དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-11

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་མཉམ་སྡེབ་སློབ་སྦྱོང་ཐོག་གནང་བའི་བློ་མཐུན་ཀྲའོ་ལེ་ཅི་དང་བློ་མཐུན་དབྱང་ཞའོ་ཏུའུ་ཡི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། ལག་བསྟར་དོན་འཁྱོལ་གྱི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། ནན་པོའི་རྩ་བའི་དགོངས་གཞི་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ལྟ་སྐུལ་དང་གྱོད་གཞི་སྒྲུབ་གཉེར་ལ་སྤྱི་འདོམས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ཉུང་ཤས་ལ་དམ་པོར་དམིགས་པ་དང་། ལྐོག་རྔན་སྤྲོད་ལེན་ལ་མཉམ་བཤེར་མཐའ་འཁྱོངས། དམ་བསྒྲགས་རྣམ་པ་རྒྱུན་རྣམ་ཅན་གྱི་སྒོ་ནས་རྒྱུན་འཁྱོངས། གྱོད་གཞི་མེ་ལོང་དུ་འཛིན་པ་དང་། གྱོད་གཞིར་བརྟེན་ནས་དག་ཐེར་ལ་སྐུལ་གཏོང་། གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་གཏོང་བཅས་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་དགོས། “སྤྱོད་ཚུལ་བཞི”མུ་མཐུད་ཡོ་བསྲང་དང་ཏང་གི་སྒྲིག་ཁྲིམས་ནན་དུ་བཏང་ནས་ཏང་སྲོལ་དང་སྲིད་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་གོམས་སྲོལ་དང་དམངས་སྲོལ་ལ་སྐུལ་ཁྲིད་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་མུ་མཐུད་བཅོས་སྒྲིག་བྱས་ནས“གཱ་གཅིག་ཀུན་འཐུས”ཀྱི་དོ་དམ་ཆེད་དོན་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། སྐོར་གཟིགས་དང་སྐོར་ཞིབ་དག་ཐེར་རྒྱུན་གཏན་གྱི་ལྟ་སྐུལ་དང་ཆེད་དོན་ལྟ་སྐུལ་ཞིབ་བཤེར་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། སྐོར་གཟིགས་དག་ཐེར་གྱི་དུས་མཇུག་གི་ལས་འགན་ཡག་པོ་སྒྲུབ་པར་སྐུལ་འདེད་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་ནས་ལྟ་སྐུལ་དང་། སྒྲིག་བསྟར། ཁྲིམས་བསྟར་བཅས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཞུང་དྲང་དང་གཟབ་ནན་ངང་སྒྲིག་བཤེར་ལྟ་ཞིབ་ཀྱི་དབང་ཆ་སྤྱོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།