ་རྩལ་ཐོན་རྫས་ལས་སྣོན་ཚད་ཡོད་ཀུང་སི་དང་། སྐལ་བཟང་མེ་ཏོག་ཐོན་ལས་གླིང་། པད་ཁའི་སྣུམ་བཙག་བཟོ་གྲྭ་སོགས་ཁེ་ལས་དང་གླིང་ཁུལ་དུ་ཕེབས་ཏེ་ཐོན་ལས་གཉེར་སྐྱོང་དང་། ཞིང་འབྲོག་པའི་ལས་ཞུགས། རྩལ་ནུས་གསོ་སྦྱོང་སོགས་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།

    པད་ཁའི་སོན་བཟང་གི་མུའུ་རེར་ཐོན་ཚད་དང་སྣུམ་ཐོན་ཚད་མང་བ་དང་། མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ། གྲོང་སྟོབས་དམངས་ཕྱུག་ལ་སྐུལ་མ་ཐེབས་པ་བཅས་མཁྱེན་སྐབས། ཡན་ཅིན་ཧའེ་ཡིས་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ་པད་ཁའི་སོན་བཟང་ཐོན་འབབ་འབབ་འཕར་ལ་ཚོད་སྐོར་བྱེད་པའི་ལས་དོན་མགྱོགས་མྱུར་སྤེལ་ཏེ་གྲུབ་འབྲས་ཉམས་མྱོང་ཕྱོགས་སྡོམ་དང་། སྤྱོད་རྒྱ་རིམ་གྱིས་ཆེ་རུ་གཏོང་བ། མང་ཚོགས་ལ་ཁྲིད་སྟོན་ཧུར་ཐག་བྱས་ནས་འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག་བཅས་བྱས་ཏེ་ཞིང་ཞོར་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་འཕར་བ་བྱེད་དགོས་པ་དང་། རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་ཆས་རྩེ་གྲའི་ཐོན་སྐྱེད་བྱེད་ལམ་བཏོད་དེ་ཁྱད་ལྡན་ཅན་དང་། སྤུས་རྟགས་ཅན། ཚད་གཞི་ཅན། རྩེ་གྲ་ཅན་བཅས་ཀྱི་འཕེལ་རྒྱས་ལམ་བུར་སྐྱོད་དགོས་ཞེས་གསུངས་པ་རེད།

    གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་ཕག་ར་ཚོགས་ཆུང་དུ་ཡན་ཅིན་ཧའེ་ཡིས་ས་གནས་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་གྲོང་གསེབ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་སྙན་སེང་གསན་ནས་གྲོང་གསེབ་དར་རྒྱས་ཐད“བྱ་བ་སྒྲུབ་མཁན་ཡོད་པའི”གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ལ། “བྱ་བ་སྒྲུབ་པའི་དངུལ་ཡོད་པའི”གནད་དོན་ཡང་ཐག་གཅོད་ཡག་པོ་བྱེད་དགོས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཉམ་དུ་དམ་འཛིན་བྱེད་པ་དང་། “གསང་སྤྱོད་དང་ཐབ་ཚང་སྒྱུར་བཀོད”ནས་དམ་འཛིན་བྱས་ཏེ། ཁྱད་ལྡན་གྱི་ཁྱིམ་ཚང་འགྲུལ་ཁང་གི་མ་དཔེ་གཏོད་པ་དང་། ཤེས་དཔལ་སྲོལ་གསར་དར་སྤེལ་གཏོང་བ། གོམས་སྲོལ་ངན་པ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    མལ་གྲོ་གུང་དཀར་རྫོང་གི་དབུལ་པོ་བསྐྱར་ལོག་འགོག་པའི་ཞིབ་བཤེར་ལས་སྟེགས་འཁོར་རྒྱུག་གནས་ཚུལ་ལ་རྟོག་ཞིབ་གནང་སྐབས། ཡན་ཅིན་ཧའེ་ཡིས་མིག་སྔའི་ལས་དོན་ཁྲོད་ལྷག་པའི་གནད་དོན་དང་མི་འདང་སར་དབྱེ་ཞིབ་གཏིང་ཟབ་གནང་ནས་དངོས་ཐོག་བདེན་འཚོལ་ངང་གཞི་རིམ་རྩ་འཛུགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་དབུལ་སྒྲོལ་བརྟན་པོ་མ་བྱུང་བའི་དུད་ཚང་དང་དེ་བཞིན་ནད་གཞི་དང་། གནོད་འཚེ། བསམ་ཡུལ་ལས་འདས་པའི་དོན་རྐྱེན་སོགས་རྐྱེན་གྱིས་གཞི་རྩའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པའི་མང་ཚོགས་ལ་དུས་བཀག་ལྟར་འགུལ་རྣམ་ཞིབ་བཤེར་བྱེད་དགོས། ཏང་ཀྲུང་དབྱང་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དང་ཡང་ཡང་བསྡུར་ནས་ཚང་བཤེར་ཆད་གསབ་དང་། ལས་བྱེད་པ་གསོ་སྦྱོང་། ལས་ཞུགས་བརྟན་པོ། ཁེ་ཕན་སྦྲེལ་མཐུད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཅས་ལ་ཤུགས་སྣོན་བརྒྱབ་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གི་གནས་ཚུལ་ཐོན་རྒྱུ་སྔོན་འགོག་བྱེད་དགོས་ཞེས་གསུངས་པ་རེད།

    རྟོག་ཞིབ་གནང་རིང་། ཡན་ཅིན་ཧའེ་ཡིས་གྲོང་མི་ནག་རིལ་གྱི་ཁྱིམ་དུ་ཕེབས་ཏེ་ཡོང་འབབ་དང་འཕེལ་རྒྱས་ཀྱི་སྐོར་བཀའ་འདྲི་གནང་བ་མ་ཟད། དབུལ་སྒྲོལ་བྱུང་ནས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་མཁྱེན་སྐབས་དགྱེས་ཚོར་ཆེན་པོ་བྱུང་བ་རེད། ཡན་ཅིན་ཧའེ་ཡིས་བོད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཚང་མར་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་བསྡུས་ཡོད་པས། ང་ཚོས་ཕན་པ་གང་ནས་བྱུང་བ་དང་བཀའ་དྲིན་སུ་ལ་འཇལ་དགོས་མིན་གསལ་པོ་ཤེས་པར་བྱས་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།