ཁྲེན་ཡུང་ཆི། ཕོ། རྒྱ་རིགས། 1967ལོའི་ཟླ་11པར་སྐྱེས། འབུམ་རམས་ཞིབ་འཇུག་སློབ་མ། ཀྲུང་གུང་ཏང་ཡོན། ད་ཆ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་པུའི་པུའུ་ཀྲང་། ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས་བཞིན་ཡོད། དེ་སྔ་ཧྲན་ཤིས་ཞིང་ཨུད་སྲིད་ཇུས་ཞིབ་འཇུག་ཁང་བཟོ་ལས་ཁྲུའི་ཁྲུའུ་ཁྲང་གཞོན་པ་དང་། ཁྲུའུ་ཀྲང་། ནོར་སྲིད་ཚོང་དོན་ཁྲུའི་ཁྲུའུ་ཀྲང་། ཀྲུའུ་རེན་གཞོན་པ། ཞིང་ཆེན་སྲིད་གཞུང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་ཞིབ་འཇུག་ཁང་གི་ཀྲུའུ་རེན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དང་། དྲུང་ཆེ། གཞུང་དོན་ཐིང་ཏང་ཙུའི་ཧྲུའུ་ཅི། དབྱང་ཆོན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལས་ཚབ་ཧྲི་ཀྲང་། ཧྲི་ཀྲང་། གྲོང་ཨུད་ཀྱི་ཧྲུའུ་ཅི། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དང་ཧྲེང་ཀྲང་གཞོན་པ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་སོགས་ཀྱི་འགན་བཞེས་མྱོང་།