དབུ་ཤོག>སྲིད་དོན།
  • ཅང་ཅེས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2021-10-11

     ཚེས་8ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། འབྲེལ་ཡོད་ཚན་པ་ཁག་གི་ལས་དོན་སྤེལ་ཚུལ་གསན་པ་དང་། དུས་མཚམས་གོང་མའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཕྱོགས་སྡོམ་དབྱེ་ཞིབ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་རིམས་ནད་དུས་བབ་ལ་བརྡར་གཅོད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    ཅང་ཅེས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གོ་རིམ་ལྡན་ཞིང་བརྟན་པ་དང་སྤྱི་ཡོངས་ཚོད་འཛིན་ཐུབ་པ་ཞིག་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་དང་ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་པ་མ་ཟད། བག་གཡེང་གི་བསམ་བློ་དང་། སྟེས་དབང་གི་སེམས་ཁམས། ལྷོད་གཡེང་གི་བསམ་བློ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱས་ཐོག ཚན་རིག་དང་མཐུན་ལ་གནད་སྨིན་དང་འགོ་མཇུག་གཟབ་འཁྱོངས་བཅས་ཀྱི་ཐོག་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རིམས་ནད་བསྐྱར་ལོག་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད།

    ཅང་ཅེས། རིམས་ནད་ག་དུས་ཡིན་ཡང་བསྐྱར་ཐོན་དང་ཐ་ན་བསྐྱར་ལོག་བྱེད་སྲིད་པས། རྨོངས་ཚོད་ཀྱི་སྤྲོ་སྣང་དང་ཧོལ་རྒྱུག་གཏན་ནས་བྱེད་མི་རུང་། གཙོ་གནད་མི་ཚོགས་ལ་གྲལ་བཤེར་དང་ལྟ་ཞིབ་ཚད་ལེན་རང་འགུལ་ངང་ཡག་པོ་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་གྲང་ཕྲེང་དང་ནང་འདྲེན་བཟའ་བཅའི་དུག་སེལ་དང་སྔོན་འགོག་ཚོད་འཛིན་ཐད་དམ་འཛིན་ཡག་པོ་བྱས་ནས“རིམས་ནད་ཕྱི་ནས་མ་འགོ་བ་བྱེད་པའི”འགག་སྒོ་མུ་མཐུད་ནན་པོ་སྲུང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རིམས་ནད་ཚོད་འཛིན་སྡེ་ཚན་དང་སྨན་བཅོས་སྒྲིག་གཞི་སོགས་གཙོ་གནད་ས་ཆ་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ། མངོན་མེད་རྐྱེན་ངན་གྱི་ཉེན་ཁ་ཡོད་སར་སྔར་བས་གྲལ་བཤེར་དང་ཐག་གཅོད་བྱེད་པ། ལས་དོན་པའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་སྒྲིག་བཀོད་དང་སྒྲིག་སྦྱོར་འཐུས་སྒོ་ཚང་དུ་གཏོང་བ། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་ནུས་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ། ཕན་འབྲས་དེ་བས་ཆེ་བའི་ཁ་གཏད་ཐག་གཅོད་བྱེད་སྟངས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།