དབུ་ཤོག>སྲིད་དོན།
  • ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་སྐྱེ་ཁུངས་ལྷ་ས་ནས་ཡིན་པའི་བྱ་དགའ་ཐོབ་མཁན་ལུས་རྩལ་པར་གཟེངས་བསྟོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2021-11-03

    ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་ཆེད། ཟླ་11ཚེས་1ཉིན་གྱི་ཕྱི་དྲོ། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་སྐྱེ་ཁུངས་ལྷ་ས་ནས་ཡིན་པའི་བྱ་དགའ་ཐོབ་མཁན་ལུས་རྩལ་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་གོང་འོག་ཚང་མར་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོར་རྒྱ་ཁྱབ་ངང་ཞུགས་པ་དང་ལུས་རྩལ་སྟོབས་ཆེའི་གྲོང་ཁྱེར་འཛུགས་རྒྱུར་རམ་འདེགས་བྱེད་པའི་རྣམ་པ་ཟབ་མོ་བཏོད་ཡོད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ་མ་ཟད་བྱ་དགའ་ཡང་སྤྲད་གནང་བ་རེད།

    ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་སྒོར་སྒོར་གྱིས《རང་གྲོང་ཁྱེར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པར་ཞུགས་ནས་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་ལ་གཟེངས་བསྟོད་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གཏན་འབེབས》སྒྲོག་སྦྱངས་གནང་བ་རེད།

    རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཐོག་སྐྱེ་ཁུངས་ལྷ་ས་ནས་ཡིན་པའི་ལུས་རྩལ་པས་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དང་། ཨོ་ལིམ་ཕིག་གི་སྙིང་སྟོབས། ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་བ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྷག་བསམ་རྣམ་དག་གིས་མཐུན་སྒྲིལ་དང་། ནུས་རྩལ་ཆེ་བའི་ཁ་གཏད་ལ་དཔའ་མི་ཞུམ་པ། སྙིང་རུས་ཆེན་པོས་བརྩོན་ལེན། འབད་འབུངས་ཆེན་པོས་སྔོན་ཐོན་བརྩོན་ལེན་བཅས་བྱས་པས་སྐྱེས་པའི་སྨི་5000དང་སྨི་10000གི་རྒྱང་རྒྱུག་རྣམ་གྲངས་ཀྱི་ཨང་དང་པོ་གཉིས་དང་རྟ་རྩལ་རྣམ་གྲངས་གསུམ་གྱི་ཚོགས་པའི་ཨང་དང་པོ་བླངས་པའི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ནས་ལྷ་ས་གྲོང་ཁྱེར་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད། སྔོན་ཐོན་ལ་གཟེངས་བསྟོད་དང་དཔེ་མཚོན་གཏོད་ནས་རྒྱ་ཆེའི་ལུས་རྩལ་པ་དང་ལུས་རྩལ་གྱི་ལས་དོན་པ་ཡོངས་ཀྱིས་འབད་བརྩོན་ཧུར་ཐག་བྱས་ནས་མེས་རྒྱལ་དང་། བོད་ལྗོངས། ལྷ་ས་བཅས་ལ་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བྱ་རྒྱུའི་སྐུལ་ལྕག་བྱ་ཆེད། 《བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ་དང་། རྩལ་འཁྲིད་པ། དེ་བཞིན་འབྲེལ་ཡོད་མི་སྣ་བཅས་རྒྱལ་སྤྱིའི་འགྲན་བསྡུར་དང་། རྒྱལ་ཡོངས་ཀྱི་འགྲན་བསྡུར། རང་སྐྱོང་ལྗོངས་ཀྱི་འགྲན་བསྡུར་བཅས་ནང་ཞུགས་པའི་བྱ་དགའ་སྤྲོད་ཐབས》ལ་གཞིགས་ཏེ་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ལུས་རྩལ་པ་སྟོབས་རྒྱལ་དང་སྤེན་པ་ཚེ་རིང་དང་། རྩལ་འཁྲིད་པ་སྐལ་བཟང་ཚེ་རིང་དང་བསྟན་འཛིན་ལ་གཟེངས་བསྟོད་བྱ་དགའ་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

    ཚོགས་འདུའི་ཐོག་ཡན་ཅིན་ཧའེ་དང་སྒོར་སྒོར་གྱིས་གཟེངས་བསྟོད་ཐོབ་མཁན་ལུས་རྩལ་པ་དང་རྩལ་འཁྲིད་པར་བྱ་དགའི་དངུལ་དང་གཟེངས་བསྟོད་རྟགས་མ་གནང་བ་མ་ཟད་ལྷན་དུ་དྲན་རྟེན་པར་ཡང་བསྐྱོན་ཞིང་། བྱ་དགའ་ཐོབ་མཁན་བློ་མཐུན་ལས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་ཀྱིས་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་འགོ་འཛུགས་ས་གསར་པའི་ཐོག་གྲུབ་འབྲས་གསར་པ་དེ་བས་ཆེ་བ་རྒྱུན་ཆད་མེད་པར་གཏོད་རྒྱུའི་ཐུགས་རེའང་གནང་བ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།