དབུ་ཤོག>སྲིད་དོན།
  • དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དྲིལ་བསྒྲགས་ལས་དོན་སྤྱི་ཡོངས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-06

    1266553_yis_1636128000000_s.jpg

    ཟླ་11ཚེས་2ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་འཐབ་ཕྱོགས་སུ་ཕེབས་ནས་བརྟག་ཞིབ་གནང་བ་དང་ཆབས་ཅིག་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་དང་བོད་ཀྱི་སྨྱན་སྦྱོར་གཙོ་བོའི་འཐབ་ས་དང་པོའི་གསར་འགོད་པ་དང་། རྩོམ་སྒྲིག་པ། སྙན་སྒྲོན་པ་བཅས་ལ་འཚམས་འདྲི་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་འགན་ཁུར་བ་དང་བཞུགས་མོལ་གནང་བཞིན་པ།

    1266556_yis_1636128000000_s.jpg

    ཟླ་11ཚེས་2ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་འཐབ་ཕྱོགས་སུ་ཕེབས་ནས་བརྟག་ཞིབ་གནང་བ་དང་ཆབས་ཅིག་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་དང་བོད་ཀྱི་སྨྱན་སྦྱོར་གཙོ་བོའི་འཐབ་ས་དང་པོའི་གསར་འགོད་པ་དང་། རྩོམ་སྒྲིག་པ། སྙན་སྒྲོན་པ་བཅས་ལ་འཚམས་འདྲི་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་ཕེབས་ནས་གསར་འགྱུར་དྲིལ་བསྒྲགས་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བཞིན་པ།

     ཟླ་11ཚེས་2ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་འཐབ་ཕྱོགས་སུ་ཕེབས་ནས་བརྟག་ཞིབ་གནང་བ་དང་ཆབས་ཅིག་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་དང་བོད་ཀྱི་སྨྱན་སྦྱོར་གཙོ་བོའི་འཐབ་ས་དང་པོའི་གསར་འགོད་པ་དང་། རྩོམ་སྒྲིག་པ། སྙན་སྒྲོན་པ་བཅས་ལ་འཚམས་འདྲི་གནང་བ་རེད།

    ཝང་ཅུན་ཀྲེང་མི་དམངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ལྗོངས་ཡན་ལག་ཁང་དང་། ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་ལྗོངས་སྤྱི་ཁྱབ་ས་ཚིགས། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་སུ་ཕེབས་ནས་གསར་འགྱུར་ལས་དོན་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་གསར་འགྱུར་དྲིལ་བསྒྲགས་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། དེ་རྗེས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་འགན་འཁུར་བ་དང་བཞུགས་མོལ་གནང་སྟེ་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་སྙན་སེང་གསན་པ་མ་ཟད། དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

    ཁོང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དྲིལ་བསྒྲགས་བསམ་བློའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིར”དམིགས་པ་བཅས་བྱས་ཏེ་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་དེ་བས་ལེགས་པའི་སྒོ་ནས་འཁུར་བ་དང་། འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་དང་འབད་འབུངས་ཡར་བརྩོན་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་པ། དྲིལ་བསྒྲགས་ལས་དོན་གྱི་སྤྱི་ཡོངས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།

    དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་ཏང་གིས་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུ་དེ་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་རྩ་བའི་རྩ་དོན་དུ་བརྩིས་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། དཔེ་བསྡུར་མིག་ལྟོས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

     འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཏང་གིས་དྲིལ་བསྒྲགས་དང་། འདུ་ཤེས་འཛིན་སྟངས། སྨྱན་སྦྱོར་བཅས་ལ་དོ་དམ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་འདུ་ཤེས་འཛིན་སྟངས་ཀྱི་འགོ་ཁྲིད་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས། ཏང་གཤིས་ཀྱི་རྩ་དོན་དེ་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་དྲིལ་བསྒྲགས་རིག་གནས་ཁྱབ་ཁོངས་ཀྱི་ཕྱོགས་ཁག་ཏུ་དོན་འཁྱོལ་བྱས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འགྱུར་བ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་མི་འཛོལ་བའི་འགན་ལེན་བྱེད་དགོས། ཀྲུང་དབྱང་གི་དགོངས་དོན་ལག་བསྟར་བྱ་རྒྱུ་དེ་བོད་ཀྱི་དོན་དངོས་ལས་དོན་དང་ཟུང་འབྲེལ་བྱས་ཏེ“སྤྱི་ཡོངས་གཉིས”བསམ་བཀོད་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་། བྱེད་ཕྱོགས། སྲིད་ཇུས། ཐབས་ཇུས་བཀོད་སྒྲིག་བཅས་གངས་ལྗོངས་ས་མཐོར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།

