དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གསུམ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-10

    བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཆེ་དགྲ་ལྷ་ཡི་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་གོ་གནས་དགོངས་ཞུའི་རེ་ཞུ་དང་ལེན་བྱས་པ།

    ཡན་ཅིན་ཧའེ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱ་རྒྱུ་དང་བོད་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞིར་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་པ།

    ཟླ་10ཚེས་8ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གསུམ་པ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གསུམ་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆིས་གནང་བའི་མི་དོན་དོན་གནད་སྐོར་གྱི་གསལ་བཤད་གསན་པ་རེད། ཆེ་དགྲ་ལྷ་ཡི་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་གོ་གནས་དགོངས་ཞུའི་རེ་ཞུ་དང་ལེན་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཐོག ཡན་ཅིན་ཧའེ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱ་རྒྱུ་དང་བོད་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞིར་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་པ་མ་ཟད། ཡན་ཅིན་ཧའེ་ལ་བསྐོ་གཞག་ཡི་གེ་ཡང་སྤྲད་པ་རེད།

    ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་ཁོངས་མི་དང་ངོ་འཕྲད་གནང་བ་དང་སྦྲགས། རྣམ་འགྱུར་མཚོན་པའི་གཏམ་བཤད་ཀྱང་གནང་བ་རེད། ཁོང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག ང་རང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞིར་བསྐོ་གཞག་གི་གཏན་འབེབས་གནང་བ་འདིར་རྩ་འཛུགས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་འདུས་ཡོད་ལ། མི་རིགས་ཁག་གི་མི་དམངས་ཁྲི་ཚོ་360ཡི་ཡིད་ཆེས་དང་རེ་སྒུག་གིས་ཕྱུག་པས། རང་ཉིད་ལ་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་། ངས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་སྲིད་གྲོས་ཀྱི་ལྟ་སྐུལ་ནུས་ལྡན་དང་སྤྱི་ཚོགས་ལས་རིགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་དང་རོགས་རམ་འོག སྲིད་གཞུང་གི་ཚན་ཁག་གཅིག་གི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་སེམས་ནུས་ཡོད་རྒུ་འདོན་པ་དང་ལས་ཀ་ཧུར་ཐག་བྱས་ཏེ། མུ་མཐུད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་རྒྱུར་དམ་འཛིན་ལྷོད་མེད་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་དོན་འཁྱོལ་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཚོགས་འདུ་མཇུག་འགྲིལ་རྗེས། ཡན་ཅིན་ཧའེ་ཡིས་རྩ་ཁྲིམས་ཀྱི་མདུན་དུ་གཟི་བརྗིད་ལྡན་པའི་དམ་བཅའ་བཞག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།