དབུ་ཤོག>སྲིད་དོན།
  • ལིའུ་ཅང་གིས་རང་སྐྱོང་ལྗོངས་ཀྱི་གཞི་རིམ་གྱི་ཁུར་པོ་ཡང་གཏོང་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2021-10-16

    ཚེས་14ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་གིས་རང་སྐྱོང་ལྗོངས་ཀྱི་གཞི་རིམ་གྱི་ཁུར་པོ་ཡང་གཏོང་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་སྟེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་དང་ལྷུག་ཏུ་རྒྱུན་མཐུད་བཏང་ནས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་དེ་བས་ལེགས་པའི་སྒོ་ནས་ངར་ཤུགས་སྒྲིམ་པ་དང་། གདོང་མཆོང་ཕོད་པ། ལུས་ཚུགས་ཐུབ་པ་བཅས་ཀྱིས་དོན་འཁྱོལ་ལ་དམ་འཛིན་དང་བྱས་རྗེས་གསར་པ་འཇོག་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་གིས། འབེན་གཏད་གསོ་བཅོས་མཐའ་འཁྱོངས་ཀྱིས་དུས་ཐོག་ཏུ་རྩིས་རྒྱག་པ་དང་རྩིས་ཁྲ་བསྡུར་བ་དང་། ཚོགས་ཡིག་གཉིས་བསྡུས་ཀྱི་གཏན་འབེབས་བརྟན་སྲུང་། ལྟ་སྐུལ་དང་། ཞིབ་བཤེར། བརྟག་ཞིབ་བཅས་ཀྱི་བྱེད་སྒོ་སྤྱི་འདོམས་ཚད་ལྡན་དུ་གཏོང་བ། འདི་ལོའི་ཁུར་པོ་ཡང་གཏོང་ལས་དོན་གྱི་འགག་སྒྲོལ་དམག་འཐབ་དང་འགོག་རྒོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ་ཐོབ་ཟིན་པའི་གྲུབ་འབྲས་སྟོང་ཟད་དུ་གཏོང་མི་རུང་། ཆེད་དོན་བཅོས་སྒྲིག་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ནས་མཛུབ་སྒུལ་གྱི་ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་བྱེད་པ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཁུར་པོ་མུ་མཐུད་ཡང་དུ་གཏོང་བ། སློབ་གསོའི་ཁྱབ་ཁོངས་ཀྱི་ཁུར་པོ་ཡང་གཏོང་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁུར་པོ་ཡང་གཏོང་གི་ཕན་འབྲས་ཆེ་རུ་ཧུར་ཐག་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དོན་འཁྱོལ་གྱི་འགན་འཁྲི་ནན་ཏུ་གཏོང་བ། སྐུལ་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ། ཚད་གཞི་དམའ་རུ་མི་གཏོང་བ་དང་། ལམ་སྲོལ་ལ་འགྱུར་བ་མི་གཏོང་བ། ནུས་ཤུགས་ཆུང་དུ་མི་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་གཞི་རིམ་གྱི་ཁུར་པོ་ཡང་གཏོང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།