དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-30

    ཚེས་27ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སར་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་བརྟག་ཞིབ་གནང་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་གྱི་བླང་བྱ་གཞིར་བཟུང་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ་དང་འགན་འཁྲི་ནན་དུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མར་སྤུས་ཚད་དེ་བས་མཐོ་བ་དང་དེ་བས་ལེགས་པའི་ལས་ཞུགས་ཐུབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་མཉམ་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་གཅིག་འཐུས་རྣམ་པའི་ཞབས་ཞུའི་ལྟེ་གནས་དང་། “སྣེའུ་སྦྲང་ཚང+ལས་གཏོད་ལྟེ་གནས”སོགས་སུ་ཡན་ཅིན་ཧའེ་ཡིས་ལས་ཞུགས་ཞབས་ཞུ་དང་ལས་གཏོད་མཛུབ་ཁྲིད་སོགས་ཀྱི་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། གཞོན་ནུ་ལས་གཏོད་པ་དང་སྤེལ་རེས་ཡང་ཡང་གནང་ནས་ཚང་མར་ཡིད་ཆེས་བརྟན་དུ་གཏོང་བ་དང་འཇོན་ཐང་ནུས་པ་ཆེ་རུ་བཏང་སྟེ་ཁེ་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ་དང་ཁྱད་ཆོས་ལྡན་པ་བྱས་ནས་མི་དེ་བས་མང་བར་ཁྲོམ་རའི་ལས་ཞུགས་བརྒྱུད་མི་ཚེའི་རིན་ཐང་མངོན་པ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཡན་ཅིན་ཧའེ་ཡིས་མི་གཅིག་ལས་ཞུགས་ཐུབ་ཚེ་ཁྱིམ་ཚང་གཅིག་གི་ཡོང་འབབ་མང་དུ་འགྲོ་བ་དང་སྤྱི་ཚོགས་ཀྱང་བརྟན་ལྷིང་ཡོང་ཐུབ། ལྗོངས་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་ལས་ཞུགས་བརྟན་པོ་དང་རྒྱ་ཆེར་གཏོང་བ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ལས་ཞུགས་བོད་སྐྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་དེ་བས་ཆེ་རུ་གཏོང་བ་དང་། ལས་གནས་ཀྱི་གྲངས་འབོར་མང་དུ་གཏོང་བ། མི་དང་ལས་གནས་འཚམས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁྱིམ་ཚང་དབུལ་པོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཁྱིམ་ཚང་དབུལ་པོར་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ལས་ཞུགས་དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། དྲིལ་བསྒྲགས་ཁྲིད་སྟོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སློབ་མ་དང་ཁྱིམ་ཚང་ལ་ཡང་དག་པའི་ལས་ཞུགས་ལས་འདེམས་ཀྱི་ལྟ་བ་འཛུགས་རོགས་བྱས་ཏེ་ལས་ཞུགས་ལས་གཏོད་ཀྱི་མཛུབ་ཁྲིད་ཞབས་ཞུའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། གནས་ཚུལ་གསར་པར་རྒྱུན་ཆད་མེད་པར་ཞིབ་འཇུག་དང་། ཉམས་མྱོང་གསར་པ་ཕྱོགས་སྡོམ། གནད་དོན་གསར་པ་ཐག་གཅོད་བཅས་བྱས་ཏེ་ལས་ཞུགས་ལས་གཏོད་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་དགོས། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྐྱེད་སྲིང་དང་འཕེལ་བ་བཅས་བྱས་ནས་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།