    བློ་བརྟན་འགྱུར་མེད་ངང་དར་ཆ་བསྒྲེངས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་བླ་སྲོག་གཏོད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ནས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཐད་འབད་བརྩོན་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཏིང་ཟབ་ཏུ་གཏོང་ཐུབ་པ་དང་། དོན་ཐོག་ཏུ་འཁྱོལ་ཐུབ་པ། སེམས་སུ་ཟུག་པ་བཅས་ལ་སྐུལ་འདེད་བཏང་སྟེ་དེ་བས་ལེགས་པའི་སྒོ་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་གཞི་རིམ་དུ་དྲིལ་བསྒྲགས་བྱས་ཏེ་དོན་དངོས་དང་ཉེ་བཅར་བྱེད་པ་དང་རིགས་དབྱེ་མཛུབ་ཁྲིད་བྱེད་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི”སོགས་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ་བ། མང་ཚོགས་ཀྱིས་གོ་བདེ་ཤེས་སླ་བ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ལ་བརྟེན་ནས་གསོན་ཉམས་དོད་པོས་སྒྲོག་འགྲེལ་དང་འཆད་འགྲེལ་གཏིང་ཟབ་བྱས་ནས་མང་ཚོགས་ཀྱི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་ཟབ་ཏུ་གཏོང་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། “དོན་ཆེན་བཞིར”དམ་འཛིན་ཡག་པོ་དང“ལས་འགན་ཆེ་གྲས་བརྒྱད”ལེགས་སྒྲུབ་བྱེད་པ་སོགས་ལྟེ་བའི་ལས་དོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ཏེ། ལོ་རྒྱུས་ཀྱི་གནད་དོན་གལ་ཆེན་དང་དོན་དངོས་ཀྱི་གནད་དོན་གལ་ཆེན་ལ་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་འཆད་བཤད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་འབྲས་དེ་ལྗོངས་ཡོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ལ་འགྱུར་བ་བྱེད་དགོས།

    བློ་བརྟན་འགྱུར་མེད་ངང་དམངས་སེམས་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་འཐབ་ཇུས་རང་བཞིན་གྱི་ལས་འགན་ཁོང་དུ་ནན་པོ་ཆུད་པ་བྱེད་དགོས་ཤིང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་དྲིལ་བསྒྲགས་སློབ་གསོ་རྒྱུན་མཐུད་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་གནས་ཐུབ་པ་དང་། ཁྱབ་ཐུབ་པ། ཤུགས་རྐྱེན་ལྡན་པ་བཅས་ཀྱི་ཞིབ་འཇུག་གྲུབ་འབྲས་ཁག་གཅིག་བཏོན་ཏེ་མི་རིགས་ཁག་གི་མང་ཚོགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། བསམ་པའི་དཔལ་ཡོན་སྲོལ་གཏོད་ཧུར་ཐག་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཤེས་དཔལ་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་དར་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱལ་གཅེས་མཐའ་སྲུང་དང་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་སྔོག་འདོན་དང་འདེམས་གཏོད་བྱེད་པ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་པོ་གཏོད་པ། མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྐལ་བཟང་མེ་ཏོག་བཞིན་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་བ། ཕ་ཡུལ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་སྐུལ་མ་གཏོང་དགོས།

    བློ་བརྟན་འགྱུར་མེད་ངང་མི་གསར་བསྐྱངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཚད་ལོན་གྱི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས་ཤིང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས”ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་སྔོན་ཐོན་དཔེ་བཟང་དང་དུས་རབས་ཀྱི་མིག་དཔེ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཡོངས་ཀྱི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྷག་པར་དུ་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ཏེ་མི་རྣམས་ཀྱི་སེམས་བཟང་གི་ཀུན་སྤྱོད་འདོད་མོས་དང་ཀུན་སྤྱོད་ཀྱི་བརྩེ་དུང་འཕེལ་བར་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་ཁག་གཅིག་གསོ་སྐྱོང་བྱེད་དགོས།

    བློ་བརྟན་འགྱུར་མེད་ངང་གཡུལ་ས་སྟོབས་ཆེར་བཏང་ནས་གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་མུ་མཐུད་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས་ཤིང་། མཐུན་སྒྲིལ་དང་། བརྟན་ལྷིང་། ངར་སློང་བཅས་མཐའ་འཁྱོངས་བྱེད་པ་དང་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་གཙོ་བོར་བཟུང་ནས་ཏང་གི་གསུང་སྒྲ་བརྒྱུད་སྤྲོད་ཡག་པོ་དང་ཏང་གི་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱས་ཏེ་སྤྱི་ཚོགས་ཡོངས་སུ་གུང་ཁྲན་ཏང་ཡག་པ་དང་། སྤྱི་ཚོགས་རིང་ལུགས་ཡག་པ། སྒྱུར་བཅོས་སྒོ་དབྱེ་ཡག་པ། རླབས་ཆེན་མེས་རྒྱལ་ཡག་པ། མི་རིགས་ཁག་གི་མི་དམངས་ཡག་པ་བཅས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། རིན་ཐང་གི་ལྟ་བ་བཅས་མཐའ་འཁྱོངས་བྱེད་པ་དང་། སྲོལ་རྙིང་མེད་པར་བཟོ་བ། ལམ་སྲོལ་གསར་པ་འཚོལ་ཞིབ་བྱེད་པ་བཅས་བྱས་ནས་ཀྲུང་དབྱང་སྨྱན་སྦྱོར་དང་ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་ཁ་ཕྱོགས་གཅིག་ཏུ་ཤུགས་སྣོན་རྒྱག་པ་དང་། སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་བརྒྱུད་ལམ་གཅིག་མཐུན་བྱེད་པ། དྲ་བའི་ཕྱི་ནང་གཞི་གཅིག་ཅན་དང་ཕྱི་ནང་དྲིལ་བསྒྲགས་མཉམ་འགུལ་བཅས་ཀྱི་གཙོ་རྒྱུན་གླེང་ཕྱོགས་ཀྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས། གཙོ་རྒྱུན་སྨྱན་སྦྱོར་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་གསར་འགྱུར་བརྒྱུད་སྤེལ་གྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཡིན་པའི་དྲ་སྦྲེལ་ལ་དམ་འཛིན་ཡག་པོ་བྱས་ཏེ་དྲ་སྦྲེལ་དེ་ཉིད་བྱ་གཞག་ཁག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་དྲང་ནུས་ཆེ་ཤོས་དང་འཕར་ཚད་མཐོ་ཤོས་སུ་འགྱུར་བར་བྱེད་དགོས།

