དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2021-11-20

    ཚེས་18ཉིན། རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཙུང་ལི་ལི་ཁེ་ཆང་གི་གསུང་བཤད་དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་ལྟར་སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་པ་རེད།

    ཡན་ཅིན་ཧའེ་ཡིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་སུ་འཚོགས་པའི་དུས་རབས་འབྱེད་པའི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་གཟབ་རྒྱས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་སྒྲོན་གལ་ཆེན་དང་གསུང་བཤད་གལ་ཆེན་གྱིས་རང་རེའི་ཏང་གིས་ལོ་བརྒྱའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་རྒྱུར་ཁ་ཕྱོགས་གསར་པ་གསལ་སྟོན་བྱས་པ་དང་། འཛོམས་བརྡ་བཏང་བ། སྐུལ་སློང་གི་བཀའ་རྒྱ་བཏང་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནི་ལོ་རྒྱུས་ཀྱི་ཁྱབ་ནུས་དང་། བསམ་བློའི་ཁྲིད་སྟོན་ནུས་པ། ཆབ་སྲིད་ཀྱི་སྐུལ་སློང་ནུས་པ། དུས་རབས་ཀྱི་འབོད་སྐུལ་ནུས་པ་བཅས་ཤུགས་ཆེན་ལྡན་པའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད་ཅེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས། “གཏན་འཁེལ་གཉིས”བློ་ལ་བརྟན་པོར་འཆང་བ་དང“སྲུང་སྐྱོང་གཉིས”ཐུབ་པ་བྱས་ཏེ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་གོམ་སྟབས་གཅིག་གྱུར་གྱི་སྒོ་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་དགོས། གྲོས་ཆོད་ལ་གོ་བ་ཡག་པོ་ལེན་པ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ལ་གཞི་ཚུགས་ཏེ་ཇུས་འགོད་དང་། བྱ་བ་སྒྲུབ་པ། གྲུབ་འབྲས་ཐོབ་པ་བཅས་བྱེད་དགོས། སློབ་སྦྱོང་གི་ཚ་རླབས་མྱུར་དུ་འཕྱུར་བ་དང་ཕྱོགས་ཡོངས་ནས་ཁོར་ཡུག་ཡག་པོ་བསྐྲུན་ཏེ“དོན་ཆེན་བཞིར”དམ་འཛིན་ཏན་ཏིག་དང་། “ལས་འགན་ཆེན་པོ་བརྒྱད”ལེགས་འགྲུབ། “འགན་ལེན་བཞི”མངོན་འགྱུར་བཅས་བྱེད་དགོས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཏེ་སྔ་ཙམ་ནས་སང་ལོའི་རྣམ་གྲངས་གལ་ཆེན་དང་། གཙོ་གནད་ལས་གྲྭ ལས་དོན་གལ་ཆེན་བཅས་ཇུས་འགོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས། ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་སྐྲུན་མགྱོགས་སུ་གཏོང་བ་དང་། ཚན་ཞིབ་ཀྱི་བྱེད་པོའི་རང་བདག་དབང་ཆ་ཆེ་རུ་གཏོང་བ། ཚན་རྩལ་མི་སྣ་གཞི་རིམ་དུ་བསྐྱོད་ནས་ཞབས་འདེགས་ཞུ་བའི་བྱ་སྤྱོད་གཏིང་ཟབ་ཏུ་གཏོང་བ། ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། ལག་རྩལ་གྱི་དཀའ་གནད་གཙོ་གནད་ཐོག་འགག་སྒྲོལ་བཅས་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་སྟེ་གནད་སྨིན་ཇུས་འདོན་དང་ཕན་འབྲས་ལ་སྣང་ཆེན་བྱས་ནས་ཐུན་མོང་ཐོག་འབད་འཐབ་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།