དབུ་ཤོག>སྲིད་དོན།
  • ཉིང་ཁྲི་གྲོང་ཁྱེར་གྱིས་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-30

    ཟླ་9ཚེས་27ཉིན། ཉིང་ཁྲི་གྲོང་ཁྱེར་གྱིས་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་བློ་མཐུན་མཱ་ཧྲེང་ཁྲང་གིས་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་འགན་མི་འཁུར་རྒྱུ་དང་། བློ་མཐུན་ཨའོ་ལིའུ་ཆོན་གྱིས་ཉིང་ཁྲི་གྲོང་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་གཅིག་ལྕོགས་འཁུར་རྒྱུ། བློ་མཐུན་དབང་འདུས་ཀྱིས་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ཨུ། ཨུ་ཡོན། སྲིད་གཞུང་གི་ཧྲི་ཀྲང་བཅས་ཀྱི་འགན་མི་འཁུར་རྒྱུ། བློ་མཐུན་པ་ཐར་གྱིས་ཉིང་ཁྲི་གྲོང་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་གཅིག་ལྕོགས་འཁུར་རྒྱུ་དང་སྲིད་གཞུང་གི་ཧྲི་ཀྲང་གི་བདམ་བྱའི་འོས་མིར་མིང་འདོན་བྱ་རྒྱུ་བཅས་ཀྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད། 

    ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མངགས་བཅོལ་ལྟར་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མཱ་ཧྲེང་ཁྲང་གིས་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་བ་རེད།

    ཨའོ་ལིའུ་ཆོན་དང་། དབང་འདུས། པ་ཐར་བཅས་ཀྱིས་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ཐོག་གཅིག་གྱུར་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། ཏང་གཤིས་ཀྱི་བླང་བྱ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་རང་བཞིན་བཅས་ཀྱི་ཐོག་ནས་ལས་དོན་ཡག་པོ་བསྒྲུབས་ཏེ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་སྟེ།

    གཅིག་ནས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱེད་དགོས། ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་ཆབ་སྲིད་ཀྱི་རྩ་བའི་སྒྲིག་ལམ་ལ་བརྩིས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་བྱེད་ལུགས་མཚོན་པར་བྱེད་དགོས།

    གཉིས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གསར་ཤོས་ཀྱི་དགོངས་དོན་དུས་ཐོག་ཏུ་སློབ་སྦྱོང་བྱེད་པ། སྦྱོང་སྤྱོད་ཟུང་འབྲེལ་དང་སྦྱངས་པ་གོ་ཆོད་མཐའ་འཁྱོངས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་འབད་འཐབ་ཆེན་པོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་འགྱུར་བ་བྱེད་དགོས།

    གསུམ་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཉིང་ཁྲི་གསར་པ་བསྐྲུན་པར་ཤུགས་སྣོན་རྒྱག་དགོས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། མཛེས་སྡུག་ལྡན་པའི་ཉིང་ཁྲི་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཟབ་ཏུ་གཏོང་དགོས།

    བཞི་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ་ཉིང་ཁྲིའི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་ནུས་ལྡན་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོཌ་ལག་བསྟར་བྱེད་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་ཏན་བྱེད་པ། ཚན་ཁག་གི་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་གཏོད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།