    བློ་བརྟན་འགྱུར་མེད་ངང་རིག་གནས་དར་སྤེལ་བཏང་ནས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ། བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ཁུངས་སྔོག་འདོན་བཅས་བྱས་ནས་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་བརྩེ་སེམས་ཀྱི་འབྲེལ་ཐག་དང་སེམས་ཀྱི་རྟེན་ས་ཞིག་ཡིན་པ། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་བཅས་ཀྱི་བསམ་བློ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་དགོས། རིག་གནས་ཐོན་ལས་འཕེལ་རྒྱས་དང་གྲུབ་ཆ་ལེགས་སྒྲིག་དང་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ་དང་། གཞི་རིམ་མང་ཚོགས་ཀྱི་རིག་གནས་གཡུལ་ས་སྟོབས་ཆེན་སྐྲུན་པ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཀྱི་སྣ་མང་རང་བཞིན་དང་། རིམ་པ་མང་བ། ཕྱོགས་མང་བ་བཅས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོར་དམིགས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་རིག་རྩལ་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་ནས་དུས་རབས་གསར་པའི་བོད་ཀྱི་རིག་གནས་གསར་གཏོད་ལས་དོན་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། གསར་སྤེལ་བེད་སྤྱོད་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་དེ་ཚན་རྩལ་དང་། ཡུལ་སྐོར། ལུས་རྩལ་སོགས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཚད་གཞི་ཅན་དང་དོ་སྙོམས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་མགྱོགས་སུ་གཏོང་དགོས།

    བློ་བརྟན་འགྱུར་མེད་ངང་གཟུགས་བརྙན་མངོན་པར་བྱས་ཏེ་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་དངོས་ཡོད་དང་། ཕྱོགས་བསྡུས། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཡག་པོ་ཤོད་དགོས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས“དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”རླབས་ཆེན་གྱི་གྲུབ་འབྲས་མངོན་འགྱུར་བྱུང་བའི་སྐོར་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གཟུགས་བརྙན་བཟང་པོ་གཏོད་པ། རྒྱལ་སྤྱིའི་སྤྱི་ཚོགས་དང་དམངས་ཚོགས་ཀྱི་མོས་སེམས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། བོད་ཀྱི་ས་བབ་དང་། མི་ཆོས། ཚོང་ལས། རིག་གནས་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རིག་གནས་ཕྱི་ཕྱོགས་སུ་འགྲོ་འོང་དང་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་དང་བོད་ལྗོངས་འགྲེམས་ཚོགས་སོགས་སྤུས་རྟགས་བྱེད་སྒོ་མུ་མཐུད་ཡག་པོ་གཉེར་ནས་ཕྱི་ཕྱོགས་ཀྱིས་བོད་ལྗོངས་དེ་བས་ཤེས་རྟོགས་ཡག་པོ་ཐུབ་པ་དང་བོད་ལྗོངས་དེ་བས་མགྱོགས་པའི་སྒོ་ནས་འཛམ་གླིང་ཕྱོགས་སུ་བསྐྱོད་ཐུབ་པ་བྱེད་དགོས།

    ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་ཚན་ཁག་ལེགས་འདེམས་ཧྲག་སྒྲིག་གིས་གྲུབ་འབྲས་དངོས་ལས་དཔའ་བོ་གླེང་བ་དང་། འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་བཀོལ་སྤྱོད། སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་ཏེ་ཤེས་ལྡན་པ་བཀོལ་སྤྱོད་བཅས་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ལས་སྒོའི་འཇོན་ཐང་ཆེ་བ། བདེན་འཚོལ་གསར་གཏོད། རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་ཕུལ་བྱུང་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱས་ནས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་སྤྱི་ཡོངས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ལས་དོན་སྙན་སེང་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།