དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ཅི་ལིན་ཞིང་ཆེན་གྱི་བོད་སྐྱོད་རྟོག་ཞིབ་ཚོགས་ཆུང་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-05

    ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཅི་ལིན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཅི་ལིན་ཞིང་ཨུད་ཀྱི་ཀྲུའུ་རེན་ཨུ་ཡོན་ཀུའོ་ནའེ་ཧྲུའོ་ཡིས་སྣེ་ཁྲིད་གནང་བའི་ཅི་ལིན་ཞིང་ཆེན་གྱི་བོད་སྐྱོད་རྟོག་ཞིབ་ཚོགས་ཆུང་བཅས་པ་དང་བཞུགས་མོལ་གནང་ནས་སློབ་གསོའི་བོད་སྐྱོར་ལས་དོན་སྔར་བས་གཏིང་ཟབ་སྤེལ་རྒྱུའི་སྐོར་ལ་སྤེལ་རེས་གཏིང་ཟབ་གནང་བ་རེད།

    ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཏུའུ་ཅན་ཀུང་ཕེབས་ཡོད་པ་རེད།

    ཀྲོང་ཡན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་དང་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་བཅས་ཀྱི་ཚབ་ཞུས་ནས་ཅི་ལིན་ཞིང་ཆེན་གྱི་བོད་སྐྱོད་རྟོག་ཞིབ་ཚོགས་ཆུང་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་དང་། ཅི་ལིན་ཞིང་ཨུད། ཞིང་ཆེན་སྲིད་གྲོས། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཅི་ལིན་ཞིང་ཨུད། དེ་བཞིན་བྱང་ཤར་དགེ་འོས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་བཅས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཀྲོང་ཡན་གྱིས་ད་ཐེངས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་དང་ཅི་ལིན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཅི་ལིན་ཞིང་ཨུད་དང་བྱང་ཤར་དགེ་འོས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་གིས་མཉམ་འབྲེལ་ཐོག་གྲོང་གསེབ་ཀྱི་སློབ་གསོ་དར་རྒྱས་གཏོང་བའི“1+1ཟབ་གཏོང་འཆར་གཞིའི”ཆེད་དོན་བྱེད་སྒོ་སྤེལ་ནས་གཞིས་རྩེ་གྲོང་ཁྱེར་རོགས་སྐྱོར་ཚན་པར་བརྩིས་ཏེ་སློབ་ཚན་ཁྲིད་པ་དང་སྤེལ་རེས་སོགས་ཀྱི་རྣམ་པ་བརྒྱུད་གྲོང་གསེབ་དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་དང་སློབ་གྲྭའི་དོ་དམ་ལ་སྐུལ་འདེད་བཏང་བས་རང་ལྗོངས་ཀྱི་རྨང་གཞིའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ངེས་རེད་ཅེས་མཛུབ་སྟོན་གནང་བ་རེད།

    ཀུའོ་ནའེ་ཧྲུའོ་ཡིས“1+1ཟབ་གཏོང་འཆར་གཞིའི”གནས་ཚུལ་དང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཅི་ལིན་ཞིང་ཨུད་ཀྱི་ལས་དོན་ངོ་སྤྲོད་གནང་ཞིང་། ཁོང་གིས་ད་ཐེངས་བོད་དུ་རྟོག་ཞིབ་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག་བོད་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་། བྱ་གཞག་ཁག་དང་ལྷག་པར་དུ་སློབ་གསོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། ཞིང་འབྲོག་ཁུལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་བ་མཐོང་བྱུང་བས་སློབ་གསོ་གཏིང་ཟབ་དང་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཅི་ལིན་ཞིང་ཆེན་སྲིད་གྲོས་དང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཅི་ལིན་ཞིང་ཨུད་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།