དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2021ལོའི་ཚོགས་འདུ་ཐེངས་5པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2021-11-03

    ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཟླ་10ཚེས་29ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2021ལོའི་ཚོགས་འདུ་ཐེངས་5པ་གཙོ་སྐྱོང་གནང་ནས་དུས་མཚམས་གོང་མའི་ལས་དོན་གྱི་ལས་འགན་ཕྱོགས་སྡོམ་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ། ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྩ་འཛུགས་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་ཡོད་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག འདི་ལོ་ཚུན་དུ་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། འགོ་ཁྲིད་ཚོགས་ཆུང་གི་ལས་ཀའི་བླང་བྱ་གཞིར་བཟུང་། ཁྲོམ་ར་ཅན་གྱི་ལས་ཞུགས་ཁ་ཕྱོགས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་པ་དང་། ལས་གནས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། གནད་སྨིན་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་ནན་དུ་གཏོང་བ། མཐོ་སློབ་སློབ་ཐོན་སློབ་མའི་ཐབས་ལམ་མང་བའི་ཁྲོམ་རའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས། ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་རྣམ་པ་གསར་པ་དང་། འཕེལ་རིམ་གསར་པ། ཕན་འབྲས་བཟང་པོ་བཅས་ཐོན་ཡོད་ཅེས་གསུངས་པ་རེད།

    ཚོགས་འདུའི་ཐོག ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དམངས་འཚོའི་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་དང་། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་དངོས། མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དེ་བས་མང་བ་ཐོབ་པ་དང་། བདེ་སྐྱིད་ཚོར་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཐུབ་པ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་བཅས་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། གཞོགས་འདེགས་དམ་ཚགས་དང་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཁག་གི་ལས་དོན་ཡག་པོ་སྒྲུབ་དགོས། ས་ཁུལ་དང་གྲོང་ཁྱེར་གྱི་བྱེད་པོའི་འགན་འཁྲི་དང་ལས་རིགས་སྡེ་ཚན་གྱི་ལས་འགན་གཙོ་བོ་སྔར་བས་ནན་དུ་བཏང་ནས་འགན་འཁྲི་ཁ་གསལ་དང་། བྱ་ཐབས་ནུས་ལྡན། འགན་ལེན་ནུས་ལྡན་བཅས་ཀྱི་དོན་འཁྱོལ་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ལྟ་སྐུལ་གྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། མིག་སྔ་དང་ཕུགས་ལ་སྤྱི་འདོམས་དང་། དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ནས་སྔ་སྣུར་དུ་ཇུས་འགོད་ཡག་པོ་བྱས་ཏེ། 2022ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་སླར་ཡང་གྲུབ་འབྲས་གསར་པ་གཏོད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།