དབུ་ཤོག>སྲིད་དོན།
  • ལུས་རྩལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་ལུས་རྩལ་པ་ཚོའི་འབད་འཐབ་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མི་རིགས་ཁག་གི་མི་དམངས་ཀྱི་འབད་འཐབ་ཀྱི་སྤྲོ་སེམས་འཕེལ་བར་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2021-10-28

    1227555_yis_1635350400000_s.jpg

    ཟླ་10ཚེས་26ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཐོག་བོད་ཀྱི་བྱ་དགའ་ཐོབ་མཁན་ལུས་རྩལ་པ་དང་རྩལ་ཁྲིད་པ་དང་དེ་བཞིན་ལས་དོན་མི་སྣར་མཇལ་འཕྲད་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ཚང་མར་ཕྱག་བཏང་ནས་བྱམས་བརྩེའི་བཀའ་མོལ་གནང་བཞིན་པ།

    ཟླ་10ཚེས་26ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཐོག་བོད་ཀྱི་བྱ་དགའ་ཐོབ་མཁན་ལུས་རྩལ་པ་དང་རྩལ་ཁྲིད་པ་དང་དེ་བཞིན་ལས་དོན་མི་སྣར་མཇལ་འཕྲད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི། ཅང་ཅེ། ལིའུ་ཅང་། དབང་ཧའེ་ཀྲོའུ། ལྕགས་རྭ་བློ་བཟང་བསྟན་འཛིན་བཅས་མཇལ་འཕྲད་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    མཇལ་འཕྲད་གནང་སར་ཝང་ཅུན་ཀྲེང་གིས་ཚང་མར་ཕྱག་བཏང་བ་དང་བྱམས་བརྩེའི་བཀའ་མོལ་གནང་བ་དང་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་དེ་བཞིན་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་ཞུས་ནས་བྱ་དགའ་ཐོབ་མཁན་ལུས་རྩལ་པ་དང་རྩལ་ཁྲིད་པ་དང་དེ་བཞིན་ལས་དོན་མི་སྣར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་མཇུག་འགྲིལ་མ་ཐག་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཐོག་རང་ལྗོངས་ཀྱི་ལུས་རྩལ་པར་རྩལ་འགྲན་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་3དང་། དངུལ་གྱི་རྟགས་མ་1 ཟངས་ཀྱི་རྟགས་མ་2བཅས་ཐོབ་པ་དང་། མང་ཚོགས་རིགས་ཀྱི་འགྲེམས་འཁྲབ་རྣམ་གྲངས་ལ་བྱ་དགའ་རིམ་པ་གསུམ་པ་2ཀྱི་ཕུལ་བྱུང་གྲུབ་འབྲས་ཐོབ་པ། “རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ལུས་རྩལ་ཀུན་སྤྱོད་དར་སྲོལ་བྱ་དགའ”རག་སྟེ་འགྲན་བསྡུར་གྱི་གྲུབ་འབྲས་དང་ལུས་རྩལ་ཀུན་སྤྱོད་དར་སྲོལ་གཉིས་ཀར་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ནས། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་མཐུན་སྒྲིལ་འབད་འཐབ་དང་དཔའ་ངར་ཆེར་སྐྱེད་ཀྱིས་བརྩོན་ལེན་བྱེད་པའི་སྙིང་སྟོབས་མངོན་པ་མ་ཟད། རང་ལྗོངས་ལ་གཟི་བརྗིད་མཚན་སྙན་བརྩོན་ལེན་བྱས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཆེད་དང་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལུས་རྩལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུས་རྩལ་ལས་དོན་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྩལ་འགྲན་ལུས་རྩལ་དང་དམངས་ཡོངས་ལུས་སྦྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རང་ལྗོངས་ཀྱི་རྩལ་འགྲན་ལུས་རྩལ་གྱི་སྟོབས་ཤུགས་དང་དམངས་ཡོངས་ལུས་སྦྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། བོད་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། ལུས་རྩལ་ལས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་འབད་འཐབ་ཀྱི་སྤྲོ་སེམས་འཕེལ་ཐུབ་པས། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ་དང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་སྐོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ལུས་རྩལ་བྱ་གཞག་དེ་རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལས་དོན་ནང་བཞག་ནས་སྐུལ་འདེད་གཏོང་དགོས་པ་དང་། ལུས་རྩལ་དེ་རྒྱལ་ཁབ་ཀྱི་དོན་དུ་གཟི་བརྗིད་བརྩོན་ལེན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ལ་གཟི་བརྗིད་སྣོན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཀྱི་གཞི་རྟེན་གལ་ཆེན་ལ་བརྩིས་ནས་མང་ཚོགས་ཀྱི་ལུས་རྩལ་དང་། རྩལ་འགྲན་ལུས་རྩལ། ལུས་རྩལ་ཐོན་ལས། ལུས་རྩལ་རིག་གནས་བཅས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་རང་ལྗོངས་ཀྱི་ལུས་རྩལ་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྔར་བས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། ཉམས་མྱོང་ཕྱོགས་སྡོམ་དང་ཡང་འབད་བསྐྱར་འབད་ཀྱིས་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ལུས་རྩལ་གྱི་སྙིང་སྟོབས་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”“ལམ་གཉིས”ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་ཤུགས་ཆེན་གཏོང་བ། རྩལ་འགྲན་ལུས་རྩལ་ལ་བརྟེན་ནས་དམངས་ཡོངས་ལུས་སྦྱོང་ལ་སྐུལ་འདེད་གཏོང་བ། ལུས་རྩལ་པའི་འབད་འཐབ་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ལུས་རྩལ་གྱི་སྙིང་སྟོབས་ལ་བརྟེན་ནས་མི་རིགས་ཁག་གི་བུ་ཕྲུག་ཚོའི་འབད་འཐབ་ཀྱི་སྤྲོ་སེམས་འཕེལ་བར་བྱེད་པ། རང་ལྗོངས་ཀྱི་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    བྱ་དགའ་ཐོབ་མཁན་ལུས་རྩལ་པ་དང་རྩལ་འཁྲིད་པའི་འཐུས་མིས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བྱམས་བརྩེའི་ཐུགས་ཁུར་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་དེ་ལུས་རྩལ་སྟོབས་ཆེའི་ལྗོངས་དང་བདེ་ཐང་བོད་ལྗོངས་སྐྲུན་པའི་སྒུལ་ཤུགས་ཆེན་པོ་དང་ཞིབ་ཕྲའི་བྱ་སྤྱོད་དུ་བསྒྱུར་ནས། ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་གྲུབ་འབྲས་བཟང་པོ་སླར་ཡང་བཏོད་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།