དབུ་ཤོག>སྲིད་དོན།
  • ཅང་ཅེས་ཉིང་ཁྲི་གྲོང་ཁྱེར་གྱི་ཁྱད་ལྡནཐོན་ལས་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-20

    ཉེ་དུས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་སྟེ། སྨན་གླིང་གནམ་གྲུ་ཐང་གི་ཧྭ་ཧྥ་ཟོག་འགྲེམས་ཐོན་ལས་གླིང་དང་། ཆབ་ནག་ཤང་གི་ཁོའི་ཤིན་ཞིང་ལས། ཉི་མ་དམར་པོའི་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་ར་སོགས་སུ་ཕེབས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་གཟིགས་པ་དང་། ཁེ་ལས་འཕེལ་རྒྱས་དང་ཞིང་འབྲོག་པ་དང་སློབ་གྲྭ་ཆེ་མོ་བ་ལས་ཀར་བསྡུས་པ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས། ཁེ་ལས་ཀྱིས་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུའི་ཐད་བྱེད་ཐབས་དང་ཐབས་ཤེས་བཏོན་གནང་བ་དང་བསམ་ཕྱོགས་གསལ་བཟོ་གནང་ཡོད།

    ཅང་ཅེས་གྲོང་གསེབ་དར་རྒྱས་གཏོང་བར་ཐོན་ལས་ནི་འགག་རྩ་ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། འགྲིམ་འགྲུལ་གྱི་ཁུལ་གནས་སོགས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་ཆགས་པར་བྱེད་པ་བཅས་བྱས་ནས། ཡུལ་བབ་དང་བསྟུན་ཏེ་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས། གླིང་གིས་སྣེ་ཁྲིད་པ་དང་གསར་དར་ཞིང་ལས་ཀྱི་གཉེར་སྐྱོང་བྱེད་པོས་དཔེ་སྟོན་སོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཁེ་ཕན་གྱི་སྦྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། རྫོང་ཁོངས་ཀྱི་དཔལ་འབྱོར་དང་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ“གཉིས་འཕར”ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།